མཚོ་སྔོན་པོའི་འགྲམ་དུ་དགོ་ཕྲུག་ལྔ་སྐྱེས་འཕེལ་བྱུང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-17 10:04:00 ཀློག་གྲངས།:

མཚོ་སྔོན་པོའི་འགྲམ་དུ་དགོ་ཕྲུག་ལྔ་སྐྱེས་འཕེལ་བྱུང་བ།

         ཟླ7པའི་ཚེས5ནས་ཚེས10བར།  མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་དགོ་བ་གཉོར་སྐྱོང་ཁང་དུ་དགོ་ཕྲུག་སྐྱེས་འཕེལ་བྱེད་ཐུབ་པ་བྱུང་།  ད་ལྟའི་བར་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་བསྡོམས་པས་མིས་གཉོར་སྐྱོང་བྱས་ནས་སྐྱེས་འཕེལ་བྱུང་བའི་དགོ་ཕྲུག15ཡོད་པ་རེད།
         འབྲེལ་ཡོད་དོ་དམ་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།  2012ལོར་དགོ་བའི་བདེ་འཇགས་སྐྱེས་འཕེལ་བྱ་བ་ལེགས་པོར་སྒྲུབ་པ་དང་དགོ་ཕྲུག་ལ་ཕྱི་རོལ་ཡུལ་གྱི་གནོད་རྐྱེན་མི་ཐེབས་པར། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་དོ་དམ་ལས་ཁུངས་ཀྱིས་སྦྲ་གུར་ཕུབ་སྟེ་གཟིགས་རྟོགས་བྱས་ཤིང་། དུས་ཡུན་ཉིན16ཡི་རྒྱུན་མཐུན་ལྟ་ཞིབ་འོག  དགོ་ཕྲུག5བདེ་བླག་ཏུ་སྐྱེས་འཕེལ་བྱེད་ཐུབ་པ་བྱུང་།
         མིའི་རིགས་ཀྱི་འགུལ་སྐྱོད་སོགས་རྒྱུ་རྐྱེན་གང་མང་གི་དབང་གིས་དེ་སྔ་ནང་སོག་དང་། ཉིན་ཞ། ཀན་སུའུ།  ཞིན་ཅང་། མཚོ་སྔོན་སོགས་ས་ཁུལ་དུ་རྒྱ་ཆེར་ཁྱབ་པའི་དགོ་བའི་ཁ་གྲངས་དེ་ད་ལྟ་མཚོ་སྔོན་པོ་ཉེ་འགྲམ་གྱི་ཁུལ་གསུམ་རྫོང་བཞིར་ཁོ་ནར་གནས། ཚན་ཞིབ་མི་སྣས་རྟོག་ཞིབ་བྱས་པ་ལྟར་ན། དགོ་བའི་ཆེས་མཐོའི་ཁ་གྲངས་དེ་ཧ་ལམ1200ཡིན་པ་དང་།  མཚོ་སྔོན་པོ་མཐའ་སྐོར་དུ་དགོ་བའི་འགུལ་སྐྱོད་ས་ཁུལ10ཡོད་ནའང་ས་ཁུལ་ཕན་ཚུན་བར་རྒྱང་ཐག་རིང་དྲག་པས་ཁྱུ་ཚོགས་དབར་ཁ་བྲལ་དུ་གནས་ཡོད། དེར་བརྟེན་མཚོ་སྔོན་པོ་འགྲམ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མི་སྣས་ཐབས་བརྒྱ་ཇུས་སྟོང་གིས་ཅུང་ཐག་ཉེ་བའི་དགོ་ཁྱུ་དབར་ཆེད་དུ་སྦྲེལ་ལམ་གཏད་དེ་ཉམས་གནས་སྲོག་ཆགས་འདིའི་རིགས་མྱུར་སྐྱོབ་བྱེད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།