རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་བའི་ཧོར་བ་དཀར་བོ།
ཧོར་བ་དཀར་བོ། 白尾鹞 Hen Harrier
གཟུགས་གཞིའི་ཁྱད་ཆོས།
ཧོར་བ་དཀར་བོའི་གཟུགས་གཞིའི་རིང་ཚད་ལ་ལི་སྨིས46ནས54ཡོད་ཅིང་། ཕོ་བྱའི་ལུས་སྟོད་ནག་སྐྱ་ཡིན། སྐེ་མཇིང་ན་དཀར་ཐིག་ཆེན་པོ་ཡོད་པ་དང་། དཀར་ཐིག་གི་སྟེང་ན་ཁམ་མདོག་གི་ཐིག་རིས་ཡོད། གཤོག་པ་རིང་ཞིང་གཤོག་སྣེ་ཕྲ་བ་དང་། གཤོག་སྣེ་ནག་པོ་ཡིན། གཤོག་འདབས་ཁམ་སྐྱ་དང་གསུས་ངོས་ཕལ་ཆེར་དཀར་བོ་ཡིན། མཆུ་ཏོ་ཁམ་ནག་དང་མཆུ་ཡི་གྲུ་ཁ་སེར་བོ་ཡིན། རྐང་བ་སྐྱ་སེར་དང་སྡེར་མོ་ནག་པོ་ཡིན། མོ་བྱའི་ལུས་སྟོད་ཁམ་ནག་དང་ལུས་སྨད་ན་ཁམ་ནག་གི་ཐིག་རིས་ཡོད། གཤོག་སྒྲོ་ཅུང་རིང་། ཧོར་བ་དཀར་བོ་འཕུར་སྐབས་གཤོག་སྣེ་ཡར་འཁྱིལ་འདུག
ཁྱབ་ཡུལ།
ཧོར་བ་དཀར་བོ་ནི་རང་རྒྱལ་གྱི་ས་ཆ་ཕལ་ཆེར་ན་ཡོད། དགུན་ཐོག་མཚོ་སྔོན་ཞིང་ཆེན་དང་འབྲི་ཆུའི་བར་རྒྱུད། འབྲི་ཆུའི་སྨད་རྒྱུད་སོགས་ན་འཚོ་སྡོད་བྱས་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
ཧོར་བ་དཀར་བོ་ནི་རི་ཁུལ་གྱི་རྩྭ་ས་དང་སྤང་རྩྭའི་རྩྭ་ཐང་དུ་འཚོ་སྡོད་བྱས་ཡོད། བར་སྣང་དུ་འཕུར་སྐབས་གཤོག་རྡེབ་བྱེད་པ་ཧ་ཅང་མགྱོགས། རི་དྭགས་རྔོན་སྐབས་བར་སྣང་ནས་མར་བཅུམ་ཚད་ཀྱང་ཤིན་ཏུ་མགྱོགས། ཧོར་བ་དཀར་བོའི་ཁ་ཟས་གཙོ་བོ་ནི་རྨུགས་པའི་རིགས་དང་བྱི་བའི་རིགས། བྱིའུ་རིགས། འབུ་ཆ་ག་བ་སོགས་ཡིན། ལོ་རེའི་ཟླ5བ་ནས་ཟླ6པ་ནི་སྐྱེ་འཕེལ་བྱེད་པའི་དུས་ཡིན། བྱ་ཚང་ནི་རྩྭ་རྫུབས་སམ་འདམ་རྩྭའི་གསེང་དུ་འཇོག་པ་ཡིན། བྱ་སྒོང6ནས8བཏང་རྗེས་རུམ་པ་ཡིན་ལ། སྒོ་ངའི་ཁ་དོག་ནི་དཀར་བོ་དཀར་རྐྱང་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
ཧོར་བ་དཀར་བོས་བྱི་བའི་རིགས་དང་བྱ་བྱིའུ་ནད་པ་བསད་དེ་ཟ་བ་ཡིན་པས། བྱི་གནོད་སྔོན་འགོག་བྱ་ཐུབ་པར་མ་ཟད། བྱ་བྱིའུའི་རིགས་རྒྱུད་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བར་ཡང་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད།
ད་ཡོད་གནས་བབ།
ཧོར་བ་དཀར་བོ་ནི་སྤང་རྩྭའི་རྩྭ་ཐང་གི་བར་སྣང་དུ་འཕུར་བ་མང་ཡང་། གྲངས་ཀ་ཧ་ཅང་ཉུང་། བོད་མི་མང་ཚོགས་རྣམས་ཀྱིས་ཧོར་བ་དཀར་བོ་མི་གསོད་ནའང་། ཧོར་བ་དཀར་བོའི་བྱ་ཚང་ས་ཐོག་ཏུ་བཅོས་ཡོད་པས་དང་། མི་ཟོག་ཀུན་གྱིས་གནོད་པ་ཐེབས་སླ་བས་འཕེལ་ཚད་ཧ་ཅང་དམའ་བར་མ་ཟད། ལོ་འགའི་རིང་ལ་མི་རྣམས་ཀྱིས་དུག་འཕངས་ཏེ་བྱི་གནོད་འགོག་པ་དང་། ཧོར་བ་དཀར་བོས་དུག་གྲིར་ཤི་བའི་བྱི་བའི་རིགས་ཟོས་ཏེ་ཤི་བ་ཧ་ཅང་མང་བས། ཧོར་བ་དཀར་བོ་ནི་ལོ་རེ་བཞིན་དུ་ཇེ་ཉུང་ལ་འགྲོ་བཞིན་ཡོད།
ཧོར་བ་དཀར་བོ་ནི་རང་རྒྱལ་གྱིས་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པར་གྱུར་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com