མང་རྫོང་ཀླུ་ཚང་དགོན་པས་རྒྱ་ལོ་སྨོན་ལན་སྐབས་སུ་གོས་སྐུ་བཤམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-02-27 09:38:00 ཀློག་གྲངས།:

ཀླུ་ཚང་དགོན་པས་རྒྱ་ལོ་སྨོན་ལན་སྐབས་སུ་གོས་སྐུ་བཤམས་པ།
ཀླུ་ཚང་དགོན་པས་རྒྱ་ལོ་སྨོན་ལན་སྐབས་སུ་གོས་སྐུ་བཤམས་བཞིན་པ།


ཀླུ་ཚང་དགོན་པས་རྒྱ་ལོ་སྨོན་ལན་སྐབས་སུ་གོས་སྐུ་བཤམས་པའི་ཡུལ་དངོས་ཀྱི་རྣམ་པ།

        ཟླ2པའི་ཚེས22ཏེ་ལུགས་རྙིང་གི་ཟླ1པོའི་ཚེས13ཉིན། མཚོ་ལྷོ་ཁུལ་མང་རྫོང་གི་ཀླུ་ཚང་དགོན་པ་རུ་རྒྱ་ལོ་སྨོན་ལན་སྐབས་སུ་སངས་རྒྱས་སྨན་བླའི་གོས་སྐུ་བཤམས་པའི་བྱེད་སྒོ་སྤེལ་ཞིང་། དད་ལྡན་མང་ཚོགས་རྣམས་ཡུལ་དངོས་སུ་གོས་སྐུ་ལ་མཇལ་བ་རེད། རྒྱུས་ལོན་པ་ལྟར་ན། ལོ་རེའི་ལུགས་རྙིང་གི་ཟླ1པོའི་ཚེས13ཉིན་ནི་ཀླུ་ཚང་དགོན་པས་གོས་སྐུ་བཤམས་པའི་ཉིན་མོ་ཡིན་པ་དང་། དེ་ནི་གཞི་རྒྱ་ཅུང་ཆེ་ཞིང་གཟབ་རྒྱས་ལྡན་པའི་དགོན་པའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན་པ་རེད།


ཀླུ་ཚང་དགོན་པའི་གྲྭ་བཙུན་རྣམས་ཀྱིས་བསྔོ་སྨོན་བྱེད་པ།


གོས་སྐུ་བཤམས་པའི་ཡུལ་དངོས།

        ཉི་རྩེ་ས་ལ་ཕོག་དུས་གོས་སྐུ་བཤམས་པའི་ཆོ་ག་དངོས་སུ་མགོ་བརྩམས་པ་དང་། ཀླུ་ཚང་དགོན་པའི་བླ་ཆེན་གྱིས་སྣེ་ཁྲིད་དེ་གྲྭ་བཙུན་ཡོངས་ནས་གོས་སྐུ་ཆེན་མོ་ཁུར་ཏེ་དགོན་པའི་གཏན་འཁེལ་གྱི་གནས་སུ་བཤམས་པ་ཡིན། དད་ལྡན་མང་ཚོགས་ཀྱིས་ཁ་ནས་མ་ཎི་འདོན་པ་དང་། རྒྱང་ཕྱག་འཚལ་བ། ལྷག་བསམ་གྱི་ཁ་བཏགས་སོགས་ཕུལ་ཏེ་ལོ་གསར་བའི་ནང་ཐམས་ཅད་བདེ་སྐྱིད་དང་ཇི་བསམ་ལྷུན་འགྲུབ་ཡོང་བར་སྨོན་པ་ཞུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།