སྲིན་བྱ།
སྲིན་བྱ། 长耳鸮 Long-eared Owl
གཟུགས་གཞིའི་ཁྱད་ཆོས།
སྲིན་བྱའི་གཟུགས་གཞིའི་རིང་ཚད་ལ་ལི་སྨིས35ནས་ལིས་སྨིས40ཡིན་པ་དང་། མགོའི་གཡས་གཡོན་ན་རྣ་གཤོག་དང་མཚུངས་པའི་སྒྲོ་སྤུ་ཚོམ་བུ་རིང་བོ་རེ་སྐྱེས་ཡོད། སྒྲོ་སྤུ་ཚོམ་བུ་རིང་བོ་དེ་གཉིས་ཀྱི་སྤུ་མདངས་ཁམ་ནག་ཡིན། སྲིན་བྱའི་མགོ་དང་ངོ་གདོང་དཀར་བོ་ཡིན་ནའང་། དེའི་སྟེང་དུ་ཐིག་ལེ་ཁམ་ནག་བབས་འདུག ལུས་སྟོད་ཁམ་སེར་ཡིན་ལ། ཁམ་སེར་གྱི་ནང་དུ་དཀར་བོ་དང་ནག་པོ། ཁམ་མདོག་ཡིན་པའི་ཁྲ་ཐིག་བབས་ཡོད། ལུས་སྨད་ཁམ་སེར་ཡིན་ལ། དེའི་ནང་ལ་ཁམ་ནག་གི་འཕྲེད་ཐིག་བབས་འདུག གསུས་པའི་སྨད་ངོས་དཀར་སྐྱ་ཡིན་ལ། རྐང་བའི་ངོས་སུ་བལ་སྤུ་དང་མཚུངས་པའི་སྒྲོ་སྤུ་ཁྱབ་འདུག སྡེར་མོ་ཆེ་ཞིང་ལྕགས་ཀྱུ་བཞིན་དུ་ནང་ལ་བཀུག་ཡོད། ཕྱི་ཚུགས་ལ་བལྟས་ན་ཕོ་བྱ་དང་མོ་བྱ་གཉི་གར་ཁྱད་པར་མེད།
ཁྱབ་ཡུལ།
རང་རྒྱལ་གྱི་ས་ཆ་ཕལ་ཆེ་བ་ན་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
སྲིན་བྱ་ནི་མཚོ་ངོས་ལས་སྨིས800ནས3500བར་གྱི་སྒང་གཤོང་ངམ་ཐང་ཡངས་ཀྱི་ནགས་ཁྲོད་ན་གནས་པ་ཡིན། ཉིན་དཀར་སྡོང་བོའི་ཡལ་གའི་སྟེང་དུ་གྲགས་འགུལ་མེད་པར་གཉིད་པ་དང་། མཚན་མོར་ཁ་ཟས་བཙལ་དུ་འགྲོ་བ་ཡིན། སྲིན་བྱ་ནི་འཕུར་ན་མགྱོགས་པ་དང་བར་སྣང་ནས་འཕུར་སྐབས་གཤོག་རྡེབ་བྱེད་པའི་སྒྲ་ཡང་གྲགས་རྒྱུ་མེད་པར་འཕུར་ཐུབ་པའི་འདབ་ཆགས་ཤིག་ཡིན། རྣམ་རིག་རྒོད་ཅིང་གདུག་རྩུབ་ཆེ་བ་དང་། ཁེར་འཕུར་བྱེད་པར་དགའ། ཁ་ཟས་གཙོ་བོ་ནི་བྱི་བའི་རིགས་ཡིན་པ་དང་། སྡོམ་རྩིས་བྱས་པ་ལྟར་ན་སྲིན་བྱ་ཞིག་གིས་དབྱར་ཐོག་གཅིག་ལ་བྱི་བའི་རིགས་ཆིག་སྟོང་ལྷག་གསོད་པ་ཡིན་ཟེར། སྐྱེ་འཕེལ་བྱད་སྐབས་ཚང་སྡོང་ཁུང་དུ་བཅའ་བ་དང་། སྒོ་ང1ནས3བཏང་སྟེ་རུམ་པ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
སྲིན་བྱས་ཁ་ཟས་སུ་བྱི་བའི་རིགས་འབོར་ཆེན་གསོད་པ་ཡིན། སྲིན་བྱས་བྱི་གནོད་འགོག་ཐུབ་པར་བརྟེན་ཞིང་ལས་དང་ནགས་ལས། ཕྱུགས་ལས་བཅས་ལ་ཕན་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་པར་མ་ཟད། སྲིན་བྱའི་ཤའང་བོད་སྨན་དུ་འགྲོ་བ་རེད།
ད་ཡོད་གནས་བབ།
སྲིན་བྱ་ཧ་ཅང་ཉུང་མོད། སྲིན་བྱའི་ཁ་ཟས་གཙོ་བོ་བྱི་བའི་རིགས་ཡིན་པ་དང་། དེང་སྐབས་དུག་གིས་བསད་པའི་ཨ་བྲ་ཤི་རོ་སོགས་ཟོས་ཏེ་ཤི་དང་འཆི་བཞིན་ཡོད།
སྲིན་བྱ་ནི་རང་རྒྱལ་གྱིས་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com