ཀབ་རོན་གྲམ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-05-17 10:37:22 ཀློག་གྲངས།:
   བྲག་དཀར་ལྷ་རིའི་འདབས་རྒྱུད་དུ་ལོ་ངོ་རིང་མོར་བཞུར་བའི་ཆུ་བོ་དཀར་དམར་སྔོན་གསུམ་གྱིས་གྲུབ་པའི་ཀབ་རོན་གྲམ་པ་ཡོད་ལ། དེའི་ཆུ་ཡིས་སྨད་རྒྱུད་ཀྱི་མི་དམངས་ལ་འཚོ་བ་དང་ཞིང་ཕྱུགས་ཐོན་སྐྱེད། རྩི་ཤིང་ལྗོན་པ་སོགས་ལ་ཕན་པའི་མཐུན་རྐྱེན་སྒྲུབ་བཞིན་ཡོད། ཀབ་རོན་གྲམ་པའི་ནང་ན་རྡོ་དཀར་དམར་སྔོ་གསུམ་ལ་རྣམ་པ་དང་དབྱིབས། ཆེ་ཆུང༌། རྡོའི་སྟེང་གི་རི་མོ་སོགས་མི་འདྲ་བ་ཡོད་པས་རྨ་ཀླུང་རིང་མོའི་ངོ་མཚར་ཅན་གྱི་རྡོ་ཡི་རིག་གནས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཏུའང་གྲུབ་ཡོད།
   སྟག་རྫོང་བརྒྱུད་དེ་ཡར་ཅུང་ཡོང་ནས་སྤྱི་ལེ་གསུམ་གྱི་གནས་སུ། ལྷ་དེའི་བང་མཛོད་དུ་གྲགས་ཤིང་འབྲུ་སྣ་ལྔས་གཏམས་པའི་ལྷ་དེའུ་རི་སྒང་ཡོད་ལ། ངག་རྒྱུན་ལྟར་ན་ཕྱོགས་བཞི་མཚམས་བརྒྱད་ནས་ཨ་མྱེ་བྲག་དཀར་ལ་མཆོད་པའི་རྫས་ཀྱི་སྙིང་བོ་འདིར་འདུས་ཤིང༌། ས་འདིར་འབྲུ་སྣ་ལྔ་འཛོམས་དོན་ཡང་དེ་ཡིན་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།