ཕུན་ཚོགས་ཆོས་གླིང་གི་བྱང་ཆུབ་མཆོད་རྟེན་ངོ་སྤྲོད་རགས་བསྡུས།

རྩོམ་པ་པོ།:མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གན ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-29 09:29:00 ཀློག་གྲངས།:
        བོད་རང་བྱུང་བཅུ་བདུན་པའི་བགྲང་བྱ་བཅུ་གསུམ་པ་སྟེ། སྤྱི་ལོ1990ལོའི་ཟླ3གྱི་ནང་དུ། འགྱེང་རོའི་ཨ་ཁུ་ཕུན་ཚོགས་གཙོས་དགོན་པའི་གྲྱ་བ་རྒན་གྲས་སོགས་དགེ་འདུན་ཀྱིས། སྔར་སྐྱང་རྩེ་དགེ་འདུན་རྒྱ་མཚོ་ཚང་གིས་སྤྱི་ལོ1951ལོར་བཞེངས་པའི་བྱང་ཆུབ་མཆོད་རྟེན་སྔར་དུས་འཁྲུག་ཁྲོད་དུ་འདུས་བྱས་མཐར་ཅན་དུ་གྱུར་བ་དེ། སླར་བཞེངས་བྱེད་རྒྱུའི་དབུ་བརྩམས་ནས་ལོ་དེའི་ཟླ4བའི་ཚེས15ཉིན་ལེགས་འགྲུབ་བྱུང་། མཆོད་རྟེན་འདིའི་རྒྱ་ཁྱོན་དང་མཐོ་ཚད་སོགས་སྔོན་གྱི་མཆོད་རྟེན་དང་ཕལ་ཆེར་འདྲ་ལ། སྒོ་རྒྱན་གྱི་ནང་དུ་གསང་བདག་འཁོར་ཆེན་གྱི་སྨན་སྐུ་བྱིན་ཅན་དང་། བུམ་པའི་ནང་དུ་སྐུ་གསུང་ཐུགས་ཀྱི་བྱིན་རྟེན་མང་པོ་བཞུགས། ལོ་དེའི་ཟླ་དགུ་བར་སྐུ་འབུམ་རྒྱུད་པ་གྲྭ་ཚང་གི་ཁྲི་རབས་དགུ་བ་དང་། གེ་ཀྱཱ་དགེ་འདུན་དཔལ་ལྡན་རིན་པོ་ཆེ་བླ་གྲྭ་ལྔ་ལྷག་གདན་དྲངས་ཏེ། བྱང་ཆུབ་མཆོད་རྟེན་ཆེན་པོ་དང་། དགེ་འདུན་གྱི་འདུ་ཁང་རྟེན་པ་བརྟེན་པ་བཅས་པར། ཆོ་ག་རྒྱས་པའི་ལུགས་ལྟར་རབ་གནས་མཛད་པའི་ཚེ་ན་བཀྲ་ཤིས་པའི་རྟགས་མཚན་མང་དུ་བྱུང་། གཞན་ཆོས་སྡེ་འདིའི་དགེ་འདུན་པ་ཡོངས་དང་ཕྱོགས་ཉེ་རིང་གི་མཇལ་བ་དང་འགྲུལ་བ་སེར་སྐྱ་མང་པོར། ཆོས་ཀྱིས་བྱིན་པ་མང་དུ་གནང་བ་བྱས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།