རོང་བྲག་རྫོང་ནས་ཡོན་རྒྱལ་རབས་སྐབས་ཀྱི་དགོན་པའི་ལྡེབས་རིས་ཁག་ཅིག་རྙེད་པ།
ད་ལོའི་ཟླ6པའི་ཟླ་སྟོད་དུ། རང་རྒྱལ་གྱི་སྐད་དུ་གྲགས་པའི་ནང་བསྟན་གནའ་རྫས་རྟོག་ཞིབ་པ་སྟེ། ཀྲུང་གོའི་རིག་དངོས་ཆ་འཕྲིན་འདྲི་རྟོག་ལྟེ་གནས་རིག་དངོས་གསལ་འབྱེད་ཁང་གི་ཞིབ་འཇུག་པ་སློབ་དཔོན་ཆེན་མོ་བུན་ཡུའུ་ཁྲིན་ལགས་ཀྱིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་དཔྱད་མཛད་སྐབས་ཡོན་རྒྱལ་རབས་དུས་ཀྱི་དགོན་པའི་ལྡེབས་རིས་མང་བོ་ཞིག་གསར་རྙེད་བྱུང་ཡོད་པ་དང་། དེའི་ནང་དུ། རོང་བྲག་རྫོང་གི་གནའ་དགོན་ཞིག་ཏུ་རྙེད་པའི་ལྡེབས་རིས་བཞི་ཡོད། སློབ་དཔོན་ཆེན་མོ་བུན་ཡུའུ་ཁྲིན་ལགས་ཀྱིས་ཡུལ་དངོས་སུ་ནན་ཏན་གྱིས་བརྟག་དཔྱད་གནང་རྗེས། རོང་བྲག་རྫོང་གི་གནའ་དགོན་འདིའི་ནང་གི་ལྡེབ་རིས་ནི་མིག་སྔར་རྒྱལ་ནང་དུ་རྙེད་པའི་ཡོན་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་ཆེས་སྔ་ཤོས་ཡིན་ཞིང་། འདི་ལ་སྒྱུ་རྩལ་གྱི་རིན་ཐང་དང་གནའ་རྫས་རྟོག་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་ཞེས་གསུངས།
ཡོན་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་རྙེད་སའི་གནའ་དགོན་གྱི་ཕྱིའི་རྣམ་པ།
ལྡེབས་རིས་ཁག་འདིའི་རིན་ཐང་གླེང་སྐབས། སློབ་དཔོན་ཆེན་མོ་བུན་ལགས་ཀྱིས་གསུངས་དོན། འདི་ནི་རྒྱལ་ཡོངས་སུ་ད་སྔ་ཡོད་པའི་ཆེས་སྔ་བའི་ཡོན་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་ཡིན་ཞིང་། དེ་སྔོན་རྒྱལ་ནང་དུ་རྙེད་ཟིན་པའི་མིན་ཡོན་དུས་སྐབས(蒙元时代)ཀྱི་ལྡེབས་རིས་སྔ་ཤོས་ནི་ཧྲན་ཞི་ཞིང་ཆེན་ཡུན་ཁྲིན་གྲོང་ཁྱེར་གྱི་ཡུན་ལུ་ཕོ་བྲང་ནང་ན་ཡོད་པའི་ཏའོ་ཅའོ་ཆོས་ལུགས་ཀྱི་ལྡེབས་རིས་ཡིན། རྒྱའི་ཏའོ་ཅའོ་ཆོས་ལུགས་ཀྱི་ལྡེབས་རིས་དང་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ལྡེབས་རིས་གཉིས་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད། ཏུན་ཧོང་ན་ཡོད་པའི་ཡོན་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་དེ་སྔོན་ཆད་ཡོངས་བསྒྲགས་བྱས་ཟིན་ན་ཡང་། འོན་ཀྱང་ལྡེབས་རིས་འབྲི་བཞེངས་ཀྱི་དུས་ཚོད་ནམ་ཞིག་ཡིན་པའི་ཐད་ལ་རྩོད་པ་ཤིན་ཏུ་མང་། གོ་ཐོས་ལྟར་ན་བོད་ལྗོངས་མངའ་རིས་ཕྱོགས་ནས་བསྟན་པ་སྔ་དར་སྐབས་ཀྱི་ལྡེབས་རིས་རྙེད་འདུག་པར་བཤད་མོད། འོན་ཀྱང་ད་ལྟའི་བར་དེའི་སྐོར་གྱི་གནས་ཚུལ་གནས་ཚུལ་གསལ་བོ་ཞིག་སྤྱི་བསྒྲགས་བྱས་མ་མྱོང་ལ། མིག་སྔའི་བར་རྒྱལ་ཡོངས་སུ་ཕལ་ཆེར་མིན་ཡོན་དུས་སྐབས་ཡར་སྔོན་གྱི་དགོན་པའི་ལྡེབས་རིས་ཤིག་རྙེད་ཐུབ་མེད་ཅེས་གསུངས།
ཤར་ཕྱོགས་ཀྱི་རྩིག་ངོས་སུ་བྲིས་པའི་ལྡེབས་རིས།
དཔལ་ལྡན་ལྷ་མོའི་ལྡེབས་རིས།
སློད་དཔོན་ཆེན་མོ་བུན་ལགས་ཀྱིས་གསུངས་རྒྱུར། ཀུན་གྱིས་ཤེས་གསལ་ལྟར། ཧང་ཀྲིག་གྲོང་ཁྱེར་གྱི་ཧྥེ་ལེ་ཧྥིན་ཞེས་པའི་ས་ཆ་ན་ཡོད་པའི་བྲག་རྐོས་མང་བོ་དང་། པེ་ཅིན་གྲོང་ཁྱེར་ཅུའུ་ཡོང་ཀོན་གནའ་མཁར་གྱི་ཀོ་ཅེ་ཐ་ཞེས་པའི་མཆོད་རྟེན་སྟེང་གི་རྐོས་མ་ནི་སྔར་ནས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྡེ་ཁག་ཏུ་གཏན་ཕབ་བྱས་འདུག་པས། ཐེངས་འདིར་དཀར་མཛེས་རོང་བྲག་རྫོང་ནས་གསར་རྙེད་བྱུང་བའི་ཡོན་རྒྱལ་རབས་ཀྱི་དུས་འགོར་བཞེངས་པའི་ལྡེབས་རིས་འདི་རྣམས་ཀྱང་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྡེ་ཁག་གི་ནང་དུ་འཇོག་འོས་པ་ནི་སྨོས་མ་དགོས་པ་ཞིག་ཡིན། དེར་བརྟེན་ངའི་རེ་བ་ཡིན་ན་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་བྱ་རྒྱུ་གལ་ཆེ་ཞིང་། ཡོན་གོང་མའི་དབུ་བླ་འགྲོ་མགོན་འཕགས་པའི་སྐུ་ཐང་ལ་མཚོན་ན་ཡང་རྒྱལ་ཡོངས་ནས་ཐོག་མར་རྙེད་པ་ཡིན་པས་ཧ་ཅང་རྩ་ཆེ་ཟེར།
ལྡེབས་རིས་འགྲེམ་སྟངས་ཀྱི་དཔེ་རིས།
སློབ་དཔོན་ཆེན་མོ་བུན་ལགས་ཀྱིས་ལྡེབས་རིས་ལ་རྟོག་ཞིབ་གནང་བཞིན་པའི་ཚུལ།
དགོན་པའི་ནང་གི་ལྡེབས་རིས།
ལྷ་མོའི་ལྡེབས་རིས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com