༄༅ །། རི་རྒྱལ་ལྷུན་པོ་ཨ་མྱེས་རྨ་ཆེན།
ཨ་མྱེས་རྨ་ཆེན་ནི། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་སུ་ཡོད་ལ། དེ་ལ་རྨ་རྒྱལ་སྦོམ་ར་དང་རྨ་རྒྱལ་གངས་རིའང་ཟེར། རྒྱ་མཚོའི་ངོས་ལས་རྨིད་དྲུག་སྟོང་ཉིས་བརྒྱ་གྱ་གཉིས་ཀྱིས་མཐོ་བ་ཡོད། སྲིད་པ་ཆགས་པའི་ལྷ་དགུའི་ནང་གསེས་གཞི་བདག་མཐུ་བོ་ཆེ་ཨ་མྱེས་རྨ་ཆེན་གྱི་གནས་རི་ཡིན་པར་བཤད། འདི་ནི་མདོ་ཁམས་ཀྱི་བདག་པོ་ས་བཅུ་པ་ཐོབ་པར་གྲགས་ཤིང་། ཁོང་ལ་སྲས་དང་སྲས་མོ་མང་བ་ལས། དེ་དང་དེའི་གནས་རི་ནི་བོད་ཁམས་ཀུན་ལ་ཁྱབ་ཡོད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com