དུངས་སེམས་གཞོན་ནུ་འགུག་པའི་ལྕགས་ཀྱུ།
དུངས་སེམས་གཞོན་ནུ་འགུག་པའི་ལྕགས་ཀྱུ།
མཐོ་འབྲིང་དང་བོའི་འཛིན་གྲྭ་དང་བོ། གཡུ་རྡོ་རྗེ་ཚེ་བརྟན།
རབ་མཛེས་ཁང་བཟང་ལྷ་ཡི་ཞིང་ཁམས་སློབ་ར་སྐྱིད་པའི་དགའ་ཚལ་ནས།།
ཟླ་བྲལ་རིག་པའི་གནས་ལ་བརྩོན་པའི་སྐལ་ལྡན་རིག་པའི་སློབ་གྲོགས་ཚོ།།
རེ་བའི་ལག་ཟུང་སྙིང་ཀར་བཀོད་དང་སུམ་གཉིས་ས་ཡི་དཀྱིལ་འཁོར་ན།།
བཀྲ་ཤིས་རི་མོ་གཡས་སུ་འཁྱིལ་བའི་སྣ་ཚོགས་རིག་པའི་བང་མཛོད་ཡོད།།
རིག་པའི་གཤོག་རྩལ་རབ་ཏུ་རྩེན་པའི་མ་ཡུམ་སློབ་གྲྭའི་སྐྱེད་ཚལ་ན།།
བླ་མེད་ཤེས་བྱའི་གནས་ལ་སྦྱངས་པའི་བརྩོན་ལྡན་སྙིང་གི་གདུལ་བྱའི་ཚོགས།།
འདོད་པའི་ལག་ཟུང་མཁའ་རུ་བཏེགས་དང་གངས་ཅན་སཱ་ལའི་སྨན་ལྗོངས་ན།།
གཟུ་བོར་གནས་པའི་སྐད་དང་ཡི་གེར་འོད་ཟེར་སྟོང་ལྡན་འཕྲོས་ནས་ཡོད།།
ཕྲ་ཞིབ་རིག་པའི་དུང་སྒྲས་ཁེངས་པའི་རིག་པའི་སྐྱེད་ཚལ་ཡངས་པོའི་གཞིར།།
མང་ཐོས་རིག་པའི་གནས་ལ་བརྩོན་པའི་ན་ཚོད་མཉམ་པའི་སློབ་གྲོགས་ཚོ།།
རྒྱ་བོད་མཁས་པའི་རིག་པས་བརྩམས་པའི་ལེགས་བཤད་སྙིང་གི་བཀའ་སློབ་སོགས།།
མ་ཡུམ་སློབ་གྲྭའི་སྐྱེད་ཚལ་དབུས་ན་ལྷང་ལྷིང་དབྱངས་དང་བསྡེབས་ནས་ཡོད།།
དག་གཙང་རང་གཤིས་རྣལ་མ་སྲུང་བའི་མ་ཡུམ་སློབ་གྲྭའི་གླིང་ཀ་ན།།
དོན་ལྡན་འབྲས་བུར་བརྩོན་པ་བྱེད་པའི་སྙིང་མཐུན་སེམས་ཀྱི་སྤུན་གྲོགས་ཚོ།།
རིག་པའི་གླུ་དབྱངས་ཤུགས་ཀྱིས་ལོངས་དང་རིག་པའི་མ་མའི་སྣང་བའི་ངོར།།
གདུལ་བྱ་སྐྱོང་བའི་སེམས་པ་དཀར་པོ་གངས་རིའི་རྩེ་ནས་ལམ་ལམ་འབར།།
འཚེ་མེད་ཞི་བའི་གནས་ལ་སྦྱངས་སའི་རིག་པའི་སྐྱེད་ཚལ་ཆེན་པོ་ན།།
མ་འོངས་འཚོ་བའི་མདུན་ལམ་འཚོལ་བའི་བརྩེ་མཐུན་སྙིང་གི་སྤུན་གྲོགས་ཚོ།།
མཐུན་སྒྲིལ་ལག་ཟུང་དམ་དུ་སྦྲེལ་དང་གངས་ཅན་མ་མའི་སེམས་ངོ་ན།།
གངས་ཀྱི་བུ་ཕྲུག་སྐྱོང་བའི་ལྷག་བསམ་གངས་རིའི་ཁྱོན་ན་ལམ་ལམ་འཚེར།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com