མཚོ་སྙིང་མ་ཧཱ་དེ་ཝ།

རྩོམ་པ་པོ།:གསལ་བོར་མི་ཤེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-04 08:56:36 ཀློག་གྲངས།:
དེ་ཡང་མཚོ་སྙིང་མ་ཧཱ་དེ་ཝ་ཡི།  །གནས་སྒོ་ལྷ་ཁང་རྒྱབ་ཀྱི་ཕུག་པ་ནི།  །གནས་བརྟན་བཅུ་དྲུག་གདན་ས་རང་གྲུབ་ཡིན།  །མདུན་གྱི་ཕ་བོང་དཀར་པོའི་གཡས་ཟུར་ན།  །སེང་ཆེན་དང་ལའི་ཞབས་རྗེས་རང་བྱོན་ཡོད།  །ཕ་བོང་ནག་ཁྲ་གྲུ་བཞིའི་སྟེང་དབུས་སུ།  །འདོད་འཇོ་བ་ཡི་ཞབས་རྗེས་མངོན་པར་གསལ།  །བྲག་སྣ་ནག་པོ་ཡོད་སའི་གཡས་ཟུར་ན།  །ཕ་བོང་ནག་པོ་མདུན་ཅོག་བཞག་འདྲའི་སྟེང༌།  །རྐྱང་རྒོད་རྟ་རྗེས་མ་ཎི་རང་བྱོན་ཡོད།  །གཡས་ཕྱོགས་གཟུར་ནས་མར་ལ་བལྟས་ཙ་ན།  །དམྱལ་བའི་ཟངས་དམར་རང་བྱོན་དེ་ན་ཡོད།  །གནས་རྡོ་གང་ཡིན་ནང་ལ་འཕེན་མི་རུང༌།  །བྲག་སྔོན་སྐེ་རགས་བཅིངས་འདྲའི་གཡས་ཟུར་ན།  །རྡོ་རྗེ་ཕུག་ལམ་རང་བྱོན་དེ་རུ་མཆིས།  །བྲག་རི་ཁྲ་ཁྲ་གླེག་བམ་བརྩེགས་འདྲའི་འོག  ། མ་ཅིག་ལབ་སྒྲོན་སྒྲུབ་ཕུག་གཏེར་ཁུག་ཡོད།  །བྲག་རི་སྔོ་ཁྲ་སྣ་འདྲའི་གཡས་ཟུར་ན།  །ཕ་བོང་ནོར་བུ་འདྲ་བའི་རྒྱབ་བར་དུ།  །ཕ་ལ་དྲིན་ལན་འཇལ་ས་དེ་རུ་མཆིས།  །བྲག་སྣ་དེ་ཡི་འོག་ཏུ་ཕྲེང་རྒྱུན་ཡོད།  །དེ་ལ་བརྒྱུན་ན་ཕྲེང་འཛིན་རྒྱུན་མི་འཆད།  །བྲག་སྐྱའི་སྟེང་ན་རྡོ་སྐུ་སྟོན་པ་དང༌།  །དེ་ཡི་གཡོན་འོག་རྡོ་གོར་ཆུང་བུའི་འོག  ། ཚེ་ཆུ་བདུད་རྩི་རང་འབབ་དེ་རུ་ཡོད།  །གྲུ་བཞིག་རྡོ་སྟེང་ཨ་ཡིག་རང་བྱོན་ཡོད།  །དེ་ཡི་གཡས་སུ་མཐོ་རིས་ཐར་ལམ་ཡོད།  །དེ་རུ་ཐར་ན་ཚད་མེད་ལྔ་བསགས་ཀྱང༌།  །མི་ཁོམ་ལ་སོགས་ངན་སོང་སྒྲ་མི་གྲགས།  །མཆོད་རྟེན་བྲིས་སར་སྟོན་པའི་སྒྲུབ་ཕུག་ཡིན།  །བྲག་སྣ་མི་ཞིག་བཙོག་འདྲའི་ལུང་བའི་གཡོན།  །དྲིན་ཅན་ཨ་མར་དྲིན་ལན་འཇལ་ས་དང༌།  །འོག་ཏུ་ཕ་བོང་བྲག་ལ་བརྡབས་འདྲ་ནི།  །གཤིན་རྗེ་རྒྱ་མ་ཚད་ས་དེ་ཡིན་ནོ།  །བྲག་ཕུག་ཁ་ནུབ་འཁོར་ནས་བལྟས་འདྲ་ནི།  །ཤ་ཟ་མཁའ་གྲོ་འབུམ་གྱི་ཚོགས་ཁང་ཡིན།  །གསེར་ཉ་རྟགས་བརྒྱད་རྟེན་སོགས་ལེན་ས་ཡོད།  །ཕ་བོང་ནག་ཁྲ་སེང་གེ་ཉལ་འདྲའི་སྟེང༌།  །སེང་གེ་དཀར་མོ་འགྱིངས་འདྲའི་གཡས་ཕྱོགས་ན།  །གཤིན་རྗེ་སྐམ་པ་རང་བྱོན་འཛུལ་ས་ཡོད།  །ཕ་བོང་དེ་ཡི་ཕུག་སྒོ་གཅོད་པ་ནི།  །ཨྱོན་པདྨའི་རྫུ་འཕྲུལ་རྟེན་ཕུག་ཡིན།  །བྲག་སྣ་འགྲོ་ལམ་བཀག་འདྲའི་གཡོན་ཕྱོགས་ན།  །གསེར་གྱི་ཉ་མོ་རང་བྱོན་དེ་ན་ཡོད།  །རྐེད་ཀྱི་འཕྲེད་ལམ་མདུན་གྱི་རྟགས་ཡོད་སར།  །སློབ་དཔོན་པདྨའི་ཞབས་རྗེས་རང་བྱོན་དང༌།  །ཕུར་བུའི་གདབ་པའི་ཕ་བོང་གས་གཉིས་ཡོད།  །ཕ་བོང་སྔོ་སྐྱ་ཆེ་ཙམ་ཡོད་པ་དེ།  །ལྷོ་ཕྱོགས་དུར་ཁྲོད་རང་བྱོན་དེ་རུ་ཡོད།  །གཡས་སུ་ཀླད་རུས་རྡུང་སར་རྡོ་ལེབ་ཡོད།  །མདུན་དུ་བྱ་འགྱེད་བྱེད་ཕུག་རང་བྱོན་ཡོད།  །ཕ་བོང་སྟེང་དུ་ཉལ་ནས་དབུས་ལྟོས་དང༌།  །ཕ་བོང་སྔོ་ཆེན་སྟེང་དུ་དུར་བྱ་གསལ།  །རོ་ཐག་གྲི་ཐོད་དེ་ཡི་རྒྱབ་ན་ཡོད།  །ཕ་བོང་སེར་སྐྱ་དགུང་ལ་རེག་འདྲའི་སྟེང༌།  །སྲིན་པོའི་ཁ་གནོན་མཆོད་རྟེན་རང་བྱོན་ཡོད།  །བྲག་འོག་ས་དམར་ཙམ་ཞིག་ཡོད་པ་ནི།  །གནས་ས་ཁྱད་པར་བ་ཞིག་ལེན་ས་རེད།  །ཕ་བོང་དམར་ཆེན་མང་སར་ཡར་ལྟོས་དང༌།  །ཕུར་བུ་བདབས་འདྲ་རྐྱང་རྒོད་བཏགས་ས་ཡིན།  །ཕ་བོང་ལོག་འདྲའི་རྫ་མའི་དབྱིབས་ཅན་ནས།  །མ་ཐོན་ཙམ་ན་སེང་ཆེན་བཞུགས་ཁྲི་ཡོད།  །བྲག་སྣ་རྒྱན་ཆ་བཏགས་འདྲའི་གཡས་ངོས་སུ།  །སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག་རང་བྱོན་ཡོད།  ། བྲག་སྣ་ཙྪ་འབུམ་ཡོད་པའི་སྣ་འོག་ཏུ།  །བདེ་བ་ཅན་དུའགྲོ་ས་འདྲེན་ཕུག་ཡོད།  ། བྲག་རི་ངང་སྐྱ་ཟུར་ལ་ལོག་འདྲའི་འོག །ཧྲཱིཿགཡའ་མ་ཐར་ལ་འཛུལ་ས་རང་བྱོན་ཡོད།  །ཕ་བོང་དམར་སྐྱ་གས་གཉིས་སོང་འདྲ་འདི།  །ཞལ་ལུ་དཀར་པོས་རལ་གྲི་བཏབས་པའོ།  །རྡོ་ལེབ་འོད་ཅན་མར་ལ་འཁོར་བ་ནི།  །གཤིན་རྗེ་མེ་ལོང་དགེ་སྡིག་འབྱེད་ས་ཡིན།  །གླང་ཆེན་སྣ་ཞགས་བརྒྱངས་འདྲའི་གཡས་ཟུར་ན།  །ཕ་བོང་ཟངས་དམར་ཐབ་ལ་བཞགས་འདྲའི་སྟེང༌།  །སློབ་དཔོན་པདྨའི་ལྷུང་བཟེད་རང་བྱོན་ཡོད།  །ཕ་བོང་སྒོམ་ཐག་དམར་པོ་བཅིངས་འདྲ་ལ།  །གྲིབ་སེལ་ཆུ་དང་ཁྲུས་གཞོངས་རང་གྲུབ་དང༌།  །དུང་དཀར་རང་བྱོན་དེ་ཡི་སྟེང་ན་ཡོད།  །བྲག་རི་དམར་པོ་དེ་ཡི་གཡོན་ཕྱོགས་ན།  །སིནྡྷི་ར་ཡི་ས་སྔགས་རང་གྲུབ་ཡོད།  །བྲག་རི་སྐྱ་བྱང་ནོར་བུ་སྤུངས་འདྲའི་སྟེང༌།  །རྒན་པོ་གཞོན་ནུར་གྱུར་བའི་བདུད་རྩི་ཡོད།  །མཁའ་སྤྱོད་མ་ཡི་སྐུ་གཟུགས་དེ་རུ་མཐོང༌།  །བྲག་སྣ་དམར་ཙམ་ཡོད་སའི་གཡོན་ཕྱོགས་ན།  །ནམ་མཁའི་སྙིང་བོའི་སྒྲུབ་ཕུག་རང་བྱོན་དང༌།  །མདུན་དུ་ནམ་མཁའི་སྙིང་བོའི་ཞབས་རྗེས་གསལ།  །ཕ་བོང་སྟེང་དུ་ཡེ་ཤེས་མཚོ་རྒྱལ་མའི།  །ཚེ་བུམ་ཡོད་པར་རང་བྱོན་མཇལ་ན་གསལ།  །བྲག་སྣ་དེ་ཡི་སྟེང་འོག་ཕྱོགས་མཚམས་ན།  །གསེར་དངུལ་གཡུ་སོགས་གཏེར་ཁ་དེ་རུ་ཡོད།  །སྒྲོལ་མའི་བཞུགས་གནས་ཞབས་རྗེས་ལ་སོགས་ཡོད།  །བྱང་ཕྱོགས་བོན་པོའི་སྒྲུབ་ཕུག་མང་བ་ནི།  །བོན་པོ་ཐམས་ཅད་པདྨའི་རྫུ་འཕྲུལ་གྱིས།  །རང་དབང་མེད་པར་ཆོས་ལ་རབ་


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།