མདོ་དབུས་མཐོ་སྒང་གི་རྩྭ་ས་སྲུང་སྐྱོབ་བྱེད་ཐབས།

རྩོམ་པ་པོ།:དཔའ་རིས་བསོད་ནམས་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-05-06 09:50:34 ཀློག་གྲངས།:

   དང་པོ་བྱི་ལོང་དང་ཨ་བྲས་གནོད་འཚེ་གཏན་འགོག་བྱེད་དགོས།  བྱི་ལོང་དང་ཨ་བྲའི་གནོད་འཚེ་བཏང་བ་དེ་རང་བྱུང་རྩྭ་སར་མཆོན་ན་ཧ་ཅང་ཚབས་ཆེན་ཡིན། ས་ནག་ཐང་མང་ཆེ་བ་བྱི་ལོང་དང་ཨ་བྲས་བྲུས་པ་རེད། དེའི་ཕྱིར་སྲིད་གཞུང་གི་འཆར་གཞི་ལྟར་བྱི་ལོང་དང་ཨ་བྲའི་གནོད་འཚེ་ཇེ་ཉུང་དང་ཡང་ན་གཏན་འགོག་བྱེད་རྒྱུ་ནི་རྩྭ་ས་སྲུང་སྐྱོབ་བྱེད་པའི་གནད་འགག་ཡིན།

   གཉིས་པ་ས་རྒོད་མི་སློག་པ་དང་རྨོ་བསྐྱུར་རྩྭ་འདེབས་ལ་ཤུགས་སྣོན་རྒྱག་པ་ནི་རྩྭ་ས་མྱུར་སྐྱོབ་ཀྱི་ཐབས་བཀོད་གལ་ཆེན་ཞིག་ཡིན། དེ་ལྟར་བྱས་ན་ཕྱུགས་ཟོག་ཚོད་འཛིན་བྱེད་ཐུབ་ལ་རྩྭ་ཐང་གི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ་པ་དང་རྩྭ་སའི་བཀོལ་སྤྱོད་ཀྱང་ལུགས་མཐུན་ཡོང་ཐུབ།

   གསུམ་པ་རྩྭ་ས་ནས་ས་རྐོ་རྡོ་སློག་མི་བྱེད།   སྲིད་གཞུང་རིམ་པ་སོ་སོ་དང་དབྱར་རྩྭ་དགུན་འབུ་སྐྱེས་པའི་ཡུལ་གྲུ་ནས་མི་ཚོས་དབྱར་རྩྭ་དགུན་འབུ་རྐོ་བར་བཀག་ན་འགྲིག  དབྱར་རྩྭ་དགུན་འབུ་བརྐོས་ན་རྩྭ་སར་གནོད་པར་མ་ཟད། ཡུལ་དེའི་སྐྱེཁམས་དོ་མཉམ་ལའང་གནོད་པ་ཆེ། དབྱར་རྩྭ་དགུན་འབུ་གཅིག་བརྐོས་པ་ལས་ཐོབ་པའི་རིན་སྒོར་ཉུང་ཉུང་མེད་མོད་ཀྱང་རྩྭ་སར་རྨ་ཁ་བཏོད་པ་དེ་ལོ་དུ་མའི་བར་སོས་དཀའ། དེའི་ཕྱིར་དབྱར་རྩྭ་དགུན་འབུའི་སྨན་གྱི་ནུས་པ་མང་པོ་མི་བསྒྲག་པ་དང་ཚོང་ར་ནས་རིན་གོང་སོགས་ཚོད་བཟུང་ན་འགྲིག སྲིད་གཞུང་གིས་ཀྱང་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱས་པ་ས་གནས་དེ་གའི་སྲིད་གཞུང་དང་མང་ཚོགས་ཕྱུག་པོར་འགྱུར་བའི་ཐབས་ལམ་རེད་ཅེས་པའི་ལྟ་བ་རྩ་བ་ནས་བསྒྱུར་དགོས།  རབ་ཡིན་ན་དབྱར་རྩྭ་དགུན་འབུ་སོགས་ཀྱི་སྨན་རྩྭ་མང་པོ་མ་བརྐོས་ན་བཟང༌།  གཞན་ཡང་རྩྭ་ས་ནས་ལྕགས་ལམ་དང་གཞུང་ལམ་བཟོ་སྐྲུན་བྱེད་སྐབས་ཁྲིམས་ལུགས་དང་ཚན་རིག  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐུན་པའི་སྒོ་ནས་བཟོ་སྐྲུན་བྱེད་པ་ལས་གང་ཡིན་སར་ས་རྐོ་རྡོ་ལེན་བྱས་མི་ཆོག དེ་མིན་ད་དུང་རྩྭ་ས་བྱེ་ཐང་ངམ་མྱ་ངམ་ཐང་དུ་འགྱུར་བར་སྔོན་འགོག་བྱེད་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།