དཔྱིད་ཀྱི་ཁ་བ།
དཔྱིད་ཀྱི་ཁ་བ།
མཐོ་འབྲིང་དང་བོའི་འཛིན་གྲྭ་དང་བོ། ཚེ་རིང་ལྷ་མོ།
དབྱིག་འཛིན་སྒེག་མོས་གྲང་ལྷགས་སྡུག་གི་ཁུར་བོ་ལྕི་མོ་ཕར་གཡུགས་ཏེ།།
སྐྱེ་དགུའི་དོན་དུ་ད་ཆ་མྱུར་དུ་སླེབས་ལ་ཉེ་བའི་མགྲོན་པོ་སྟེ།།
མཛེས་སྡུག་ཉམས་དགའི་དཔྱིད་དཔལ་བུ་མོར་དགའ་བའི་འཛུམ་གྱིས་བསུ་མ་བྱས།།
དུས་ཡུན་རིང་བོར་ཁ་ཆར་ཟེགས་མའི་གཙང་ཁྲུས་མ་ཐེབས་ས་གཞི་ལ།།
སྐྱེ་དགུ་སུ་ཡིས་རྟོགས་པར་མི་ནུས་སྟེས་དབང་ཞིག་གི་ལས་འབྲེལ་ལས།།
ད་རེས་ཁོ་མོར་བསིལ་ལྡན་ཁ་བའི་རོ་མངར་མྱོང་བའི་སྐལ་བ་བྱུང་།།
ཁ་བའི་མེ་ཏོག་འབྱམས་ཀླས་ས་གཞིར་རླུང་གིས་བསྐྱོད་ཅིང་ལྷབ་ལྷུབ་འབབ།།
སྐད་ཅིག་མ་ཡི་དུས་ཡུན་ཁྲོད་དུ་ནོར་འཛིན་སྒེག་མོའི་ཕང་བ་དེ།།
གཤོག་འགྱུར་རྩེན་པའི་ཁ་བས་བཀླུབས་པས་དཀར་བོ་དུང་གི་བཀྲག་མདངས་བཀྲ།།
ཀྱེ་མ་དེ་ནི་མིག་གི་དབང་བོར་ཚོར་འཕྲུལ་སྦྱིན་པའི་སྒྱུ་མཁན་གྱིས།།
སྐྱེ་དགུ་དགའ་སླད་སྒྱུ་མའི་འཕྲུལ་ཞིག་དངོས་སུ་བསྟན་དང་གཉིས་སུ་མེད།།
ཞོགས་པའི་ཉི་གཞོན་ཤར་རིའི་ཕྲག་ནས་དལ་བ་དལ་བུར་འཆར་བའི་ཚེ།།
ཚ་ཟེར་ཆེ་བའི་རྟ་བདུན་དབང་བོ་ས་གཞིར་དྲོད་ཁོལ་སྦྱིན་པར་བྲེལ།།
མཉེན་ལྕུག་ཡལ་གའི་མགོ་བོར་ཐོགས་པའི་དངུལ་དཀར་གཡུར་ཟའི་འབྲས་བུ་དེས།།
ཉི་ཟེར་གཞོན་ནུའི་ཚ་བ་མ་བཟོད་གདོང་ནས་རྔུལ་ཆུ་ཁྲོམ་ཁྲོམ་བཞུར།།
དྭངས་ཤིང་གསལ་བའི་རྔུལ་ཆུའི་ཐིགས་ཕྲེང་ས་ཡི་ཕང་བའི་རྩྭ་ལྗང་གིས།།
ཧུབ་ཀྱིས་འཐུང་ཞིང་དེ་མ་ཐག་ཏུ་ཕྲ་སྐྱེས་ལུས་ལ་སྐྱེ་སྟོབས་འབར།།
མཛེས་མ་དེ་ཡིས་རང་གི་ལུས་ཀྱི་འཇོ་སྒེག་ཉམས་འགྱུར་ངོམ་པའི་ཆེད།།
ཕྲག་དོག་མིག་གིས་དུང་མདོག་ཁ་བ་ས་ཡི་འོག་ཏུ་བརྫངས་པར་བྱེད།།
ཁ་བར་གནོང་འགྱོད་སྤུ་ཙམ་མེད་པར་འཕྲལ་མར་ས་ཡི་ཕང་བར་སིམ།།
མ་གཞིར་ཁོ་ཡི་སེམས་ཀྱི་འདུན་པ་འདི་ལས་ལྷག་པར་མ་མཆིས་སོ།།
ཀྱེ་མ་ཁ་བའི་རང་མདངས་འདི་ནི་ཇི་འདྲའི་དྭངས་ཤིང་གཙང་བ་ལ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com