མངའ་རིས་ས་ཁུལ་ཞིང་ཀླུ་ཁང་དགོན་པའི་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་ལུགས་ཆོ་ག

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-07 10:51:00 ཀློག་གྲངས།:

མངའ་རིས་ས་ཁུལ་ཞིང་ཀླུ་ཁང་དགོན་པས་ཆོས་ལུགས་ཆོ་ག་སྤེལ་བ།
ཞིང་ཀླུ་ཁང་དགོན་པ།

མངའ་རིས་ས་ཁུལ་ཞིང་ཀླུ་ཁང་དགོན་པས་ཆོས་ལུགས་ཆོ་ག་སྤེལ་བ།
མ་ཎི་ཚ་ཚ་བླུག་པ།

མངའ་རིས་ས་ཁུལ་ཞིང་ཀླུ་ཁང་དགོན་པས་ཆོས་ལུགས་ཆོ་ག་སྤེལ་བ།
དགོན་པའི་མཆོད་རྟེན།

མངའ་རིས་ས་ཁུལ་ཞིང་ཀླུ་ཁང་དགོན་པས་ཆོས་ལུགས་ཆོ་ག་སྤེལ་བ།
དད་ལྡན་མང་ཚོགས་དགོན་པར་མཇལ་སྐོར་དུ་བསྐྱོད་པ།

         ཉེ་ལམ།  མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གཞུང་པ་ཤང་ཞིང་ཀླུ་ཁང་དགོན་པའི་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་ལུགས་ཆོ་གའི་བྱ་འགུལ་སྤེལ་ཞིང་། དུས་ཡུན་ཉིན་བཅུ་སྟེ་སྤྱི་ཟླ10བའི་ཚེས29ནས་ཟླ11པའི་ཚེས7བར(ལུགས་རྙིང་གི་ཟླ9བའི་ཚེས15ནས་ཚེས24)འབྲེལ་ཡོད་ཀྱི་ཆོས་ལུགས་ཆོ་ག་སྣ་ཚོགས་སྒྲུབ་ཀྱི་ཡོད་པ་དང་། དད་ལྡན་སེར་སྐྱ་བ་རྣམས་ཀྱིས་སྔ་མོ་ནས་གོ་སྐབས་འདི་དམ་འཛིན་བྱས་ཏེ་ཆེད་དུ་དགོན་པའི་ཆོས་ལུགས་ཆོ་ག་དང་བསྟུན་ནས་མཇལ་སྐོར་བྱེད་པ་རེད། 
ཟུར་བཀོད།
         ཞིང་ཀླུ་ཁང་དགོན་ནི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གཞུང་པ་ཤང་དོ་རིང་གྲོང་ཚོར་གནས་ཡོད་པས་ཤང་སྲིད་གཞུང་སྡོད་ས་དང་བར་ཐག་སྤྱི་ལེ18དང་། རྫོང་མཁར་དང་བར་ཐག་སྤྱི་ལེ95ཡོད། ལྷ་ཁང་གི་རྒྱ་ཁྱིན་སྨི་གྲུ་བཞི་མ15677.4ཟིན་གྱི་ཡོད་པ་དང་། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1.1ཟིན། རྒྱ་མཚོའི་ངོས་ལས་སྨི་4573ཟིན་གྱི་ཡོད། དགོན་པ་འདི་ནི905ལོར་འབྲུག་ཆེན་དབང་གྲགས་ཀྱིས་གསར་བཞེངས་མཛད་པ་རེད།
         རིག་གནས་གསར་བརྗེ་ཆེན་པོའི་ནང་དགོན་པར་གཏོར་བརླག་ཚབས་ཆེན་ཐེབས་ཤིང་། 1990ལོར་སྤྲུལ་སྐུ་སྐར་མ་རྡོ་རྗེས་སྒོ་ཀུན་ནས་དགོན་པ་འདི་བསྐྱར་གསོ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།