མོ་འདེབས་པ།

རྩོམ་པ་པོ།:མིང་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-12-29 10:58:30 ཀློག་གྲངས།:

  མོ་ནི་བོད་ལ་དར་སྔ་ཞིང་དེ་ཡང་ལྷ་ཀླུ་གཞི་བདག་མངོན་ཤེས་ལ་དབང་ཐོབ་པ་ཐམས་ཅད་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས་བླང་དོར་གྱི་གནས་དང་། བདེན་རྫུན་གྱི་དབྱེ་བ་འབྱེད་པའི་ལེགས་ཉེས་བརྟག་ཚུལ་གྱི་ཆོ་ག་ཞིག་ཡིན་ཞིང༌། དེ་ལ་དབྱེ་ན་ཤིན་ཏུ་མང་པོ་ཞིག་ཡོད་ཀྱང་བསྡུས་ན་གདོད་མའི་དུས་ཀྱི་མོ་དང༌། བོན་གྱི་མོ། བན་གྱི་མོ་གསུམ་དུ་མ་འདུས་པ་མེད། དེ་ཡང་བོད་ཀྱི་གདོད་མའི་དུས་ཀྱི་མོ་ནི་བོན་བསྟན་དར་རྒྱས་བྱུང་བ་ལ་བརྟེན་ནས་བོན་གྱི་མོའི་ཁོངས་སུ་བསྡུས་པས་ད་ལྟའི་དུས་སུ་རང་རྐྱ་འཕེར་བར་གནས་མེད་པར་ངོས་འཛིན་བྱེད་རྒྱུ་ཅུང་དཀའ་བར་སྣང་ཡང༌། དམངས་ཁྲོད་དུ་དར་བའི་མིག་སོགས་འགུལ་ཚུལ་ལ་བརྟག་པ་འདི་བོད་ཀྱི་གདོད་མའི་དུས་ཀྱི་མོའི་རྨང་གཞིའམ་མོ་དང་ཆ་འདྲ་བའི་ལེགས་ཉེས་བརྟག་ཐབས་ཤིག་ཡིན་པས་དེའི་ཚུལ་ཅུང་ཟད་བརྗོད་ན། མིག་འགུལ་བར་བརྟག་ཚུལ། རྣ་ངུ་བར་བརྟག་ཚུལ། རྣ་ལ་ཚ་སྐྱེ་བར་བརྟག་ཚུལ། གདོང་ལ་ཚ་སྐྱེ་བར་བརྟག་ཚུལ། ལུས་ཀྱི་ཤ་འགུལ་བར་བརྟག་ཚུལ།  སེམས་འཕར་བར་བརྟག་ཚུལ། སྣ་སྦྲིད་པར་བརྟག་ཚུལ། གྱོན་པ་སར་ལྷུང་བར་བརྟག་ཚུལ། སླ་ངའི་སྐད་ལ་བརྟག་ཚུལ། ཐབ་ཀྱི་མེ་ལྕེ་མཆེད་པར་བརྟག་ཚུལ། ཁྱི་ཟུག་པར་བརྟག་ཚུལ། སྐྱ་ཀའི་སྐད་ལ་བརྟག་ཚུལ་སོགས་ཡོད་ཅིང༌། དེ་དག་བྱི་གླང་སོགས་ཀྱི་དུས་ལ་སྦྱར་ཏེ་དཔེར་ན་གླང་དུས་མིག་གཡོན་འགུལ་ན་ངན། གཡས་འགུལ་ན་གཞན་གྱིས་དྲན། བྱི་དུས་རྣ་གཡོན་ངུ་ན་བུད་མེད་ཀྱིས་དྲན། གཡས་ངུ་ན་བོར་སྟོར་གྱི་ངོ༌། འབྲུག་དུས་རྣ་ལ་ཚ་སྐྱེ་ན་ནོར་རྙེད། སྟག་དུས་གདོང་ལ་ཚ་སྐྱེ་ན་ཐག་རིང་གི་མགྲོན་པོ་དང་འཕྲད། སྤྲེལ་དུས་ལུས་ཀྱི་ཤ་འཕྲིག་ན་ཁ་མཆུའི་ངོ༌། འཛེམས་ན་བཟང༌། ཁྱིའི་དུས་སེམས་འཕར་ན་མི་ཆེན་མྱུར་དུ་སླེབས་པས་བཟང༌། རྟའི་དུས་སྣ་སྦྲིད་ན་ཚོང་བ་ཡོང་ནས་སྟོན་མོ་བྱེད། ལུག་དུས་གྱོན་པ་སར་ལྷུང་ན་དམར་བོ་འབྱུང་ཡང་སྐྱོན་མེད། བྱའི་དུས་སླ་ངས་སྐད་འབྱིན་ན་ཐག་རིང་དུ་སོང་བ་འབྱོར་བས་བཟང༌། ཕག་དུས་ཐབ་ཀའི་མེ་ལྕེ་མཆེད་ན་ནད་འབྱུང་ཡང་སྐྱོན་མེད། སྦྲུལ་དུས་ཁྱི་ཟུག་ན་གཉེན་ཉེ་འོང་བ་དང་འཕྲིན་གྱི་ངོ༌། ཡོས་དུས་སྐྱ་ཀ་གྲགས་ན་ནོར་དང་ཟས་ཆང་འོང་བས་བཟང་ཟེར་བ་ལྟ་བུ་ཡིན། གཞན་ཡང་ཕྱུགས་ཀྱི་སོག་པ་མེར་བསྲེགས་ཏེ་ལེགས་ཉེས་དཔྱོད་པའི་སོག་མོ་དང༌། མཚེར་སར་བརྟག་པའི་མཚེར་མོ་སོགས་ཀྱང་འདིའི་ཁོངས་སུ་འདུ།

བོན་གྱི་མོ་ལ་ཕྱྭ་གཤེན་པ་རྣམས་ཀྱིས་བོན་སྒོ་ཐམས་ཅད་པྲ་ལྟོས་མོ་དང༌། སྣང་མཐོང་རྩིས། ནད་གསོ་དཔྱད། འཆི་བསླུ་གཏོ་སྟེ་རྣམ་པ་བཞི་རུ་བསྡུས་ཏེ་བཤད་ཡོད་པ་ལས་དེ་དག་གི་ཐོག་མ་པྲ་ལྟོས་མོ་ནི་བོན་གྱི་མོ་ཡི་བསྟན་བཅོས་ཡིན་ཞིང༌། སྤྱིར་བོན་མོ་ལ་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག ཡེ་མཁྱེན་དགྲ་བླའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷ་ཡི་བཀའ་བབས་ཏེ་རྣམ་པ་བཞི་རུ་བསྟན་པ་ལས་ཀུན་གྱི་ཕྱི་མོར་གྱུར་པ་ནི་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཏུ་གྲགས་པ་འདི་ཉིད་ཡིན་པས་དེའི་ཚུལ་ཅུང་ཞིག་བཤད་ན། དེ་ཡང་ཇུ་ཐིག་གི་སྲོལ་གཏོད་པ་པོ་ནི། གཤེན་ཡུལ་འོལ་མོ་གླིང་ཆེན་དུ་འཁྲུངས་པའི་སྟོན་པ་གཤེན་རབ་མི་བོ་ཆེ་ལ་སྐལ་ལྡན་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་སོགས་ཀྱིས་ཞུས་པས་བསྟན་པར་གྲགས་ཤིང༌། དེ་ལ་ཇུ་ཐིག་གི་རྟེན་བཅའ་བའི་ཚུལ་ནི་ལུག་ལ་དར་གྱིས་བརྒྱན་ཏེ་གྱེན་དུ་བཏང༌། ཁྱི་ལ་བཟློག་གཏོ་བཀལ་ཏེ་ཐུར་དུ་བཏང༌། ཁྱི་ནག་པོ་དཔྱི་དཀར་ལ་དཔུང་རྒྱན་བྱས་ནས་སྲུང་མར་འབུལ། རྒྱ་རྩ་བཞིན་བཟང་དང་དམར་རྩ་མཚལ་ཁ།  སྔོན་པོ་ལྕགས་ཁ།  ཀ་བ་བོང་མིག་དང་བཞི་མགོན་ར་ཕྱུགས་པ་མིག་དང་དབང་པོ་མ་ཉམས་པ་དེ་རྣམས་ཀྱི་སོག་བལ་གཡས་གཡོན་ནས་འདབ་མ་གསུམ་རེ་བླངས་པའི་བལ་ལ་གཞི་བྱས་ཏེ། དེའི་ནང་ར་མ་དཀར་མོའི་ཨག་ཚོམ། དྲེད་མོང་གི་རྣ་སྤུ། རི་སྤྱང་གི་རྔ་ལྗགས། འབྲོང་གི་རྩིད་པ། སྟག་གཟིག་གི་སྤུ། ཐང་དཀར་གྱི་ལྟག་སྤུ། ཕུང་སྲི་རྔ་མོང་གི་དཔུང་རྩིད། རྟ་མཆོག་མཚལ་བུའི་རྔོག་མ། རི་སྤྱང་སྔོན་མོས་བསད་པའི་ལུག་གི་སོག་བལ་བཅུ་གསུམ་བཅས་བསྲེས་ཏེ་བུ་མོ་ཕ་འཛོམས་མ་འཛོམས་པ་གསུམ་གྱིས་བཀལ་བ་སྦོམ་ན་རྒོད་ཀྱི་སུག་པ། ཕྲ་ན་ཨབ་ཐོང་གི་རྒྱུ་མ་ཙམ་ལ་མོ་རྟའི་མཚམས་སུ་ཁ་བུན་སོགས་དང༌། དེར་དངུལ་དཀར་གྱི་མེ་ལོང་བཏགས། གཞན་རིན་ཆེན་མཛེས་ཆོས་སྣ་ཚོགས་གདགས།  དེ་ནས་ཇུ་ཐིག་ཤར་བ་སྐྱ་དྲུག་ཏུ་གྲགས་པའི་ཐི་གུ་རིང་ཐུང་དྲུག་ཡོད་པ་དག་གི་མདུད་པ་མདུད་ཚུལ་ལ་བརྟགས་ཏེ་ལེགས་ཉེས་དཔྱད་པ་ཞིག་ཡིན་འདུག  དེ་ཡང་ཇུ་ཐིག་གི་མདུད་པའི་སྐོར་ལ་མང་པོ་ཞིག་ཡོད་ཀྱང་དིང་དིང་དང༌། སྐྱིན་དིང་གལ་བར་སོགས་དྭངས་མའི་མདུད་པ་ཉེར་བཞི། བྱ་རལ་ལི་ཡུལ་སོགས་སྙིགས་མའི་མདུད་པ་དགུ་སྟེ། སྐྱ་ཞིབ་རྩ་བའི་མདུད་པ་སོ་གསུམ་ཡོད་པར་གྲགས་སོ། །དེ་ཡང་ཇུ་ཐིག་གི་གཞུང་འདི་ཤིན་ཏུ་རྒྱ་ཆེ་བས་དེའི་གཞུང་དོན་སྟོན་པའི་བསྟན་བཅོས་ཀྱང་མང་པོ་འདུག་པ་སྟེ། དཔེར་ན་དཔྱད་དོན་སྒྱུ་མ་གསེར་འབུམགཏེར་མོ་རིག་པའི་ཁོང་བསྡོངབྲམ་ཟེ་གོང་རུལབྲམ་ཟེ་ཀླུ་ཡི་བེར་ནགམ་སང་འཁོར་ལོ་མདོ་ཆེན

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།