བོད་ལྗོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྒྱ་ཁྱོན་རྒྱལ་ཡོངས་སུ་ཆེས་ཆེ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-19 11:39:00 ཀློག་གྲངས།:

珠峰自然保护区
ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།

  བོད་ལྗོངས་ནགས་ལས་ཐིན་གྱིས་གསལ་བསྒྲགས་བྱས་པ་ལྟར་ན་མིག་སྔའི་བར་བོད་ལྗོངས་སུ་ནགས་ཚལ་དང་། རི་སྐྱེས་སྲོག་ཆགས། བརླན་ས་སོགས་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གནས61བཙུགས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི41ལས་བརྒལ་འདུག་ཅིང་། བོད་ལྗོངས་ཀྱི་ས་ཁོངས་རྒྱ་ཁྱོན་གྱི33.69%ལ་ཉེ་བ་ཟིན་ཡོད་པ་རེད།
  བོད་ལྗོངས་སུ་བཙུགས་པའི་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཁྲོད་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་སྟེ་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་། འཛམ་གླིང་སྟེང་ཆེས་རིང་ཞིང་ཆེས་ཟབ་པའི་གྲོག་རོང་རང་བྱུང་སྲུང་སྐྱོབ་ས་ཁུལ་སྟེ་ཡར་ཀླུང་གཙང་པོའི་གྲོང་རོང་ཆེན་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ། འཛམ་གླིང་སྟེང་རྒྱ་ཁྱོན་ཆེས་ཆེ་བའི་སྐམ་སའི་སྐྱེ་ཁམས་མ་ལག་གི་རང་བྱུང་སྲུང་སྐྱོབ་ས་ཁུལ་སྟེ་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བཅས་འདུས་པ་རེད།
  བསྡོམས་རྩིས་བྱས་པའི་གྲངས་ཀ་ལས་གསལ་བ་ལྟར་ན། བོད་ལྗོངས་སུ་རྒྱལ་ཁབ་ཀྱིས་གནད་དུ་བཟུང་ནས་སྲུང་སྐྱོབ་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་རིགས125ཡོད་པ་དང་།རི་སྐྱེས་སྐྱེ་དངོས་རིགས39ལ་བཙུགས་ཟིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་སྲུང་སྐྱོབ་ལེགས་པོ་བྱེད་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།