ཨ་ཆེན་གངས་རྒྱབ་ནི་གངས་ལྗོངས་ཡུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། དུས་ཚོད།:2011-10-26 11:00:00 ཀློག་གྲངས།:


རི་དྭགས་གཙོད་ཁྱུ་ཞིག་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་རྒྱུ་བཞིན་པ།

  ནོར་འཛིན་མ་མོས་གསེར་མདོག་གི་གོས་ལྭ་མནབས་པའི་དུས་ཚིགས་འདིར། ཁྱུ་དང་ཁྱུ་བྱས་པའི་རི་དྭགས་གཙོད་དང་རྐྱང་། དགོ་བ་སོགས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་རྩ་ཆེན་རྣམས་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་གཟན་རྩྭ་ལ་རོལ་བ་དང་རྒྱུག་རྩལ་འགྲན་པ། རྩེད་མོར་གཡེང་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་རི་དྭགས་རྔོན་པར་བཀག་འགོག་བྱས་པར་བརྟེན། ད་ལྟ་ཨ་ཆེན་གངས་རྒྱབ་ཏུ་རི་དྭགས་རྔོན་མཁན་གྱི་མེ་མདའི་སྒྲ་ཐོས་རྒྱུ་མི་འདུག་ལ། གནས་དེ་ནི་ལྷིང་འཇགས་དང་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཏུ་གྱུར་འདུག


དགོ་བ་ཞིག་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་རྒྱུ་བཞིན་པ།

རྒྱལ་ཁབ་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་རྐྱང་ཁྱུ་ཞིག་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཡོད་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།