མང་རྫོང་གི་གནས་འགངས་ཆེན་ངོ་སྤྲོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-07 10:25:40 ཀློག་གྲངས།:

     ༡ཐོ་ལེ་དགོན་ནམ་རྣམ་རྒྱལ་ཕུན་ཚོགས་ཆོས་རྫོང་གླིང༌།
མང་རའི་མཁའ་འགྲོ་བ་བརྒྱ་རྩ་ནི་མང་ར་ཞང་གི་བྱང་ཕྱོགས་ཀྱི་མང་ཆུའི་འགྲམ་ངོགས་ན་ཡོད།  ངག་རྒྱུན་ལ་སློབ་དཔོན་ཨོ་རྒྱན་པད་མ་འབྱུང་གནས་ཀྱིས་ས་དེའི་ བདུད་སྲིན་མང་པོ་དམ་ལ་བཏགས་ནས་དཀར་ཕྱོགས་བསྟན་པ་སྲུང་བའི་གནས་བདག་ཏུ་བསྐོས་ཤིང༌།   མང་རའི་མཁའ་འགྲོ་མའང་འདིའི་ཁྲོད་ཀྱི་གཅིག་ཏུ་གྲགས། རི་ངོས་སུ་མཁའ་འགྲོའི་གནས་སྒོ་དང་སྒྲུབ་ཕུག་བྱིན་ཅན་ཡོད་ལ་དུས་ཆེན་རྣམས་སུ་ཆོས་གསུངས་བ་དང་མདའ་དྲིལ་གྱི་སྐད་ཀྱང་ཐོས་ཐུབ། 
     ༢གེ་སར་རྟ་སྒ་དང༌།   རྟ་རྗེས།   ཁྱི་དྭངས་ལའི་ཞབས་རྗེས།   མང་རའི་རབ་རྒན་འགག་གི་ཉེ་ན་ས་ན་གེ་སར་རྒྱལ་བོ་དང་དེའི་བཙུན་མོ་འབྲུག་མོ་གཉིས་ཀྱི་སྐུ་འདྲ་རང་བྱུང་ཡོད་ལ།   གེ་སར་རྟ་སྒ་དང་རྟ་རྗེས།  ཁྱི་དྭངས་ལའི་རྗེས་སོགས་ཇི་བཞིན་པ་རྣམས་ལ་དེང་སང་དངོས་སུ་མཇལ་རྒྱུ་ཡོད།  
     ༣མཁའ་འགྲོའི་ཚོགས་སླང༌།
རབ་རྒན་འགག་གློག་ཁང་གི་ནུབ་ཕྱོགས་ན་གཞོང་བ་སླང་ང་དང་འདྲ་བ་ཞིག་ཡོད་ལ།   དེ་ནི་མང་རའི་མཁའ་འགྲོའི་ཚོགས་སླང་དུ་གྲགས་པ་དེ་ཡིན།   བཤད་རྒྱུན་ལ།   དེ་ནི་མཁའ་འགྲོ་མ་མང་པོས་ཚོགས་ནས་ཟས་རིགས་གཡོས་སྦྱོར་བྱེད་ས་ཡིན་ལ།   དུས་ཆེན་རྣམས་ལ་དུ་རླངས་ནམ་མཁར་ཁྱབ་ཞིག་ཡོད་པ་ས་དེའི་མང་ཚོགས་ཀྱིས་དངོས་སུ་མཐོང་ཚོད་འདུག
     ༤ཀླུ་ཚང་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང༌།
ཀླུ་ཚང་དགོན་ནམ་རྙེ་དགོན་པ་ནི་རྫོང་མཁར་ནུབ་བྱང་གི་སྤྱི་ལེ་2མཚམས་ན་ཡོད་ལ།   དགེ་ལུགས་པའི་དགོན་སྡེ་ཡིན།   དེ་ནི་1889ལོར་རྙེ་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་ཉི་མས་བཏབ་ལ།   སྐུ་ཕྲེང་དང་པོ་བློ་བཟང་ནམ་མཁའ་དང་གཉིས་བ་ངག་དབང་བསྟན་འཛིན་ཉི་མ་གཉིས་ཀྱི་ཁྲི་ཀ་འཕྲང་དམར་གྱི་རྙེ་དགོན་པ་བཏབ་ལ།   སྐུ་ཕྲེང་གསུམ་པ་ནི་བློ་བཟང་བསྟན་པའི་རྒྱལ་མཚན་ཡིན།   སྐུ་ཕྲེང་བཞི་བར་བླ་རབས་གཉིས་བྱུང་ལ།   གཅིག་ནི་ཁྲི་ཀའི་རུ་་དུ་འཁྲུངས་བའི་བསྟན་པ་རབ་རྒྱས་དང་གཅིག་ནི་ཀླུ་ཚང་དུ་འཁྲུངས་བའི་བློ་བཟང་བསྟན་པའི་རྒྱལ་མཚན་ཡིན་ལ་ཀླུ་ཚང་དགོན་འདེབས་མཁན་ཡིན།
     ༥ཀི་ལྡིར་ནགས་ཤུལ།
སུམ་མདོ་ཁ་རྒྱའི་མུ་གེའི་ཐང་དུ་ཡོད་ལ།   ཤུག་སྡོང་དང་གསོམ་སྡོང་སོགས་བྱེ་འོག་ན་མང་པོ་ཡོད་ལ།   སྡོང་བོ་དེ་དག་གི་དཀྱིལ་ཐིག་ན་0.5མུས་ཡོད་པ་ཧ་ཅང་མང་ཐོག   སྲོག་ཆགས་ཡ་མཚན་ཅན་གྱི་རུས་བ་དང་འགྱུར་རྡོ་ཡང་ཧ་ཅང་མང༌། 
     ༦རྟ་རྒྱང༌།
རྟ་རྒྱང་ངམ་རྟ་ལྗང་དུ་གྲགས་པའི་ས་ཆ་དེ་ནི་སྔོན་འཇག་རུ་རྟའི་ཡུལ་ནས།   འཛམ་གླིང་གེ་སར་རྒྱལ་བོའི་ཆིབས་རྟ་རྟ་རྐྱང་ངེའི་ཕ་ས་ཕ་ཡུལ་ཡིན་ལ།   རྟ་རྒྱང་དང་རྟ་ལྗང་མ་ཡིན་པར་རྟ་རྐྱང་ངེ་ཡིན་པར་བཤད།
 
    ༧མང་ར་བ་སེང་གེ་རྒྱལ་མཚན་གྱི་སྒྲུབ་གནས།
སུམ་མདོ་ཞང་གི་ནུབ་ཕྱོགས་སྤྱི་ལེ་1མཚམས་ན་ཡོད་ལ།   དབུས་ཀྱི་མང་ར་བ་སེང་གེ་རྒྱལ་མཚན་ས་འདིར་ཕེབས་ནས་སྒྲིབ་སྤྱོང་དང་བསྟན་འགྲོའི་འགྲོ་དོན་རྒྱ་ཆེར་སྒྲུབ་པས།   མིའི་མིང་ས་ལ་ཐོགས་ཤིང༌།   ད་ལྟ་དད་ལྡན་མང་ཚོགས་དང་གྲྭ་བཙུན་འགའ་རེས་སྒྲུབ་གནས་ན་མཚམས་ཁང་གྱན་འགའ་རེ་ཡང་ལས་ཡོད།
     ༨ཨ་མྱེས་ཁྱུང་ཐོད།
ཀོས་ནན་རྫོང་མཁར་ཤར་ཕྱོགས་སྤྱི་ལེ་3གྱི་མཚམས་ན་བྱ་རྒྱལ་ཁྱུང་ཆེན་བབས་པར་གྲགས་ཤིང་སའི་དབྱིབས་ལའང་ཁྱུང་ཆེན་ཞིག་གཤོག་ཟུང་བསྡུ་ཞོར་ཆུ་ཁར་ཆུ་འཐུང་བ་དང་གཉིས་སུ་མེད་པ་འདི་ནི་ར་རྒྱའི་ཨ་མྱེས་ཁྱུང་རྒན་གྱི་སྲས་སུ་གྲགས་པའི་ཁྱུང་ཐོད་འཕགས་པ་ཀླུ་སྒྲུབ་ཡིན།    ངག་རྒྱུན་ལ་ཨ་མྱེས་ཁྱུང་ཐོད་ནི་གཡག་སེར་གྱི་ཆིབས་པ་ཅན་གྱི་གཞི་བདག་མཐུ་བོ་ཆེ་ཞིག་དང༌།  བརྟེན་ན་དངོས་གྲུབ་ཆར་དུ་འཇོ་ཞིང་འགལ་ན་སྲོག་རྩ་དུམ་མེར་གཅོད་མཁན་ཞིག་ཡིན་པས་ཀླུ་དགོན་བཤད་སྒྲུབ་དགེ་འཕེལ་གླིང་གིས་གཙོས་པའི་ཡུལ་ཕྱོགས་འདིའི་སེར་སྐྱ་ཀུན་གྱིས་གཙིག་ཏུ་བཀུར་ལ་ལོ་རེའི་ས་ག་ཟླ་བར་ལབ་ཙེ་བསྟོད་པ་དང་ལྷ་མཆོད་རླུང་རྟ་བསྐྱེད་པ་སོགས་ཀྱི་ལས་ལ་འཇུག་པར་བྱ། 
    ༩བྱེ་སྣའི་རྩྭ་སེར། 
 མང་རའི་བྱེ་སྣ་སྟེ་སུམ་མདོའི་བྱེ་མ་ཟད་མཚམས་སུ་རྩྭ་སེར་དུ་འབོད་པའི་སའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་120ཙམ་གྱི་རྩྭ་མདོག་སེར་བོ་ཅན་ཉེ་འདབས་ཀྱི་རྩྭ་དང་ཀུན་ནས་མི་མཐུན་པ་དེར་བྱ།  ངག་རྒྱུན་ལ་སྔར་འདྲེ་སྲིན་གྱིས་མང་རའི་བྱེ་མ་འཕྱུར་དུ་བཅུག་པ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གཟིགས་ཏེ་གནས་འདིར་འདིང་བ་བཏིང་བ་དང༌།  ལོགས་ཀྱི་དེའུ་ཁྲི་དང་འདྲ་བར་བཞུགས


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།