བོད་ལྗོངས་ཆབ་མདོ་བྱམས་པ་གླིང་དགོན་དུ་ཆོས་རྩོད་ཆེན་མོ་བསྡུས་པ།
བོད་ལྗོངས་ཆབ་མདོ་བྱམས་པ་གླིང་དགོན་དུ་ཆོས་རྩོད་ཆེན་མོ་བསྡུས་པ།
ཉེ་ལམ། བོད་ལྗོངས་ཆབ་མདོ་བྱམས་པ་གླིང་དགོན་དུ་ལོ་རེའི་སྟོན་དུས་ཀྱི་ཆོས་རྩོད་ཆེན་མོ་བསྡུས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། དགོན་པ་འདིར་དབྱར་དགུན་སྟོན་དཔྱིད་བཅས་དུས་ཚིགས་བཞིའི་ཆོས་རྩོད་ཆེན་མོ་ཡོད་ཅིང་། སོ་སོ་ནི་བོད་ལུགས་ཀྱི་ཟླ2པ་དང་། ཟླ4བ། ཟླ8པ། ཟླ10བཅས་སུ་ཉིན20རེར་སྤེལ་གྱི་ཡོད། ད་ཐེངས་ནི་བོད་ལུགས་ཀྱི་ཟླ8པའི་ཚེས2ཉིན་སྤེལ་བ་དང་ཟླ8པའི་ཚེས21ཉིན(སྤྱི་ཟླ9བའི་ཚེས7ནས་ཚེས26བར)མཇུག་སྒྲིལ་བ་རེད།
བྱམས་པ་གླིང་དགོན་ནི་བོད་རབ་བྱུང་བདུན་པའི་མེ་སྦྲུལ་སྤྱི་ལོ1437ལོར་རྗེ་ཤེས་རབ་བཟང་པོས་ཐོག་མར་ཕྱག་བཏབ། དགོན་པ་དེ་ནི་རྫ་ངོམ་ཚབ་གཉིས་ཀྱི་མདོ་རུ་གནས་པ་ལས་རྟེན་གྱི་གཙོ་བོ་བྱམས་པ་མགོན་པོ་ཡིན་པས་ན་ཆབ་མདོ་བྱམས་པ་གླིང་ཞེས་གྲགས། ད་སྔ་དགོན་པ་འདིར་གྲྭ་བཙུན1000ལྷག་ཡོད་ཅིང་། མཐའ་འཁོར་དུ་དགོན་པ་ཆུང་ངུ70ཡོད་པ་དང་། ཁམས་པའི་ས་ཁུལ་དུ་ཆེས་སྔ་བ་དང་གཞི་རྒྱ་ཆེས་ཆེ་བའི་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com