མདོ་དབུས་མཐོ་སྒང་གི་ནགས་ཚལ་ལ་སྲུང་སྐྱོབ་བྱེད་ཐབས།

རྩོམ་པ་པོ།:དཔའ་རིས་བསོད་ནམས་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-05-05 09:33:06 ཀློག་གྲངས།:

   ནགས་ཚལ་ནི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ནགས་ཚལ་ལ་གང་བྱུང་དུ་གཏོར་རླག་བྱེད་མི་ཆོག དང་པོ་མདོ་དབུས་མཐོ་སྒང་ནས་བུད་ཤིང་གི་གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱེད་དགོས། མང་ཚོགས་ལ་ཅི་ནུས་ཀྱིས་གློག་གི་ཐབ་ཀ་དང་ཉི་འོད་ཐབ་ཀ རང་བྱུང་སོལ་རླངས།   གཤེར་གྱུར་རླངས་པ་སོགས་བེད་སྤྱད་ན་སྡོང་བོར་སྲུང་སྐྱོབ་བྱེད་པར་དགེ་མཚན་ཆེན་པོ་ལྡན། སྔོན་ཆད་བོད་ལྗོངས་ནས་ཁྱིམ་ཚང་རེ་ལ་ལོ་རེར་ཕལ་ཆེར་འོམ་བུ་ཏུན་བདུན་ལྷག་བཅད་ནས་བུད་ཤིང་བྱེད་དགོས།ཉི་འོད་ནུས་པའི་ཐབ་ཀ་དང་སོལ་རླངས་ཐབ་ཀ གློག་ཐབ་སོགས་ཚུགས་པས་བུད་ཤིང་དང་ཨོང་བ། འོམ་བུ་མང་པོ་གྲོན་ཆུང་བྱེད་ཐུབ། དེས་རྩྭ་སའི་སྤང་ཤུན་དང་ནགས་ཚལ་ལ་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱེད་ཐུབ།

   གཉིས་པ་ཤིང་གི་ཁང་བ་དང་ཅ་ལག འཁོར་ལོ། ཟམ་པ། གློག་སྡོང༌། གྲུ་གཟིངས། མཐིལ་ཤིང༌། ར་སྐོར་སོགས་བཟོ་བའི་གོམས་སྲོལ་བསྒྱུར་ནས་སོ་ཕག་གིས་རྩིག་པ་དང་སྒོའམ་སྒེའུ་ཁུང་སོགས་ལྕགས་རིགས་དང་ཡང་ན་ཧ་ཡང་རིགས་ཀྱིས་གྲུབ་པའིཁང་བ་ཕུབ་པ་དང་ལྕགས་སམ་ཤེལ་རིགས་སོགས་ཀྱི་ཅ་ལག ལྕགས་ཀྱི་འཁོར་ལོ།ཨར་འདམ་ལས་གྲུབ་པའི་ཟམ་པ་དང་གློག་སྡོང༌།ལྕགས་རིགས་ལས་གྲུབ་པའི་གྲུ་གཟིངས། ལྕགས་སྐུད་ཀྱིས་སྐོར་བའི་ར་བ་སོགས་བེད་སྤྱད་ན་ཤིང་སྡོང་མང་པོ་གྲོན་ཆུང་བྱས་ནས་ནགས་གཅོད་མི་དགོས།

   གསུམ་པ་མདོ་དབུས་མཐོ་སྒང་ནས་སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་འབད་བརྩོན་བྱེད་དགོས།ད་ཡོད་ནགས་ཚལ་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་སྲུང་སྐྱོབ་དང་ནགས་མེད་ས་ནས་སྡོང་བོ་བཙུགས་ནས་ནགས་སྐྲུན་པ་དང་ནགས་ཡོད་ས་ནས་ཅི་ཐུབ་ཀྱིས་དོ་དམ་དང་སྲུང་སྐྱོབ་བྱེད་དགོས།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།