སི་ཁྲོན་ཧུང་ཡོན་རྫོང་གི་སྦྲ་ཆེན་མཆོད་རྟེན་གླིང་ངོ་སྤྲོད།
སྦྲ་ཆེན་མཆོད་རྟེན་གླིང་ནི་སི་ཁྲོན་ཞིང་ཆེན་ཧུང་ཡོན་རྫོང་སྦྲ་ཆེན་ཡུལ་ཚོ་རུ་ཡོད་ཅིང་། བྱང་ནི་རྨ་ཁུགས་དང་པོ་དང་སྤྱི་ལེ60ཡི་མཚམས་དང་། ལྷོ་ནི་ཧུང་ཡོན་རྫོང་མཁར་དང་སྤྱི་ལེ40ཡི་སར། ཤར་དུ་སྤྱི་ལེ150ཡི་སར་ཟུང་ཆུ་རྫོང་གི་གཙོ་ཚང་དགོན་ཡོད། འདིར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རྗེས་དྲན་གསོལ་སྨོན་གྱི་སྦྲ་ཆེན་མཆོད་རྟེན་གླིང་འདུག་ཅིང་། མཆོད་རྟེན་གླིང་གི་ཉེ་འཁོར་དུ་དར་ལྕོག་མང་པོ་ལྷབ་ལྷུབ་ཏུ་བསྐྱོད་པ་དང་། མཆོད་རྟེན་གླིང་འདི་ཤིན་ཏུ་རྔམ་བརྗིད་ལྡན་པ་ཞིག་ཏུ་མཆིས།
སྦྲ་ཆེན་མཆོད་རྟེན་གླིང་ལ་ས་མུའུ30དང་བསྡོམས་པས་ཆེ་ཆུང་འདྲ་མིན་གྱི་མཆོད་རྟེན81ཡོད་ཅིང་། མཆོད་རྟེན་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། འོད་དཔག་མེད། སློབ་དཔོན་པདྨ་འབྱུང་གནས། སྒྲོལ་མ་སོགས་ཚོན་ལྡན་གྱི་ལྷ་སྐུ་དང་ཐང་ག ཆོས་དཔེ་སོགས་རྟེན་དུ་མ་བཞུགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com