ས་ག་ཟླ་བར་མང་ཚོགས་ཀྱི་གསོལ་འདེབས་བསྡུས་པར།
མར་མེ་སྒྲོན་ཏེ་གསོལ་འདེབས་བྱེད་པ།
བསང་མཆོད་དང་ལྷ་སྐུ་བཤམས་ཏེ་གསོལ་འདེབས་བསྐོར་བ་རྒྱག་པ།
བོད་ཟླ་བཞི་པའི་ནང་ས་ག་ཟླ་བ་ཞེས་ཤཱཀྱ་ཐུབ་པ་དགའ་ལྡན་ནས་གཟིགས་པ་ལྔས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པས་ས་ལུག་ཆུ་སྟོད་ཉ་བ་སྟེ་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བིའི་ཚལ་དུ་སྐུ་བལྟམས་པའི་དུས་ཆེན་དང་གཅིག ཤིང་རྟ་ས་ཟླའི་ཡར་ཚེས་བཅོ་ལྔའི་མཚན་མོ་བྱང་ཆུབ་ཆེན་པོའི་ཤིང་དྲུང་གཡོ་བ་མེད་པའི་ཏིང་འཛིན་ལ་གནས་ཏེ་སྲོད་ལ་བདུད་བཏུལ་ཐོ་རེངས་མངོན་པར་སངས་རྒྱས་པའི་དུས་ཆེན་དང་གཉིས། ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་རྩ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། འདུས་བྱས་ཐམས་ཅད་ནི་མི་རྟག་ཡིན། ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་རྣམས་ཞི་བའོ།། འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མའོ་ཞེས་གསུངས་ཏེ་ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་དང་གསུམ་བཅས་ཁྱད་འཕགས་དུས་ཆེན་གསུམ་འཛོམས་ཤིག་ཡིན།
སེམས་ཞི་ཞིང་དུལ་བར་སྨོན་ལན་འདེབས་པ།
སྨྱུང་གནས་སྲུང་མཁན་ཨ་མ་རྒན་མོས་རྩམ་ཐུག་འཐུང་བ།
སེམས་རྣལ་ལ་ཕབ་སྟེ་སྨོན་ལན་འདེབས་པ།
དེར་བརྟེན། ལྷ་ལྡན་ཇོ་བོ་ཤཱཀྱ་རྣམ་གཉིས་དང་རྩེ་ཤོད་རྟེན་གཙོ་ཁག་དང་གདན་ས་ཆེན་པོ་རྣམ་པ་གསུམ་གྱིས་མཚོན་དབུས་གཙང་ཁམས་གསུམ་སོགས་ཀྱི་རྟེན་མཆོག་རྣམས་ལ་གཞུང་དང་དད་ལྡན་ཁག་ནས་ཞལ་གསེར་སྤྱན་འབྱེད་ཟབ་གཟེངས་དྭངས་ལྡན། སྙན་དར། མཆོད་འབུལ། སྨྱུང་གནས་སྲུང་བ། སློང་མོ་བར་སྦྱིན་གཏོང་རང་རང་འཁོས་དཔག་ལ་གཞིགས་ཏེ་རྣམ་དཀར་གྱི་ལས་ལ་བརྩོན་པ་དང་། ས་ཟླའི་རིང་སྲོག་གཅོད་སྤངས་པའི་ཤ་ཁྲིམས་བསྡམས་ཏེ་དགེ་སྡིག་ཅི་བྱས་འབུམ་འགྱུར་རེད་ཅེས་པའི་གསུང་རྒྱུན་དེར་དམིགས་ནས་ཤ་མི་ཟ་མཁན་མང་པོ་ཡོད་ལ་ནག་ཅན་བཙོན་པ་གློད་འགྲོལ། ངན་སློང་ལ་སྦྱིན་གཏོང་། ལྷག་པར་ཚེས་བཅོ་ལྔ་ཉིན་སྲིན་འབུས་ཀྱང་ཤ་སྤངས་པའི་ངག་རྒྱུན་ལ་གཞིགས་ཏེ་མི་མང་ཆེ་བས་ཉིན་དེར་ཤ་རིགས་ཟ་གི་མེད་པ་རེད་ལ་མང་ཚོགས་སྟོང་ཕྲག་མང་པོས་རྒན་སྐྱོར་བྱིས་འཁྲིད་ཀྱིས་གླིང་སྐོར་དང་། རྩེ་སྐོར་དུ་འགྲོ་བའི་སྐབས་དང་བསྟུན་ནས་རྫོང་རྒྱབ་ཀླུ་ཁང་དུ་ཀོ་གྲུར་བསྡད་ནས་གཞས་དང་རྣམ་ཐར་གཏོང་བ། ཇ་ཆང་དང་ཁ་ཟས་སྣ་ཚོགས་ཁྱེར་ནས་དགའ་སྤྲོའི་རྣམ་པའི་ཁྲོད་དུ་དུས་ཆེན་གཏོང་སྲོལ་ཡོད་པ་དང་། དེ་སྔའི་སྲིད་གཞུང་གི་དཔོན་རིགས་བཀའ་བློན་གྱིས་གཙོས་པའི་ཤོད་སྐོར་ཡོངས་རྫོགས་ལྷ་ས་གཙུག་ལག་ཁང་དང་། ར་མོ་ཆེ། ཞི་ཁྲོ་ལྷ་ཁང་། ནོར་གླིང་སྐལ་བཟང་ཕོ་བྲང་། རྩེ་ཕོ་བྲང་སོགས་སུ་མཆོད་མཇལ་དང་འབྲས་སིལ། དགུང་ཚིགས་དཀར་སྐྱོང་བཅས་ཚར་རྗེས་ཀོ་གྲུར་བསྡད་དེ་མཚོ་སྐོར་བྱེད་སྐབས་གླུ་གར་བས་སྒྲ་སྙན་སོགས་རོལ་མོའི་རྣམ་གྲངས་དཀྲོལ་གཏོང་བྱེད་སྲོལ་ཡོད་པ་བཅས་མདོར་ན་ཟླ་འདིར་ཕྱག་འཚལ་སྐོར་མཆོད་སོགས་རྣམ་དཀར་དགེ་ལས་ཀྱི་བྱ་བ་རྒྱ་ཆེར་སྒྲུབ་སྲོལ་ལྡན་པའི་དུས་སྟོན་ཞིག་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com