ཆུ་བོ་རྒྱལ་མོ་རྔུལ་ཆུ་མཚམས་སྦྱོར་མདོར་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཝེ་ཁེ་རིག་མཛོད། དུས་ཚོད།:2011-10-18 08:42:00 ཀློག་གྲངས།:


ཆུ་བོ་རྒྱལ་མོ་རྔུལ་ཆུ།

         རྒྱལ་མོ་རྔུལ་ཆའི་སྟོད་རྒྱུད་ཀྱི་ནག་ཆུ་དང་ཤག་ཆུ། སོག་ཆུ་སོགས་ཀྱི་མགོ་ཁུངས་ནི་གདང་ལ་རི་བོའི་ལྷོ་འདབས་ཡིན་ལ། ནག་ཆུ་དང་སོག་ཆུ་གཉིས་བོད་ལྗོངས་ཀྱི་འབྲི་རུ་རྫོང་ན་གཞི་གཅིག་ཏུ་འདྲེས་འདུག འདྲེས་མཚམས་དེའི་མན་ཆད་ལ་རྒྱལ་མོ་རྔུལ་ཆུ་ཞེས་འབོད།
         རྒྱལ་མོ་རྔུལ་ཆུ་ནི་སོག་རྫོང་དང་དཔལ་འབར། སྟེང་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་། རྒྱལ་མོ་ཚ་བ་རོང་སོགས་བརྒྱུད་ཅིང་ཡུན་ནན་ཞིང་ཆེན་ལ་བསླེབས་དུས་ལྷོ་ཕྱོགས་སུ་དཀྱོགས་ཏེ་ལི་སུའུ་རིགས་རང་སྐྱོང་ཁུལ་དང་། པའོ་ཧྲན་ས་ཁུལ། ཏའེ་ཧོང་ཏའེ་རིགས་དང་ཅིང་ཕོ་རིགས་རང་སྐྱོང་ཁུལ་སོགས་བརྒྱུད་ནས་འབར་མ་རྒྱལ་ཁབ་ཏུ་འབབ་བཞིན་ཡོད་ལ། འབར་མ་རྒྱལ་ཁབ་ཏུ་རྒྱལ་མོ་རྔུལ་ཆུའི་མིང་ལ་སར་ལྦུན་གཙང་བོ་ཟེར། སར་ལྦུན་གཙང་བོ་ནི་མའོ་ཐེན་མན་ཞེས་པའི་ས་ཁུལ་གྱི་ཉེ་འགྲམ་ནས་ཧིན་རྡུ་རྒྱ་མཚོའི་ནང་དུ་འབབ་བཞིན་ཡོད།
         རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ3200དང་། བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི32.5ཡོད། བོད་ཡུལ་དུ་རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ1540དང་། བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12ཡོད། རྒྱལ་མོ་རྔུལ་ཆའི་བཞུར་རྒྱུན་མགྱོགས་པ་མ་ཟད། བཞུར་ཡུལ་གྱི་ས་བབ་རྩུབ་ཅིང་གྲོག་རོང་མང་བས་ཆུ་བེད་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པའི་ཆུ་བོ་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།