ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་ཞིབ་འཇུག > མཚོ་སྔོན་སྟོང་སྐོར་རྫོང་དུ་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་རྩི་ཤིང་འོལ་མོ་སེ་གསར་དུ་རྙེད་པ།
མཚོ་སྔོན་སྟོང་སྐོར་རྫོང་དུ་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་རྩི་ཤིང་འོལ་མོ་སེ་གསར་དུ་རྙེད་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2026-06-25 08:35:55
ཀློག་གྲངས།:
ཉེ་ཆར། སྟོང་སྐོར་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ལས་བཟོ་པས་སྐྱེ་ཁམས་ལག་རྩལ་ཚོགས་པ་དང་མཉམ་དུ་རི་མགོར་སོང་ནས་ཐོན་ཁུངས་ལེབ་བཤེར་བྱེད་སྐབས། བློ་ཡུལ་ལས་འདས་པ་ཞིག་ལ་ཏུང་ཞ་ཞང་ལ་ཨེར་ཀོན་སྡེ་བའི་མཚོ་འཕགས་སྨི2800ནས3200བར་དུ་མཆིས་པའི་ལྡུམ་ཤིང་གི་ནགས་རྫུབས་ཤིག་ཏུ་རི་སྐྱེས་རྩི་ཤིང་ཆུང་ངུ་ཁྱད་པར་བ་ཞིག་རྙེད། ཆེད་མཁས་པས་དེར་ཞིབ་འབྱེད་ནན་མོ་བྱས་པ་བརྒྱུད་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་རྩི་ཤིང་འོལ་མོ་སེ་ཡིན་པ་གཏན་ཁེལ་བྱས།

པར་རིས་འདི་ནི་སྟོང་སྐོར་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས་མཁོ་འདོན་བྱས་པ་ཡིན།
རྒྱུས་ལོན་པ་ལྟར་ན། འོལ་མོ་སེ་ནི་རི་མཐོའི་རྩྭ་རིགས་རྩི་ཤིང་གི་ཁོངས་སུ་གཏོགས་པ་དང་། དེའི་རྩད་རྒྱུད་ཧ་ཅང་རྒྱས་ཤིང་ལོ་མའི་དབྱིབས་ནི་དམིགས་བསལ་བ་ཞིག་ཡིན་ལ་ཉིས་ཚེབ་ཏུ་ཕྱེ་བའི་རྣམ་པ་བཅས་མངོན། དཔྱིད་ཀར་མེ་ཏོག་གློ་ཁ་བཞད་ཅིང་། མེ་ཏོག་ལྷུང་རྗེས་དམར་མདངས་བཀྲ་བའི་ཁུ་ལྡན་ཤིང་ཏོག་ཆུང་ངུ་ཞིག་ཐོགས་སྲིད། འོལ་མོ་སེ་ལ་སྨན་སྤྱོད་རིན་ཐང་ཆེན་པོ་ལྡན་ཏེ། དེའི་རྩད་པ་ནི་བོད་སྨན་གྱི་སྨན་རྒྱུ་རྩེ་གྲ་ཞིག་ཡིན་པར་མ་ཟད། དེ་འབྲས་སྐྲན་འགོག་པའི་འབྲེལ་ཡོད་སྨན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པར་བཀོལ་ཡང་ཆོག འོལ་མོ་སེ་མཐོ་སྒང་གི་རི་མཐོའི་ཁོར་ཡུག་ཏུ་སྐྱེ་འཚར་བྱེད་པར་འཚམ་ལ། ས་གནས་དེ་གའི་སྐྱེ་ཁམས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་ལེགས་ཤོས་ཤིག་རེད།ལོ་འགའི་སྔོན། གང་འདོད་དུ་འཐོག་པ་དང་སྐྱེ་འཚར་ཁོར་ཡུག་ལ་གནོད་འཚེ་ཕོག་པ་སོགས་ཀྱི་དབང་གིས་རི་སྐྱེས་འོལ་མོ་སེའི་གྲངས་འབོར་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་ཡོད། ད་སྐབས་རི་སྐྱེས་ཁྱུ་ཚོགས་ཧ་ཅང་དཀོན་པས་རྒྱལ་ཁབ་བཅའ་ཁྲིམས་ཀྱི་ཆེད་གཏོགས་སྲུང་སྐྱོབ་ཐོབ་ཡོད།
ལས་བཟོ་པས་ཡུལ་དངོས་སུ་ལྟ་བཤེར་བྱས་པ་བརྒྱུད། ས་ཁོངས་དེར་འོལ་མོ་སེ་ཁྱོན12སྐྱེས་ཡོད་པ་ཤེས་རྟོགས་བྱུང་། མིག་སྔར་མང་ཆེ་བ་མེ་ཏོག་བཞད་ནས་རིམ་བཞིན་འབྲས་བུ་ཐོགས་པའི་དུས་མཚམས་སུ་སླེབས་ཡོད། མེ་ཏོག་རེ་རེ་སྐྱེ་སྟོབས་ཀྱིས་ཁེངས་ཤིང་སྐྱེ་ཚུལ་ཧ་ཅང་ལེགས།
ནགས་ཚལ་དེ་བསིལ་ཞིང་བརླན་ཆེ་ལ་ས་རྒྱུ་གཤིན་པོ་ཡོད་པས། འོལ་མོ་སེའི་སྐྱེ་འཚར་དང་ཧ་ཅང་འཕྲོད་པར་མ་ཟད། མཐའ་སྐོར་དུ་རྩི་ཤིང་སྣ་ཚོགས་རབ་ཏུ་རྒྱས་ཡོད། མིག་སྔར་ས་ཁོངས་དེར་འཐོག་པ་དང་རྡོག་རྫིས་སོགས་མིས་བཟོས་གཏོར་བརླག་གི་རྗེས་ཤུལ་མེད་པ་དང་། སྤྱི་ཡོངས་སུ་གདོད་མའི་སྐྱེ་ཁམས་ཀྱི་ཉམས་སྣང་ཕུན་སུམ་ཚོགས་པོ་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号