འུག་པ།
འུག་པ། 雕鸮 Eagle Owl
གཟུགས་གཞིའི་ཁྱད་ཆོས།
འུག་པའི་གཟུགས་གཞིའི་རིང་ཚད་ལ་ལི་སྨིས52ནས་ལིས་སྨིས70ཡིན་པ་དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ2.5ཡས་མས་ཡོད། འུག་པའི་ལུས་སྟོད་ལ་ཐིག་ལེ་ཁམ་སེར་ཁྱབ་འདུག མིག་མཐའ་དཀར་བོ་དང་ངོ་གདོང་ཁམ་སྐྱ་ཡིན། མིག་གི་ཡ་སྟོད་དུ་ཐིག་ལེ་ནག་པོ་རེ་ཡོད། རྣ་འབྱོག་སྟེང་དུ་རིང་ཚད་ལ་ལིས་སྨིས6ཡོད་པའི་སྒྲོ་སྤུ་ཚོམ་བུ་རེ་སྐྱེས་འདུག ལུས་སྨད་ནི་ཁམ་མདོག་ཡིན་ལ་ཁམ་ནག་གི་ཐིག་ལེ་ཁྱབ་འདུག རྔ་སྒྲོའི་སྨད་ཕྱོགས་ན་ཁམ་མདོག་ཡིན་པའི་འཕྲེད་ཐིག4ནས5ཙམ་ཡོད། མོ་བྱའི་སྒྲོ་མདོག་ལ་ནག་ཞད་འདྲེས་འདུག
ཁྱབ་ཡུལ།
འུག་པ་ནི་མདོ་དབུས་མཐོ་སྒང་དང་རང་རྒྱལ་གྱི་ས་ཆ་མང་ཤས་ན་གནས་འདུག
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
འུག་པ་ནི་མཚོ་ངོས་ལས་སྨིས2500ནས་སྨིས4800བར་གྱི་རི་ཁུལ་དང་ལུང་ཁོག ནགས་ཐར་ཐོར་སྐྱེས་ཡོད་ས་བཅས་ན་གནས་འདུག འུག་པ་ནི་ཁེར་འདུག་བྱེད་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་མོད། མཚམས་ལན་རེར་རང་གི་ཁྱིམ་རྒྱུད་ཀྱི་འུག་པ་རྣམས་ཆབས་ཅིག་ཏུ་སྡོད་པའི་གནས་ཚུལ་ཡང་མཐོང་རྒྱུ་ཡོད། ཉིན་དཀར་བྲག་ངོས་སམ་སྡོང་བོ་མཐོན་པོའི་ཡལ་གའི་སྟེང་དུ་གྲགས་འགུལ་ཅི་ཡང་མེད་པར་འདུག་པ་དང་། ནངས་དགོང་ལ་ཕར་འཕུར་ཚུར་འཕུར་བྱེད་ཅིང་། འཕུར་ཚད་ཅུང་དལ་བ་ཡིན། འུག་པའི་ཁ་ཟས་གཙོ་བོ་ནི་བྱི་བའི་རིགས་ཡིན་མོད། བྱིའུ་རིགས་ཁ་ཟས་སུ་སྤྱོད་པའི་སྣང་ཚུལ་ཡང་ཡོད། འུག་ཚང་སྡོང་ཁུང་ངམ་བྲག་སྲུབས་ན་བཅས་ཡོད་ལ། ལོ་རེའི་ཟླ4བ་ནས་ཟླ5བའི་ནང་དུ་འུག་པའི་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན་པ་དང་། སྒོ་ང2ནས3རུམ་པ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
འུག་པའི་ཁ་ཟས་གཙོ་བོ་ནི་བྱི་བའི་རིགས་ཡིན་ལ། ཞིང་ལས་དང་ཕྱུགས་ལས། ནགས་ལས་བཅས་ལ་ཕན་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན།
ད་ཡོད་གནས་བབ།
མི་རྣམས་ཀྱིས་ནགས་ཚལ་གཅོད་དྲགས་པ་དང་། མདོ་དབུས་མཐོ་སྒང་གི་ནམ་ཟླ་རྩུབ་པོ་ཡིན་པའི་དབང་གིས་བོད་ཁུལ་ན་འུག་པ་ཉུང་བའི་ཁར། མི་རྣམས་ཀྱིས་དུག་འཕངས་ཏེ་བྱི་བའི་རིགས་གསོད་པ་དང་། འུག་པས་དུག་གྲིར་ཤི་བར་བྱི་བ་ཟོས་ཏེ་འཆི་བཞིན་ཡོད་པས་ཕལ་ཆེར་རྒྱུད་ཆད་ལ་ཉེ་འདུག
འུག་པ་ནི་རང་རྒྱལ་གྱིས་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com