ལྗང་ལྗང་ཁོར་ཡུག་ཞབས་ཞུ་ཚན་ཆུང་གིས་ལྗང་ལྗང་རུ་ཆུང་བཞིའི་ས་གནས་ཀྱི་གད་སྙིགས་གཙང་སེལ་བྱས་པ།
གད་སྙིགས།
གང་སྙིགས།
ལྗང་ལྗང་ཁོར་ཡུག་ཞབས་ཞུ་ཚན་ཆུང་གིས་ལྗང་ལྗང་རུ་ཆུང་བཞིའི་ས་གནས་ཀྱི་གད་སྙིགས་གཙང་སེལ་བྱས་པ།
ལྗང་ལྗང་ཁོར་ཡུག་སྲུང་སྐྱོབ་ཞབས་ཞུ་ཚན་ཆུང་།
སྤྱི་ཟླ6པའི་ཚེས25ནས་ཚེས27བར་ཏེ་ཉིན་ཧྲིལ་པོ་གསུམ་གྱི་རིང་ལ། ལྗང་ལྗང་ཁོར་ཡུག་ཞབས་ཞུ་ཚན་ཆུང་གིས་ལྗང་ལྗང་རུ་ཆུང་བཞི་ཡི་དབྱར་ས་དང་དགུན་ས། སྟོན་ས་དང་དཔྱིད་ས་བཅས་རུ་ཆུང་བཞི་ཡི་ས་གནས་སོ་སོའི་གད་སྙིགས་གཙང་སེལ་བྱ་བའི་བྱ་འགུལ་སྤེལ་ཞིང་བྱ་འགུལ་གྱི་ནང་ཚན་ལ་རྩ་བའི་ཆ་ནས་རིགས་གསུམ་དུ་བགོས། གཅིག ས་གནས་ཀྱི་གད་སྙིགས་གཙང་སེལ་རིགས་འབྱེད་དང་གྲངས་ཀྱི་ལམ་ནས་ཞིབ་འཇུག་མཛད་པ། གཉིས། རི་རྔོན་སྔོག་བཤེར་བྱ་བ། གསུམ། གད་སྙིགས་བསྡུ་རུབ་དང་དོ་དམ་སྐོར་ལ་གྲོས་བསྡུར་བྱ་བ་བཅས་སོ། །
དང་པོ། ས་གནས་ཀྱི་གད་སྙིགས་གཙང་སེལ་བྱ་བ་དང་རིགས་འབྱེད་དང་གྲངས་ཀྱི་ལམ་ནས་དབྱེ་ཞིབ་མཛད་པ།
དེ་ཡང་ས་གནས་ཀྱི་ན་གཞོན་ལྷག་བསམ་ཅན25ཙམ་གྱིས་མ་སྐུལ་དང་བླངས་ཀྱིས་རྩ་འཛུགས་ནན་མོས་རུ་ཆུང་བཞི་ཡི་གད་སྙིགས་གཙང་སེལ་དང་བསྡུ་རུབ། དབྱེ་འབྱེད་དང་སྐྱེལ་འདྲེན་བྱས་པས་ཡུལ་གྱི་མཛེས་ལྗོངས་དང་རི་ཆུའི་དྭངས་གཙང་གི་རྣམ་པ་སྔར་ལས་ལེགས་ཤིང་། སྡེ་མི་ཚོས་ཡིད་སྨོན་བྱས་ཤིང་བསྔགས་བརྗོད་ཚད་མེད་ཐོབ། ཁོང་ཚོས་ཞིབ་ཏུ་རྒྱུས་ལོན་བྱས་ཏེ་གད་སྙིགས་ཀྱི་རིགས་དབྱེ་འབྱེད་བྱས་པས་འདི་ལྟར་སྟེ། གྱོན་ཆས་རིགས་ཀྱིས་བརྒྱ་ཆའི35ཙམ་དང་། འགྱིག་ཤོག་དང་འགྱིག་ཁུག་རིགས་ཀྱིས་བརྒྱ་ཆའི25། འགྱིག་དམ་ཆེ་ཆུང་རིགས་ཀྱིས་བརྒྱ་ཆའི13། ལྕགས་རིགས་ཀྱིས་བརྒྱ་ཆའི17། ཤེལ་དམ་རིགས་ཀྱིས་བརྒྱ་ཆའི8། གློག་རྫས་རིགས་ཀྱིས་བརྒྱ་ཆའི2ཙམ་ཟིན་ཡོད་པ་ར་འཕྲོད་བྱུང་།
གཉིས་པ། རི་རྔོན་སྔོག་བཤེར་བྱ་བའི་སྐོར།
དེང་སྐབས་དབྱར་རྩྭ་བརྐོ་དུས་དང་བསྟུན་མི་མང་པོས་རི་ཉུལ་བྱེད་པ་དང་། ཡར་རྒྱུག་མར་འཁྱམ་དང་ཟང་ཟིང་འ་འུར་གྱི་དུས་སྐབས་དང་བསྟུན་རི་དྭགས་ལྐོགས་བརྔོན་དང་གཅན་གཟན་ལྐོགས་གསོད་ཀྱི་བྱ་ངན་སྤེལ་སྲིད་པས། ཞབས་ཞུ་མི་སྣས་ནགས་གསེང་སྔོག་བཤེར་དང་། རྫ་གསེང་བརྟག་ཞིབ་བྱས་ཏེ་ལྕགས་སྙི་དང་ལྷགས་འགུག་རིགས་འཚོལ་རྟོགས་བྱས།
གསུམ། གད་སྙིགས་བསྡུ་རུབ་དང་དོ་དམ་སྐོར་ལ་གྲོས་བསྡུར་བྱ་བའི་སྐོར།
ས་གནས་རང་གི་རྒས་རབས་པར་བློ་དྲིས་ཤིང་ཚོགས་མི་ཕན་ཚུན་བར་བསམ་ཚུལ་བསྡུ་ལེན་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་རྒྱུན་འཁྱོངས་རང་བཞིན་ལྡན་པའི་གད་སྙིགས་མེད་པའི་གྲོང་སྡེ། གནོད་འཚེ་མེད་པའི་གཅན་གཟན་དང་རི་དྭགས། གཏོར་བརླག་མེད་པའི་ཁོར་ཡུག་བཅས་ཉམས་དགའ་བག་ཕེབས་ཀྱི་རི་ཆུ་གཙང་སེལ་བྱ་བའི་སྐོར་ལ་བསམ་ཚུལ་བརྗེ་ལེན་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com