《མཚོ་བོད་མཐོ་སྒང་སྐྱེ་ཁམས་ཁྲིམས་སྐྱོང་དཀའ་གནད་ཞིབ་འཇུག》པར་བསྐྲུན་འགྲེམ་སྤེལ་བྱས་པ།
《མཚོ་བོད་མཐོ་སྒང་སྐྱེ་ཁམས་ཁྲིམས་སྐྱོང་དཀའ་གནད་ཞིབ་འཇུག》པར་བསྐྲུན་འགྲེམ་སྤེལ་བྱས།
ཉེ་ལམ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཏུན་ཁེ་ཅུན་གྱིས་གཙོ་སྒྲིག་མཛད་པའི《མཚོ་བོད་མཐོ་སྒང་སྐྱེ་ཁམས་ཁྲིམས་སྐྱོང་དཀའ་གནད་ཞིབ་འཇུག》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
དཔེ་དེབ་འདི་ནི2007ལོར་ཁྲིམས་འཛིན་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་རིག་པའི་མཐུན་ཚོགས་ལ་མངགས་བཅོལ་བྱས་ཏེ་ལེགས་འགྲུང་བྱུང་བའི“རྒྱལ་ཁབ་ཁྲིམས་སྐྱོང་དང་ཁྲིམས་ལུགས་གཞུང་ལུགས་ཞིབ་འཇུག་བརྗོད་བྱའི་ལས་གཞིའི”མཐའ་མཇུག་གི་གྲུབ་འབྲས་ཤིག་ཏུ་ངེས་པ་མ་ཟད། མཚོ་སྔོན་ཞིང་ཆེན་དུ་ཐོག་དང་པོར་ཅུང་ཆ་ཚང་བའི་ངང་མཚོ་བོད་མཐོ་སྒང་སྐྱེ་ཁམས་ཁྲིམས་སྐྱོང་དཀའ་གནད་ཐད་དཔྱད་བརྗོད་བྱས་པའི་ཆེད་དཔེ་ཞིག་ཀྱང་ཡིན།
དཔེ་དེབ་འདིའི་ནང་མཚོ་བོད་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་དང་དེའི་སྲུང་སྐྱོང་གནས་བབ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲིམས་ལུགས་འགན་སྲུང་དཀའ་གནད། སྐྱེ་ཁམས་ཁ་གསབ་མ་ལག་ཁྲིམས་ལུགས་ཅན་གྱི་དཀའ་གནད། མི་རིགས་སྐྱེ་ཁམས་གོམས་སྲོལ་བཅའ་ཁྲིམས་རིག་གནས། འཁོར་སྐྱོད་དཔལ་འབྱོེར་འཕེལ་རྒྱས་སོགས་ཆེད་དོན་བཅུ་གཉིས་ལ་གཙོ་གནད་ཞིབ་འཇུག་གནང་ཞིང་། སྐྱེ་ཁམས་དང་། དཔལ་འབྱོར། མི་རིགས། སྤྱི་ཚོགས་བཅས་ཁྱབ་ཁོངས་ཀྱི་གཞུང་ལུགས་ནི་དངོས་དཔྱོད་ཞིབ་འཇུག་རིག་གཞུང་ཡིན་པའི་ཆ་ནས་འདིའི་ཐད་ཀྱི་རྟེན་གཞི་དང་ཤེས་བྱའི་གདུང་འདེགས་སུ་བྱས་ཡོད།
དེབ་འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་འགའི་རིང་ལ་བླངས་བའི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཆེད་དཔེ་ཞིག་ཡིན་ཞིང་། མཚོ་བོད་མཐོ་སྒང་གི་ཉེན་ཆགས་སུ་འགྲོ་སླ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། བོད་ཁུལ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་པའི་ཐད་ལ་ཁྲིམས་ལུགས་གཞུང་ལུགས་ཀྱི་ལྟ་སྟངས་བརྗོད་པར་མ་ཟད། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པར་རོགས་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ངེས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com