གྲུ་བཞི་སྒང་གི་བྱང་ཆུབ་མཆོད་རྟེན་ཆེན་མོ་ངོ་སྤྲོད།
གྲུ་བཞི་སྒང་ནི་གྲུ་བཞི་ཞང་དང་རྩིས་འབྱར་དུ་གནས་ཡོད། དེ་ཡང་སྤྱི་ལོ1980ལོར་ཀུན་གཟིགས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་མཚོ་ལྷོ་ཁུལ་དུ་བྱ་བར་གཟིགས་ཞིབ་གནང་སྐབས་གྲུ་བཞི་སྒང་འདིར་ཕེབས་ནས་བྱེ་འགོག་གི་ལས་གྲྭ་ཆེན་མོར་གཟིགས་སྐབས་ཁོང་བཞུགས་སའི་གནས་དེ་དཀྱིལ་སྙིང་བྱས་ནས་སྤྱི་ལོ1981ལོར་དད་ལྡན་མང་ཚོགས་རྣམས་བསྐོར་བ་རྒྱག་ས་མཆོད་རྟེན་གྱི་དབྱིབས་ཙམ་ཞིག་བཞེངས། སྤྱི་ལོ1989ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་རྗེས་ཁོང་གི་མཛད་རྗེས་དང་གཞལ་དུ་མེད་པའི་བཀའ་དྲིན་ཆེད་དང་འགྲོ་ཀུན་གྱི་བསོད་ནམས་བསགས་པའི་ཞིང་མཆོག་དམ་པ་དང་། ཡུལ་འདིའི་སྐྱེ་འགྲོ་རྣམས་སྐྱེ་བ་སྐྱེས་པའི་བར་ཁོང་གི་གདུལ་བྱར་འགྱུར་ཆེད། གྲུ་བཞི་སྒང་འདིར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་རྗེས་དྲན་མཆོད་རྟེན་ཆེན་མོ་འདི་སྤྱི་ལོ1990ལོར་ལས་དཔོན་ཕྱོགས་བཅུ་དང་གྲགས་པ། ནོར་བུ་རྒྱལ། ཐར་རྒྱལ་བཅས་གཙོ་བོའི་ཞང་འདིའི་མང་ཚོགས་ཡོངས་ཀྱིས་དད་འདུན་གྱི་རང་མདངས་ལས་རྗེས་དྲན་མཆོད་རྟེན་ཆེན་མོ་འདི་གཟའ་སྐར་འཕྲོད་སྦྱོར་བཟང་བོའི་ཉིན་འགོ་བཙུགས་ཏེ་བཞེངས་འགོ་བརྩམས། ཨ་ལགས་གྲགས་པ་ཚང་གིས་ཐུགས་བཀོད་ལྟར་སྡི་ཚ་དགོན་དུ་དགེ་སློང་བཞི་རེ་ཞིག་གདན་འདྲེན་ཞུས་ནས་གཟུངས་འབུལ་ཤེལ་དཀར་མེ་ལོང་ལྟར་གཟུངས་སྒྲུབ་ཚད་ལྡན་བྱས་ཤིང་། མཆོད་རྟེན་བཞེངས་གྲུབ་རྗེས་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་འབྲེལ་ནས་རབ་གནས་རྒྱས་པར་མཛད།
ནང་རྟེན་དུ་ཕུལ་བའི་གཟུངས་གཞུག་གི་སྐོར་ལ། ཤུག་སྡོང་དྲི་བསུང་འཐུལ་བ་ལ་གཟུངས་ཆེན་སྡེ་ལྔ་སོགས་རིན་ཆེན་བསྲེས་པའི་མཚལ་ཆེན་གྱི་བྲིས་པའི་སྲོག་ཤིང་། པཎ་ཆེན་རིན་པོ་ཆེ་འི་གདུང་ཚྭ་ལས་གྲུབ་པའི་འོད་དཔག་མེད་ཀྱི་སྐུ་དང་ཁོང་གི་ཕྱག་ཚ། ན་བཟའ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། བསྟན་འགྱུར། ཡུམ་དུམ་པ་བཅུ་གཉིས། ས་འབུམ་བརྒྱ་་ཕྲག་ལས་གྲུབ་པའི་མཆོད་རྟེན་ཆེན་མོ་འདི་སེམས་ཅན་ཀུན་གྱིས་བསོད་ནམས་བསགས་པའི་ཞིང་ས་དམ་པར་བཞུགས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com