བོད་བརྒྱུད་ནང་བསྟན་དགེ་བཤེས་ལྷ་རམས་པའི་གོ་མིང་སྤྲོད་པའི་མཛད་སྒོ་འཚོགས་པ།
དགེ་བཤེས་ལྷ་རམས་པར་དཔང་རྟགས་གནང་བ།
སྤྱི་ཚེས26ཉིན་གྱི་སྔ་དྲོ། ལོ་གཅིག་དུས་གཅིག་གི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བར་དགེ་བཤེས་ལྷ་རམས་པའི་གོ་མིང་སྤྲོད་པའི་མཛད་སྒོ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཇོ་ཁང་གི་མདུན་དུ་འཚོགས་པ་དང༌། དཔྱད་འདེམས་ཨུ་ཡོན་ལྷན་ཁང་ནས་དཔྱད་འདེམས་ནན་མོ་བྱས་པ་བརྒྱུད། བློ་བཟང་ལུང་རིགས་སོགས་དགའ་ལྡན་དགོན་དང༌། བྱམས་པ་གླིང་དགོན། བཀྲས་ལྷུན་དགོན་སོགས་དགོན་སྡེ་ཆེན་པོ་ཁག་ནས་ཕེབས་པའི་དགེ་འདུན་པ་བརྒྱད་ལ་ལོ་འདིའི་དགེ་བཤེས་ལྷ་རམས་པའི་གོ་མིང་ཐོབ་པ་རེད།
ལྷ་རམས་པའི་དགེ་བཤེས་ལ་བཅར་འདྲི་བྱེད་བཞིན་པ།
ལག་འཁྱེར་སྤྲོད་པའི་མཛད་སྒོའི་ཐོག རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ། སྤྱི་ལོ2011ལོར་དགེ་བཤེས་ལྷ་རམས་པའི་གོ་མིང་རག་པའི་དགེ་འདུན་པ་ཚོར་དར་ཚོན་སྣ་ལྔ་དང༌། ཤིང་འབྲས། ན་བཟའ། ཕྱག་དངུལ་བཅས་གནང་བ་མ་ཟད། ཁོང་རྣམ་པར་བཀྲིས་བདེ་ལེགས་ཀྱང་ཞུས་པ་རེད།
དགེ་བཤེས་ལྷ་རམས་པའི་གོ་མིང་སྤྲོད་པའི་མཛད་སྒོ།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་སྤྱི་ལོ2011ལོར་དགེ་བཤེས་ལྷ་རམས་པའི་གོ་མིང་རག་མཁན་དགེ་འདུན་པ་ཚོར་བཀྲིས་བདེ་ལེགས་ཞུས་གནང་བ་དང་། མཇལ་དར་སྒྲོན་པ་མ་ཟད་དགེ་བཤེས་ལྷ་རམས་པའི་གོ་མིང་ལག་འཁྱེར་ཡང་སྤྲད་གནང་བ་རེད།
ཚད་མའི་རྩོད་པ་བྱེད་པའི་ཚུལ།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་མཛད་སྒོ་ནི་སྤྱི་ལོ2004ལོར་བོད་བརྒྱུད་ནང་བསྟན་དགེ་འདུན་པར་དགེ་བཤེས་ལྷ་རམས་པའི་གོ་མིང་སྤྲོད་པའི་མཛད་སྒོ་ཚོགས་ཚུན་གྱི་ཐེངས་བདུན་པ་དེ་ཡིན་པ་དང༌། སྔར་གྱི་མཛད་སྒོ་ཐེངས་དྲུག་ནང༌། ཁྱོན་དགེ་འདུན་པ40ལ་དགེ་བཤེས་ལྷ་རམས་པའི་གོ་མིང་རག་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com