བྲག་དཀར་སྤུན་གསུམ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-16 10:15:06
ཀློག་གྲངས།:
༡.མིང་གི་ཐོགས་ཚུལ།
སྤུན་ཆེ་བ་རབ་བརྟན་ཐོགས་མེད་དང༌། འབྲིང་བ་བཀྲ་ཤིས་དོན་གྲུབ། ཆུང་བ་དཀོན་མཆོག་འཇིགས་མེད་གསུམ་གནས་སའི་རྫ་བྲག་གངས་རི་དཀར་བོ་རྩེ་གསུམ་ཅན་གཙོ་བྱས་པའི་རི་བོ་དེར་བྲག་དཀར་ཞེས་ཟེར།
༢.བྱེ་བྲག་གི་ཡོན་ཏན་དང་ཁྱད་ཆོས།
སྤུན་ཆེ་བ་རབ་བརྟན་ཐོགས་མེད་ནི་རིགས་གསུམ་མགོན་པོའི་ཡ་གྱལ་ཐུགས་སྙིང་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་གི་རྣམ་པར་གྲགས་པས། ཁོང་གི་སྐུ་དང་ཆ་བྱད་ཀྱི་ཁྱད་ཆོས་གཙོ་བོར་སྐུ་མདོག་དཀར་གསལ་འཛུམ་བག་དང་ལྡན་པ། ཕྱག་གཡས་མདུང་དར་དཀར་བོ་དང༌། གཡོན་ཤེལ་དཀར་གྱི་ཕྲེང་བ་འདྲེན་པ་ཞིག་ལགས་པས། གཙང་དགེ་ལུང་བར་མ་ཎི་ཡི་གེ་དྲུག་མའི་སྙིང་བོ་རང་བྱོན་དང་མཚམས་ཁང་ཡང་ད་ལྟ་མིག་གི་དགའ་སྟོན་དུ་མངོན་རྒྱུ་འདུག
སྤུན་འབྲིང་བ་བཀྲ་ཤིས་དོན་གྲུབ་ནི་རིགས་གསུམ་མགོན་པོའི་ཡ་གྱལ་ཤེས་རབ་མཆོག་སྦྱིན་གྱི་བདག་པོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་གྲགས་པས་ཁོང་གི་སྐུ་དང་ཆ་བྱད་ཀྱི་ཁྱད་ཆོས་གཙོ་བོར། སྐུ་མདོག་དམར་བོ་སྒེག་པའི་ཉམས་ཅན། ཕྱག་གཡས་དར་མདུང་དམར་བོ་དང༌། གཡོན་པར་དགོས་འདོད་སྩོལ་པའི་ཤེས་རབ་གཏེར་གྱི་བུམ་པ་བསྣམས་པ་ཞིག་ལགས་སོ།།
སྤུན་ཆུང་བ་དགྲ་འདུལ་དཀོན་མཆོག་འཇིགས་མེད་ནི་རིགས་གསུམ་མགོན་པོའི་ཡ་གྱལ་མཐུ་སྟོབས་ཀུན་འདུས་ཀྱི་བདག་པོ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་པར་གྲགས་པས། ཁོང་གི་སྐུ་དང་ཆ་བྱད་ཀྱི་ཁྱད་ཆོས་གཙོ་བོར། སྐུ་མདོག་སྨུག་ནག་ཁྲོས་པའི་ཉམས་ཅན། ཕྱག་གཡས་བསྟན་དགྲ་དམ་ཉམས་ཀྱི་སྙིང་ལ་གཟེར་བའི་མདུང་རིང་དར་ནག་གི་བ་དན་ཅན་དང༌། གཡོན་པར་བདུད་སྲིན་མ་རུང་འདུལ་བྱེད་ཀྱི་ཞགས་པ་འཛིན་པ། སྨ་ར་དང་སྨིན་མའི་གསེབ་ནས་མེ་སྟག་ཆིལ་ཆིལ་འཕྲོ་བ་ཞིག་ལགས་སོ།།
མདོར་ན། སྐུ་མཆེད་གསུམ་ཀའི་གང་ཡིན་ཀྱང་སྐུ་ལ་དར་གྱི་འཇོལ་བེར་དང༌། གསེར་ཁྲབ་གསོལ་ལ། དབུ་ལ་གསེར་གྱི་རྨོག་ཞུ་གྱོན་པ། སྐེད་པར་གནམ་ལྕགས་ཐོག་འབེབས་ཀྱི་ཉག་ཕྲན་དང༌། མཆོག་དཀར་སྲ་བའི་གནམ་རུས་གང་བའི་སྟག་རལ་དང་གཟིག་ཤུབས་བཅིངས་པ། ཞབས་ལ་སག་ལྷམ་ཡུ་རིང་གྱོན་པ། དྲག་རྩལ་དཔའ་བོའི་ཆས་རྣམས་ཡོངས་སུ་རྫོགས་པ། སྟོང་གསུམ་སྐད་ཅིག་བགྲོད་པའི་མྱུར་མགྱོགས་རླུང་ཤུགས་དང་ལྡན་པའི་རྟ་མཆོག་གྱི་སྟེང་དུ་འགྱིང་ཚུལ་གྱིས་བཞུགས་པ་ཞིག་ཡིན་ལ། སོ་སྐྱེས་ཕོ་མོའི་ཐུན་མོང་གི་སྣང་ངོར་སྐུ་མཆེད་གསུམ་གནས་སའི་རི་བོ་གང་དང་གང་ཞིག་ཡིན་ཀྱང་རྩེ་མོ་དགུང་ལ་ཟུག་པའི་རི་ཕྲན་བརྒྱད་ཀྱིས་མཐའ་སྐོར་བའི་དཀྱིལ་ན་མངོན་པར་འགྱིང་ཡོད་ལ། གཞན་ཡང་ཀོའུ་བ་ཆོས་ཀྱི་རྒྱ་མཚོས་གནས་འདིའི་ཕྱི་ནང་ཁོ་ར་ཁོར་ཡུག་གི་གནས་བབས་དེ་དཔལ་བདེ་མཆོག་དཀར་བོའི་ཞིང་བཀོད་ཁ་ཚང་པ་ཡིན་པར་གསུངས།
༣.བྲག་དཀར་སྤུན་གསུམ་གྱི་མ་ཡུམ་ལྕམ་སྲིང་དང་བློན་འཁོར་གཡོག་སོགས།
མོ་ཆུའི་ཨ་མ་སྨུག་རི་མ་ནི་བྲག་དཀར་མཆེད་སྤུན་གསུམ་གྱི་མ་ཡུམ་ཡིན་ལ། གནས་རི་འདིའི་མིང་གི་ཐོགས་ཚུལ་ལ་བྲག་དཀར་གྲམ་དཀར་དུ་འབབ་པའི་ཆུ་དེ་ཕོ་ཆུ་དང༌། མོ་ཆུའི་ལུང་བར་འབབ་པའི་ཆུ་དེ་མོ་ཆུ་ཡིན་པར་བཤད་པས། ཡུལ་འདིར་གསོམ་ཤུག་ནགས་ཚལ་གྱིས་ཡོངས་སུ་བཀླུབས་ཤིང༌། བྱ་བྱེའུ་འདབ་ཆགས་སྣ་ཚོགས་ཀྱིས་གྲེ་འགྱུར་ངོམ་པ། སྐྱེས་དངོས་རྩྭ་སྨན་ཅི་རིགས་རང་ཤུགས་ཀྱིས་སྐྱེས་པ་དེར་དབྱར་ཟླ་གསུམ་ལ་དར་གོས་དཀར་བོའི་ན་བཟས་གཡོགས་པ་དང་འདྲ་བར་སྤྲིན་སྨུག་གིས་ཡོངས་སུ་བཟུང་ཡོད་པས་མོ་ཆུའི་ཨ་མ་སྨུག་རི་མ་ཞེས་ཐོགས་སོ།།
བྲག་དཀར་ལྷ་རིའི་འདབས་རོལ་ན་རྩེ་མོ་ཕྲ་བ་དང་མདུན་ངོས་གཡའ་བྲག་ལ་རྒྱབ་ངོས་གསོམ་ཤུག་གི་རྒྱན་གྱིས་མཛེས་པའི་རི་གསུམ་དགུང་ལ་བསྙེགས་ཤིང་རྩེ་མོ་གནས་རི་གསུམ་གྱི་ཕྱོགས་སུ་ཕྱོགས་པ་དེ་ནི་བྲག་དཀར་སྤུན་གསུམ་གྱི་བཙུན་མོར་གྲགས་པའི་ཁྲ་མོ་སྤུན་གསུམ་ཡིན་ལ། གནས་དེར་རང་བྱུང་ཐོན་རྫས་ལ་རྡོ་སྣུམ་དང༌། རྡོ་སོལ་གྱི་གཏེར་ཁའང་མཆིས་སོ།།
བྲག་དཀར་སྤུན་གསུམ་ལ་སྐུ་སྲིང་གསུམ་ཡོད་པ་ནི། ཨ་ཅེ་དེའུ་དཀར་མ་དང༌། ལྕམ་མཆོག་དཀར་མོ་གཡུ་ཡི་རལ་བ་ཅན། སྣར་མ་ཕྱུག་མོ་བཅས་ཡིན།
(༡)ཨ་ཅེ་དེའུ་དཀར་མ་ནི་ཨ་མྱེས་བྲག་དཀར་གྱི་བུ་མོ་ཡུལ་བཟུང་མ་ཡིན། གནས་རི་དེའི་ལོགས་ན་རི་ཕྲན་འགའ་ཡོད་པ་དེ་ནི་ཨ་ཅེ་དེའུ་དཀར་མའི་བྱིས་པ་ཡིན་པར་གྲགས་པས་མིང་ལའང་དེའུ་ཕྲུག་ཞེས་འབོད། གཞན་ཡང་གནས་དེར་ཆུ་གནམ་རྒྱག་ཅེས་རྦབ་ཆུ་ངོ་མཚར་བ་མཐོ་ཚད་ལ་རྨིད་༡༥དང་ཞེང་ལ་རྨིད་༡༢ཅན་ཞིག་ཀྱང་མཆིས་སོ།།
(༢)ཨ་མ་ལྕམ་ནི་ཨ་མྱེས་འབའ་རྩེ་དུང་གི་ཐོར་ལྕོག་ཅན་ལ་མནའ་མར་བརྫངས་ཤིང༌། ཕྱིས་སུ་བཟའ་ཟླ་གཉིས་མ་མཐུན་པར་ཡུལ་ལ་འགྲོ་པའི་ལམ་བར་ཨ་མྱེས་བལ་བོ་སྔུན་ནས་བུད་པས་ཁ་ཕྱིར་འཁོར་ནས་ད་ལྟའི་རི་དེར་གནས་པར་གྲགས་སོ།།
(༣)བ་དགུའི་ཨ་མ་སྣར་མ་ཕྱུག་མོ་ནི་རེབ་གོང་གོའུ་སྡེའུ་ཀ་རིང་གི་ས་ཆར་ཡོད།
ཨ་མྱེས་བྲག་དཀར་ལ་བློན་འཁོར་བགྲང་ལས་འདས་པ་ཞིག་མཆིས་མོད། དེ་ལས་བློན་འཁོར་གཙོ་གྲས་ལ། ཨ་མྱེས་བལ་བོ་སྤུན་གསུམ་དང༌། མགར་གྲོང་བསྟན་སྐྱོང༌། བང་ཁྱ་ཡེ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།