ལྷ་སའི་བཀའ་འགྱུར་པར་མ་ངོ་སྤྲོད་མདོར་བསྡུས།
ལྷ་སའི་པར་མ་བཀའ་འགྱུར་མར་པོད་ཆེན་བརྒྱ་ཡོད། ཨང་རྟགས(001837-1936)ཡི་གེའི་གཟུགས་ཆེ་ལ་མཛེས་པ་ངོས་རེར་ཐིག་ཕྲེང་བདུན་དང་དཔེ་ངོས་ལ་ལིས་རྨིས57×15པུ་སྟི་ཀ་བརྒྱ་ཕྲག་ལ་ཤོག་གྲངས་བཞི་ཁྲི་བརྒྱད་སྟོང་བརྒྱ་དང་བརྒྱད་ཅུ་གྱ་དགུ་བཞུགས། ད་ཡོད་བཀའ་འགྱུར་པར་གཞིའི་ཁྲོད་ཆེས་ལེགས་པའི་གྲས་གཅིག་ཡིན།
བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱའི་རྒྱལ་པོའི་བཀའ་གངས་ཅན་འདིར་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག་དུ་བཀོད་པ་ལྟར་ན། གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པའི་བཀའ་ལྟར་དགེ་བཤེས་ཤེས་རབ་རྒྱ་མཚོས་ནོར་བུ་གླིང་ཁར་འབྲི་ཁུངས་སྒོ་ལྕོག་སྤྲུལ་སྐུ་ངེས་དོན་བསྟན་འཛིན་ཆོས་ཀྱི་དཔང་པོ་ནས་དངུལ་ཊ་ཆིག་སྟོང་བདུན་བརྒྱ་དོན་ལྔའི་རྐྱེན་སྦྱར་བ། རབ་བྱུང་བཅོ་ལྔ་བའི་ལྕགས་སྤྲེལ་1920ཟླ་བཞི་བ་ནས་སྣར་ཐང་བཀའ་འགྱུར་གཞིར་བཟུང་ནས་བསྒྲིགས་པ་མ་ཟད་སྐུ་དངོས་ཀྱིས་མཆོད་བརྗོད་ཀྱི་གཏམ་བྲིས། ཆུ་སྤྲེལ་1932ལོའི་ཟླ་ལྔ་བར་སེར་བྱེས་བྱ་བྲལ་ཨོ་ཏོག་སྤྲུལ་སྐུ་བྱམས་པ་མཆོག་ལྡན་དང་སེར་བྱེས་ལྷོ་པ་ངག་ལྡན། དགེ་སློང་ཐུབ་བསྟན་གསུང་རབ་བཅས་ནས་ཡང་ཞུས་དབུ་བཙུགས་ཏེ་སྣར་ཐང་པར་མ། རྒྱལ་རྩེ། སྡེ་དགེ་མཚལ་པར་སོགས་གོ་བསྡུར་གྱིས་ལྷག་ཆད་ངེས་པ་རྣམས་འཕྲི་བསྣན། བློར་མི་ཆུད་པ་དང་དཔེ་དཔང་མ་རྙེད་པ་སོར་བཞག གོང་ས་ཆེན་པོ་སྐུ་གཤེགས་རྗེས་རྭ་སྒྲེང་ཧོ་ཐོག་ཐུ་ནོ་མིན་ཧན་ཆེན་པོ་དང་གཅུང་བོ་སྲིད་བློན་ནས་བཀའ་བཀོད་ལྟར་ཤིང་ཁྱི་1934ལོའི་ཟླ་གསུམ་པར་ཡོངས་སུ་འགྲུབ། པར་ཤིང་མ་ལུས་པར་པོ་ཏ་ལར་བཞུགས་ཡོད། ཆོས་ཀྱི་རྣམ་གྲངས་དང་པོ་འདུལ་བ། ཕར་ཕྱིན། ཕལ་ཆེན། དཀོན་བརྩེགས། མདོ་སྡེ། རྒྱུད་སྐོར། དཀར་ཆག་བཅས་རིམ་པར་བསྒྲིགས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com