ཀན་ལྷོའི་རྨ་ཆུ་གསབ་སྣོན་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ས་རྒྱུས་ཆ་འཕྲིན་མ་ལག་ཞིབ་བཤེར་རྩིས་ལེན་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-10 11:12:00 ཀློག་གྲངས།:


ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་བརླན་སའི་རྩ་ཐང་།

  ཉེ་ལམ། “ཀན་ལྷོའི་རྨ་ཆུ་གསབ་སྣོན་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ས་རྒྱུས་ཆ་འཕྲིན་མ་ལག” ལས་གཞི་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ཚོགས་འདུ་ལན་ཀྲུར་བསྡུས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཀན་སུའུ་ཞིང་ཆེན་ཚད་འཇལ་རིས་འབྲི་ཅུའི་ཅུའུ་ཀྲང་གཞོན་པ་མའོ་ཐེན་པོ་གཉིས་ཀྱིས་ལས་གཞིའི་གྲུབ་འབྲས་སྤྲོད་ལེན་ཡི་གེ་སྟེང་མིང་བཀོད་ནས་ལས་གཞིའི་གྲུབ་འབྲས་དངོས་སུ་ཁུལ་སྲིད་གཞུང་ལ་སྤྲད།
  ཀན་ལྷོའི་རྨ་ཆུ་གསབ་སྣོན་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ས་རྒྱུས་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱེད་པའི་ལས་གཞི་ནི2008ལོའི་རྒྱལ་ཁབ་ཀྱི་ས་མཐའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་རྨང་གཞིའི་ཚད་འཇལ་རིས་འབྲིའི་ཆེད་སྤྱོད་ཁ་གསབ་འགྲོ་གྲོན་ལས་གཞི་ཞིག་ཡིན་ཞིང་། རྩིས་འཁོར་དྲ་རྒྱའི་ལག་རྩལ་དང་། བར་སྟོང་གཞི་གྲངས་མཛོད་ཀྱི་ལག་རྩལ། ས་རྒྱུས་ཆ་འཕྲིན་ལག་རྩལ། དྲ་རྒྱའི་ཞབས་ཞུའི་ལག་རྩལ་བཅས་སྤྱད་དེ་ཀན་ལྷོའི་རྨ་ཆུའི་ཆུ་ཁུངས་ཀྱིས་སྐྱེ་ཁམས་ཕན་ནུས་ཁུལ་ལ་གསབ་སྣོན་བྱེད་པའི་རྨང་གཞིའི་ས་རྒྱུས་ཆ་འཕྲིན་གཞི་གྲངས་ཐོན་ཁུངས་གཅིག་བསྡུས་དང་། ཀན་ལྷོའི་རྨ་ཆུའི་ཆུ་ཁུངས་གཙོ་བོས་སྐྱེ་ཁམས་ཕན་ནུས་ཁུལ་ལ་གསབ་སྣོན་བྱེད་པའི་ལེགས་བཅོས་ཁུལ་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཆར་བཀོད་དང་བརླན་སའི་སྲུང་སྐྱོབ། འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་ཁུལ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཆེད་དོན་ཆ་འཕྲིན་གཅིག་བསྡུས་བྱས་ནས་སྐྱེ་ཁམས་ཕན་ནུས་ཁུལ་གྱི་ཕྱོགས་བསྡུས་གཞི་གྲངས་མཛོད་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ས་རྒྱུས་ཆ་འཕྲིན་གཅིག་བསྡུས་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་པ་ཡིན།
  ལས་གཞི་འདི་ལག་བསྟར་བྱེད་པ་དེས་ས་མཐའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཚད་འཇལ་རིས་འབྲིའི་འགན་སྲུང་བྱ་བ་སྤེལ་བར་དོན་སྙིང་ཆེན་པོ་ལྡན་པ་མ་ཟད། ལས་གཞི་ལེགས་འགྲུབ་འབྱུང་རྗེས་ཀན་ལྷོའི་རྨ་ཆུའི་ཆུ་ཁུངས་གསབ་སྣོན་གྱི་ལེགས་བཅོས་ཁུལ་གཙོ་བོ་དང་། སྐྱེ་ཁམས་སྲུང་སྐྱོབ་ལེགས་བཅོས་ལས་གྲྭའི་འཆར་འགོད་དང་དོ་དམ་བྱེད་པར་རྨང་གཞིའི་ས་ཁྲ་དང་ས་རྒྱུས་ཆ་འཕྲིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་ཅིང་། ཀན་ལྷོའི་རྨ་ཆུའི་ཆུ་ཁུངས་གཙོ་བོས་སྐྱེ་ཁམས་ཕན་ནུས་ཁུལ་ལ་གསབ་སྣོན་བྱེད་པའི་སྐྱེ་ཁམས་སྲུང་སྐྱོབ་དང་མ་ལག་འཛུགས་སྐྲུན་ལ་ཚད་འཇལ་རིས་འབྲིའི་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།