༄༅། དགེ་བ་བཅུའི་ལས་ཀྱི་ལམ་གྱི་བསྟན་པ་ཞེས་བྱ་བ།
འཕགས་པ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།
འཕགས་པ་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཡི་དབང་བོ་གཙུག་གི་ནོར་བུས་གསོལ་བ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་པོ་སེམས་བསྐྱེད་པས་གང་ལ་མངོན་པར་བརྩོན་པར་བགྱི་ལགས། བཀའ་བསྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེནཔ་དང་པོ་སེམས་བསྐྱེད་པས་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་བརྩོན་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་ཇི་ལྟར་བརྩོན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བའི་ཡང་དག་སྤངས་བ་ཡིན་ནོ། །
དེ་ལ་སྲོག་གཅོད་པ་སྤངས་བ་ནི་འདི་སྙམ་དུ་སེམས་ཏེ།
སྲོག་ཅེས་བྱ་བ་ནི་ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་ལ་ཡང་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་ཏེ། བདག་ལ་ཡང་སྲོག་འདི་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་གྱི་སུ་ཡང་བདག་གསོད་པའམ། གསོད་དུ་འཇུག་པའམ། བསད་པ་ལ་རྗེས་སུ་ཡི་རངས་བར་མ་གྱུར་ཅིགབདག་གིས་ཀྱང་སུ་ལ་ཡང་གསད་པར་མི་བྱ། །གསོད་དུ་གཞུག་པར་མི་བྱ། །གསོད་པ་ལ་རྗེས་སུ་ཡི་རངས་བར་མི་བྱའོ་སྙམ་མོ། །དེ་ལྟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་གཅོད་སྤངས་བ་ཡིན་ནོ། །མངལ་ན་གནས་པ་ཡན་ཆད་ཀྱང༌། །ཀུན་ལ་སྲོག་ནི་སྡུག་པའི་ཕྱིར། །བདག་གི་སྲོག་ཕངས་གང་ཡིན་པ། །དེ་ནི་སྲོག་ཆགས་གསོད་མི་བྱེད། །
དེ་བཞིན་དུ་མ་བྱིན་ལེན་པ་སྤངས་བ་ནི།
ནོར་ཞེས་བྱ་བ་ནི་ཐ་ན་རིགས་ངན་དང་གཡུང་བོ་ཡན་ཆད་ལའང་སྡུག་ཅིང་ཕངས་པ་ཡིན་པས། སུ་ཡང་བདག་ལ་འཕྲོག་པ་དང༌། འཕྲོག་ཏུ་འཇུག་པ་དང༌། འཕྲོག་པ་ལ་རྗེས་སུ་ཡི་རང་བར་མི་བྱའོ་སྙམ་པའོ། །ཤིང་དང་བོང་བ་ཡན་ཆད་ལ། ། གཞན་གྱིས་བོར་བར་གྱུར་བ་ཡང༌། །གང་ལ་ཕ་ཡི་ནོར་སྡུག་པ། །དེ་ནི་ནོར་ལ་འཕྲོག་མི་བྱེད། །
འདོད་པས་ལོག་པར་གཡེམ་པ་སྤངས་བ་ནི།
ཆུང་མ་ཞེས་བྱ་བ་ནི། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་བ་རྣམས་ལ་ཡང་སྡུག་ཅིང་ཕངས་བ་ཡིན་ཏེ།སུ་ཡང་བདག་ལ་འཕྲོག་པའམ་འཕྲོག་ཏུ་འཇུག་པའམ། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། ནན་གྱིས་མནན་ཏེ་དགའ་མགུར་ཡོངས་སུ་ལོངས་སྤྱོད་པར་མི་བྱའོ་སྙམ་པའོ། །བྲན་མོར་གྱུར་བ་ཡན་ཆད་ཀྱང༌། །གཞན་གྱིས་བཞག་པར་གྱུར་བ་ལ། །གང་ལ་རང་གི་ཆུང་མ་སྡུག །དེ་ནི་ཆུང་མར་འཕྲོག་མི་བྱེད། །
རྫུན་དུ་སྨྲ་བ་སྤངས་བ་ནི།
བདེན་པ་ཞེས་བྱ་བ་དེ་ནི་ཐ་ན་གནོད་སྦྱིན་དང་འབྱུང་བོ་ཤ་ཟ་རྣམས་ལའང་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་ཏེ། བདག་ལའང་སྡུག་ཅིང་ཕངས་བས་བདག་ལ་རྫུན་སྨྲ་བས་སུན་འབྱིན་པའམ། སུན་འབྱིན་དུ་འཇུག་པའམ། སུན་ཕྱུང་བ་ལརྗེས་སུ་ཡི་རང་མར་མ་གྱུར་ཅིག །བདག་གིས་ཀྱང་སུ་ལའང་རྫུན་དུ་སྨྲ་བས་སུན་འབྱུང་བར་མི་བྱ་བ་ནས། རྗེས་སུ་ཡི་རང་བར་མི་བྱ་བའོ་སྙམ་པའོ། །གནོད་སྦྱིན་འབྱུང་བོ་ཡན་ཆད་ཀྱང༌། །གང་ལ་བདེན་པར་སྨྲ་བ་སྡུག །ཤེས་རབ་ཅན་དེ་རྫུན་ཚིག་གིས། །ལུས་ཅན་ཀུན་ལ་སུན་མི་འབྱིན། །
ཕྲ་མའི་ཚིག་སྤངས་བ་ནི།
ཕྲ་མ་ནི་ཐ་ན་གང་ཟག་ཕྲ་མ་ཅན་རྣམས་ལའང་ཡིད་མི་སྡུག་ཅིང་མི་འདོད་ལ་མི་དགའ་ཞིང་ཡིད་དུ་མི་འོང་བ་ཡིན་ཏེ།བདག་ལའང་ཡིད་དུ་མི་འོང་བ་ཡིན་གྱི།སུ་ལ་ཡང་བདག་ལ་ཕྲ་མ་ཟེར་བས་གླེང་བའམ།གླེང་དུ་འཇུག་པའམ།གླེང་བ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིགབདག་གིས་ཀྱང་སུ་ལའང་ཕྲ་མ་ཟེར་བས་གླེང་བར་མི་བྱ་བ་ནས།ཡི་རང་བར་མི་བྱའོ་སྙམ་པའོ།
ངག་རྩུབ་པོ་སྨྲ་བ་སྤངས་པ་ནི།
ངག་རྩུབ་པོ་ཞེས་བྱ་བ་འདི་ནི་ཐ་ན་གང་ཟག་ངག་རྩུབ་པོ་དང་ལྡན་པ་རྣམས་ལ་ཡང་མི་སྡུག་ཅིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་ཡིད་དུ་མི་འོང་བ་ཡིན་གྱི།སུ་ཡང་བདག་ལ་ངག་རྩུབ་པོ་སྨྲ་བ་དང༌། གཏུམ་པོའི་ཚིག་དང༌། བརླང་བོའི་ཚིག་དང༌། མི་བདེན་པའི་ཚིག་གིས་ཐོ་འཚམ་པའམ། ཐོ་འཚམ་དུ་འཇུག་པའམ། ཐོ་འཚམ་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག །བདག་གིས་ཀྱང་སུ་ལ་ཡང་ངག་རྩུབ་པོ་སྨྲ་བ་ནས་ཡི་རང་བར་མི་བྱའོ་སྙམ་པའོ། །གང་དག་སུ་ཡང་རུང་བ་ལ།ཕྲ་མ་ངག་རྩུབ་མི་སྡུག་པ། །དེ་ནི་ཕྲ་མ་མི་ཟེར་ཏེ། །རྩུབ་པའི་ཚིག་ཀྱང་སྲུང་བར་བྱེད། །
ཚིག་ཀྱལ་བ་སྤངས་པ་ནི།
ཚིག་ཀྱལ་བ་ཞེས་བྱ་བ་ནི་ཐ་ན་གང་ཟག་ཚིག་ཀྱལ་བ་ཅན་དག་ལ་མི་སྡུག་ཅིང་ཡིད་དུ་མི་འོང་བ་ཡིན་ཏེ། བདག་ལའང་ཡིད་དུ་མ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com