མཚོ་སྔོན་པོའི་རྒྱ་ཁྱོན་ལོ་བརྒྱད་ཚུན་གྱི་ཆེས་ཆེ་བར་བསླེབས་པ།
མཚོ་སྔོན་པོའི་རྒྱ་ཁྱོན་ལོ་བརྒྱད་ཚུན་གྱི་ཆེས་ཆེ་བར་བསླེབས་པ།
མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གིས་འཁོར་སྐར་རྒྱང་ཚོར་ཞིབ་དཔྱད་ཚད་ལེན་ལས་གསལ་བ་ལྟར་ན། ཀྲུང་གོའི་ཆེས་ཆེ་བའི་ཚྭ་མཚོ་སྟེ་མཚོ་སྔོན་པོའི་རྒྱ་ཁྱོན་ལོ་ངོ4ལ་བསྟུད་མར་ཆེ་རུ་འཕེལ་ནས། ཉེ་བའི་ལོ8ནང་གི་ཆེས་ཆེ་བའི་རྒྱ་ཁྱོན་ལ་བསླེབས་པ་རེད།
ཞིབ་དཔྱད་ཚད་ལེན་ལས་གསལ་བ་ལྟར་ན་མིག་སྔར་མཚོ་སྔོན་པོའི་མཚོ་ངོས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4377.75ལ་སོན་པ་དང་། ན་ནིང་གི་དུས་མཉམ་ལས་སྤྱི་ལེ་གྲུ་བཞི་མ26.25ཡིས་ཇེ་མང་དུ་སོང་། དེ་ནི2005ལོའི་ཚུན་དུ་མཚོ་སྔོན་པོའི་འཁྱགས་རོམ་བཞུས་རྗེས་སུ་དུས་མཉམ་ལས་རྒྱ་ཁྱོན་ཆེས་ཆེ་བའི་ལོ་ཞིག་ཀྱང་རེད།
གནམ་གཤིས་ཆེད་མཁས་རྣམས་ཀྱིས་མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་ཕྱིན་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པ་ལྟར་ན། ཕྱོགས་གཅིག་ནས2012ལོའི་སྟོན་ཁར་མཚོ་སྔོན་པོའི་ཉེ་འདབས་ཀྱི་ཆར་འབབ་ཚད་ཇེ་མང་དུ་སོང་བས་ཡིན་པ་དང་། ཡང་གཅིག་ནས་ཉེ་བའི་ལོ་ནང་མཚོ་སྔོན་པོའི་ཉེ་འདབས་ཀྱི་འབབ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པས་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com