ལྷུན་པོ་མཚེའུ་འགྲམ་ངོགས་སུ་ཅི་དགར་རྩེན་བཞིན་པའི་ཁྲུང་ཁྲུང་སྐེ་ནག

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2011-10-21 09:26:00 ཀློག་གྲངས།:

         མཚོ་སྔོན་ལྷུན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མངའ་ཁོངས་སུ་ཆགས་ཡོད་པ་དང་། ལྷུན་པོ་མཚེའུ་ལྟེ་བར་བྱས་ཏེ་མཐའ་འཁོར་གྱི་ནེའུ་གསེང་དང་ཆུ་གཤོང་ས་ཁུལ། ཆུ་བོའི་བཞུར་རྒྱུད་སོགས་འདུས་ཡོད། 
         སྲུང་སྐྱོང་ས་ཁུལ་གྱི་རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ཆིང10000ཡོད་ལ།  མཚོ་ངོས་ལས་མཐོ་ཚད་མུས4050ནས4200བར་ཡིན། ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ། གསའ། གཙོད་སོགས་ནི་སྲུང་སྐྱོང་ས་ཁུལ་གྱི་ཁྱད་ལྡན་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།