ལོས་ཐི་ལིན་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་མང་ཚོགས་ཀྱི་པར་བླངས་བརྩམས་ཆོས་འགྲེམ་སྟོན་བྱས་པ།
ལོས་ཐིན་ལིན་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་འདི་ནི་སྤྱི་ལོ2004ལོའི་ཟླ11བའི་ཚེས4ཉིན་ཀན་སུའུ་ས་ཁུལ་དུ་ཐོག་དང་བོར་དངོས་སུ་གསར་འཛུགས་བྱས་པའི་དམངས་ཁྲོད་རིག་གནས་དང་འདྲེས་བའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཚོགས་པ་དང་བོའི་མཚན་ཉིད་ཐོབ་འདུག་པ་ཞིག་ཡིན་ལ། དེ་བཞིན་དུ་ནུབ་རྒྱུད་ས་ཁུལ་གྱི་ཁོར་ཡུག་བདག་གཉེར་བྱེད་པའི་ལས་གནས་ཐོག་གྲུབ་འབྲས་མི་དམན་པ་འཇོག་མཁན་ཞིག་ཀྱང་ཡིན། ཚོགས་པ་འདིས་ད་བར་དུ་ས་གནས་སོ་སོ་དང་རྩྭ་ཐང་སོ་སོར་བརྒྱུད་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ་ཆུའི་ཐོན་ཁུངས་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། གཏེར་ཁ་བསྔོག་འདོན། རྩྭ་ཐང་གཏོར་བརླག་བཅད་ཀྱི་ཐད་ནས་ཀྱང་སྐུལ་འདེད་བླ་ལྷག་ཐོན།
རྨ་ཆུ་མང་ཚོགས་ཀྱིས་བླངས་བའི་རང་གི་བརྩམས་ཆོས།
ཉག་གའི་རྡོ་བརྩིགས།
ཕ་བུའི་སྤྲོ་རྩེད།
ལུག་རྫི།
རྟོག་གཞིག
འགྲོ་འོང་།
མ་བུའི་མདངས།
འཚོལ།
མ་འོངས་བའི་བདག་པོ།
ཚོགས་པ་འདིས་རྨ་ཆུ་ས་ཁུལ་གྱི་མང་ཚོགས་ལ་ཁ་གཏད་ནས་ཁོ་ཚོར་པར་ལེན་སོགས་ཀྱི་ཤེས་བྱ་སྣ་མང་མཁོ་འདོན་བྱས་ཏེ་རང་གི་བརྩམས་ཆོས་རྣམས་རེ་རེ་བཞིན་བསྡུ་གསོག་བྱས་མཐར་ད་ཐེངས་ཆེད་དུ་ལན་གྲུ་ནས་ཁོ་ཚོའི་བརྩམས་ཆོས་འགྲེམ་སྟོན་གྱི་སྐལ་བ་ཞིག་ཐོབ་པ་འདི་ནི་དངོས་གནས་ལེགས་སུ་ཕྱོགས་སུ་འཕེལ་པའི་དཔལ་དུ་རྫོགས་སོ།།
རྨ་ཆུ་ས་ཁུལ་གྱི་འགན་ལེན་མི་སྣ་སྐལ་བཟང་སྦྱིན་པ།
ལིས་ཐོ་ལིན་གྱིས་མང་ཚོགས་ཀྱི་བརྩམས་ཆོས་དག་ལན་གྲུ་ནས་འགྲམ་སྟོན་བྱེད་པའི་མཛད་སྒོ།
མཛད་སྒོའི་ཡུལ་དངོས།
ཡུལ་དངོས་ཀྱི་རྣམ་པ།
ཡུལ་དངོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com