དཔྱིད་ཀྱི་སྒྲ་དབྱངས།(གཞན་གཅིག)
དཔྱིད་ཀྱི་སྒྲ་དབྱངས།(གཞན་གཅིག)
དམའ་འབྲིང་གསུམ་པའི་འཛིན་གྲྭ་གསུམ་པ། སྒྲོལ་མ་སྐྱབས།
དཔྱིད་ཀྱི་སྒྲ་དབྱངས།
སྔོ་བསངས་དབྱིངས་སུ་དབྱར་སྐྱེས་རྔ་བོས་ངར་སྐད་སྒྲོག་ཚེ་རྨ་བྱ་དགའ་བས་སྒྲོ་གུར་ཕུབ།།
ཡངས་པའི་ཐང་ལ་མེ་ཏོག་བཞད་དུས་གཡུ་ཆུང་སྦྲང་མ་སྤྲིན་གྱི་ཚོགས་བཞིན་འཁོར་ཞིང་རྩེན།།
རྒྱ་རྫོང་ནགས་ནས་ཁུ་བྱུག་གྲགས་དུས་འཇོལ་མོ་དགའ་བས་གསུང་སྐད་སྙན་མོའི་དྲུག་འགྱུར་ངོམ།།
མཛེས་པའི་སྤང་ནས་རྟ་ཕོ་རྒྱུགས་ཚེ་བདག་གི་སེམས་པ་དགའ་བ་འབུམ་གྱིས་མྱོས་པར་གྱུར།།
དཔྱིད་ཀྱི་བུ་མོས་དུས་རབས་གསར་བའི་ཅོང་བརྡ་བསྒྲགས་ཚེ་རིགས་དྲུག་དགའ་བས་གླུ་དབྱངས་ལེན།།
ཕ་ཡུལ་གངས་ལྗོངས་གཡང་གི་ར་བའི་ངོ་མཚར་ལྟད་མོ་འདི་འདྲ་རེ་ཞིག་མཐོང་བའི་ཚེ།།
དུས་རབས་གསར་བའི་དཔྱིད་དཔལ་བུ་མོར་དུངས་པའི་སེམས་ནས་བསྟོད་པའི་ཤིས་ཚིག་འབུལ་བར་བྲེལ།།
སེམས་གཏིང་གི་རུ་སྡེ་སྨུག་པོ།
སྔོ་ལྗང་གི་རྩྭ་ཐང་།
མེ་ཏོག་གི་འཛུམ་མདངས།
ཕ་མ་ཡི་བྱམས་བརྩེ།
ཡོད་ཚད་ལ་གྱེས་ཕྱག་འབུལ་དུས།
སྐྱོ་གདུང་གི་མཆི་མ་འཁུར་ཚོས་ལས་འཐོར།
ངས་ཕྱིར་མིག་ཅིག་བལྟ་དུས།
ངའི་ཕ་ཡུལ་ན།
ནོར་གནག་གི་རྨིག་རྗེས་འདེད་པའི་སྤུན་ཟླ་ཡོད་ལ།
འདམ་རྫབ་ཀྱི་ལྷས་ར་འགྲིམས་པའི་སྲིང་ཆུང་ཡོད།
དུས་དེ་ནས་བཟུང་།
འདི་དག་ཡོད་ཚད་ནི་ངའི་སེམས་ཀྱི་རྨ་ཁ་རུ་གྱུར་སོང་ལ།
སྐྱ་ཐང་ཐང་གི་ངའི་ཕ་ཡུལ་འདི་ནི།
ངའི་སེམས་ཀྱི་སྐྱོ་བའི་སྙན་ངག་ཏུ་གྱུར་སོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com