བོད་ལྗོངས་ཀྱིས་ཇོ་རིར་འཛེག་མཁན་དག་ལ་མི་རེར་ཨ་སྒོར100ནས200ཡི་ཁོར་སྲུང་དངུལ་བསྡུ་གྲབས་འདུག

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-09 10:34:00 ཀློག་གྲངས།:
     བོད་རང་སྐྱོང་ལྗོངས་རི་འཛེག་དོ་དམ་ལྟེ་གནས་གཞུང་སྒྲུབ་ཁང་གི་འགོ་གཙོ་ཀྲང་མེན་ཞིན་གྱིས་ཚེས5ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་བསྟན་དོན། ཇོ་མོ་གླང་མ་རི་བོའི་གད་སྙིགས་གཙང་སེལ་བྱ་བར་ཤུགས་སྣོན་རྒྱུ་ཡིན་ཞིང་། ད་ལོ་ནས་བཟུང་ཇོ་རིར་འཛེག་མཁན་དག་ལ་འབྲེལ་ཡོད་ཀྱི་ཁོར་སྲུང་དངུལ་བསྡུ་འཆར་ཡོད་པ་དང་། ཇོ་མོ་གླང་མ་རི་བོའི་གད་སྙིགས་གཙང་སེལ་གྱི་ཆེད་དོན་བྱ་བ་རྩ་འཛུགས་བྱེད་རྒྱུ་ཡིན།
     དབྱིན་ཇིའི《སྲུང་ཚགས》ལས་ཉེ་ལམ་བཀོད་པ་ལྟར་ན། བལ་བོའི་རི་འཛེག་མཐུན་ཚོགས་ཀྱི་ཀྲུའུ་ཞིས་བསྟན་དོན། རི་འཛེག་ས་ཁུལ་དུ་གནས་སྐབས་ཀྱི་གཙང་སྤྱོད་ཁང་བཙུགས་ཡོད་ཀྱང་རི་འཛེག་བ་རྣམས་ཀྱིས་གད་སྙིགས་ཁྱེར་ཏེ་ཡོང་དགོས་པ་ཡིན་མོད། ད་དུང་མིའི་རིགས་ཀྱི་སྙིགས་རྫས་ལྷག་ཡོད་པས་ས་གནས་ཀྱི་ཁོར་ཡུག་ལ་གནོད་རྐྱེན་གཏོང་བ་མ་ཟད། འཛམ་གླིང་ཡང་རྩེ་སྟེ་གངས་རིའི་ལྗོངས་ལ་ནད་རིགས་སྣ་ཚོགས་སྐྱེལ་བར་ཉེན་ཁ་ཆེ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།