མཛོད་དགེ་རྫོང་གི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ཐད་གྲུབ་འབྲས་བཟང་བོ་ཐོབ་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-09-25 10:09:00 ཀློག་གྲངས།:

             ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་དང་དབུས་རྒྱུད་ཀྱི་རང་བྱུང་ནགས་ཚལ་གཅོད་པ་མཚམས་བཞག་ནས། ནགས་ཚལ་ལ་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་ལྟར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་གིས1998ལོ་ནས་རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་སྤེལ་བ་ནས་བཟུང་། རང་བྱུང་ནགས་ཀྱིས་ཤིང་གི་རྒྱུ་ཆ་ལས་པའི་ཚད་ཇེ་ཉུང་དུ་གཏོང་བ་དང་། སྐྱེ་ཁམས་སྤྱི་ཕན་ནགས་འཛུགས་དང་ནགས་སྐྲུན་བྱེད་པར་ཤུགས་བསྣན་ནས། སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་དུ་འགྲོ་བར་བཀག་འགོག་དང་། སྐྱེ་ཁམས་སྣ་མང་ཅན་ལ་སྲུང་སྐྱོབ། སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱས།
              ལོ་བཅུ་གཉིས་ཀྱི་རིང་ལ་འབད་པ་བྱས་པ་བརྒྱུད། མཛོད་དགེ་རྫོང་གི་རང་བྱུང་ནགས་ཚལ་ལ་ཕན་འབྲས་ལྡན་པའི་སྲུང་སྐྱོབ་ཐོབ་པ་དང་། ནགས་ཀྱི་རྒྱ་ཁྱོན1997ལོའི་ལོ་མཇུག་གི་མུའུ་ས་ཡ་གཉིས་དང་འབུམ་གསུམ་ཁྲི་གསུམ་ལྷག་ནས་ད་ལྟའི་ནགས་ས་མུའུ་ས་ཡ་ལྔ་དང་འབུམ་གཉིས་ཁྲི་དྲུག་ལྷག་ལ་ཇེ་མང་དུ་སོང་། ནགས་ཀྱི་ཁེབས་ཚད་དེ1997ལོའི་བརྒྱ་ཆའི་དགུ་དང་གྲངས་ཆུང་གསུམ་ནས་ད་ལྟའི་བརྒྱ་ཆའི་དགུ་དང་གྲངས་ཆུང་དགུ་ལ་འཕར་སྣོན་བྱུང་ཡོད། དེ་ལས་འབྲི་ཆུ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་པ་དང་། སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོབ་བྱས་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བར་ནུས་པ་གལ་ཆེན་ཐོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།