རང་རྒྱལ་གྱིས་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོ་དོམ་ཁྲ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-02-03 09:54:00 ཀློག་གྲངས།:

རང་རྒྱལ་གྱི་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོ་དོམ་ཁྲ།
དོམ་ཁྲ།  熊猫  Panda

གཟུགས་གཞིའི་ཁྱད་ཆོས།
        དོམ་ཁྲའི་གཟུགས་གཞིའི་རིང་ཚད་ལ་ལིས་སྨིས120ནས་ལིས་སྨིས180ཡི་བར་དང་།  སོག་མགོའི་མཐོ་ཚད་ལ་ལིས་སྨིས65ནས་ལིས་སྨིས70བར། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ60ནས་སྤྱི་རྒྱ125བར། རྔ་མའི་རིང་ཚད་ལ་ལིས་སྨིས10ནས་ལིས་སྨིས20བཅས་ཡོད། དོམ་ཁྲ་ནི་མགོ་བོ་སྒོར་ཞིང་རྔ་མ་ཐུང་བ། ལྟིག་ལྟིག་མི་ལྟིག་དོམ་དང་མཚུངས་པ་ཞིག་ཡིན། དོམ་ཁྲའི་སྤུ་མདངས་དཀར་ས་དཀར་ཞིང་ནག་ས་ནག་པ་ཞིག་སྟེ། རྣ་མདོ་དང་མིག་མཐའ། རྣ་གཤོག སུག་སྡེར་བཞི། སོག་མགོ་བཅས་ནི་ནག་པོ་ཡིན་པ་དང་། དེ་མིན་ཐམས་ཅད་དཀར་བོ་ཡིན། ལག་སྡེར་གྱི་སྟེང་ན་སྡེར་མོ་དྲུག་ཡོད། རྒྱབ་གཞུང་གི་སྤུ་རགས་ཤིང་རྫོང་མཐུག་པ་དང་གསུས་ངོས་ཀྱི་དབོ་སྤུ་ཕྲ་ཞིང་རིང་བ་ཞིག་ཡིན།
ཁྱབ་ཡུལ།
        དོམ་ཁྲ་འཚོ་སྡོད་བྱེད་ས་ནི་མཚོ་ངོས་ལས་སྨིས2300ནས་སྨིས3500ཡོད་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་བརླན་བཤེར་འཛོམས་པའི་རི་ཚོགས་དང་ལུང་ཁོག་ཡིན། ས་ཆ་དེ་དག་གི་ནགས་ཚལ་སྟུག་ཅིང་སྨྱུག་མ་སྐྱེས་པ་ལེགས་པས། ནམ་ཟླར་འགྱུར་ལྡོག་ཆུང་བ་དང་བསྐུང་ས་ཡོད་པ། ལ་མི་གཟར་བ། ཟས་ཆུ་འཛོམས་པའི་གནས་ཕུན་སུམ་ཚོགས་པ་ཞིག་ཡིན།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
      ཚང་ལ་འགྲོ་སྐབས་མ་གཏོགས་དོམ་ཁྲ་རྣམས་རང་རང་གི་ས་ན་ཁེར་འགྲོ་བྱེད་བཞིན་འདུག
      ཁ་ཟས་གཙོ་བོ་ནི་ས་ཆ་མཐོ་ས་གནས་པའི་སྨྱུག་མའི་རིགས་ཡིན་ལ། མཚམས་ལན་རེར་རྩི་ཤིང་གཞན་དག་དང་སྲོག་ཆགས་དག་གི་ཤི་ཤའང་ཟ་བ་རེད། དོམ་ཁྲའི་ལྟོ་ཧ་ཅང་ཆེ་བས་ཉི་མ་རེར་ཟས་སྤྱི་རྒྱ12ནས་སྤྱི་རྒྱ38ཟ་བ་དང་། ཟས་ཟ་ཡུན་ནི་ཉི་མ་རེར་དུས་ཚོད14ཟིན་པར་མ་ཟད། ཉི་མ་རེ་རེར་ཆུ་ཁར་ཆུའང་འཐུང་དུ་འགྲོ་བ་རེད། དོམ་ཁྲ་ཚང་ལ་འགྲོ་སྐབས་ནི་ལོ་རེའི་དཔྱིད་ཟླ3པ་ནས་དབྱར་ཟླ5བའི་བར་ཡིན།  མངལ་སྦྲུམ་ཡུན་ནི་ཟླ་ངོ5ཡིན། སྟོན་ཟླ8པ་ནས་སྟོན་ཟླ10བར་ལ་ཕྲུ་གུ་བཙའ་བ་ཡིན། བཙའ་ཐེངས་རེར་ཕྲུ་གུ་གཅིག་རེ་བཙའ་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
      རང་རྒྱལ་གྱི་རྒྱལ་ནོར་དུ་འབོད་པའི་དོམ་ཁྲ་ནི་བལྟས་ན་སྙིང་རྗེ་བ་དང་མིག་ལ་མཛེས་པ་ཞིག་ཡིན་པས། རི་དྭགས་ཁང་སོགས་སུ་འགྲེམ་སྟོན་བྱས་ན་མི་རྣམས་ཀྱི་དགའ་བསུ་ཐོབ་པར་མ་ཟད། འཛམ་གླིང་གི་སྐྱེ་དངོས་མཁས་ཆེན་དག་གིས་དོམ་ཁྲ་ནི་སྐྱེ་དངོས་ཀྱི་འགྱུར་རྡོ་ཞེས་སུ་ངོས་འཛིན་བྱེད་བཞིན་འདུག
ད་ཡོད་གནས་བབ།
      ནགས་ཚལ་བཅད་དྲགས་པ་དང་ལྐོག་རྔོན་བྱས་དྲགས་པ། དོམ་ཁྲ་གནས་སའི་ས་ཆར་ས་བརྐོ་རྡོ་སློག་དང་བཟོ་གྲྭ་འཛུགས་དྲགས་པ་བཅས་ཀྱི་དབང་གིས་དོམ་ཁྲའི་ཁྱབ་རྒྱ་ཇེ་ཆུང་དང་དོམ་ཁྲའི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་བཞིན་འདུག ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས། རྒྱལ་སྤྱིའི་འབྲེལ་ཡོད་རྩ་འཛུགས་དང་ཚན་རིག་སྡེ་ཁག  ཚན་རིག་པ་དག་གིས་དོམ་ཁྲ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་པས། དོམ་ཁྲའི་གྲངས་ཀའང་ཇེ་མང་དུ་སོང་བར་བཤད་འདུག
      དོམ་ཁྲ་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།