ཆོས་སྐྱོང་རྣམས་ལ་སྤྱི་གཏོར་འབུལ་ཚུལ་ངོ་སྤྲོད།
ཆོས་སྐྱོང་རྣམས་ལ་སྤྱི་གཏོར་འབུལ་ཚུལ་ནི། མཆོད་གཏོར་སྤྱི་འགྲོ་ལྟར་བྱིན་གྱིས་བརླབས། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། །རང་བཞིན་གྱི་གནས་སོ་སོ་ནས་ཆོས་སྐྱོང་འཁོར་དང་བཅས་པ་རྣམས་སྐད་ཅིག་གིས་སྤྱན་དྲངས། །འཀ་མ་ལ་ཡེ་སྟྭཾ། ཆོས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཤྲཱི་དྷརྨཱ་པཱ་ལ་ས་པཱ་རི་ཝ་ར་ཨི་དཾ་བ་ལིདྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་ཤྲཱི་དྷརྨཱ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བ་ཞལ་བཞེས་པ། །ཆོས་སྐྱོང་སྲུང་མ་རྣམས་ལ་བསྟོད། །མཐུན་གྲུབ་མས་དངོས་གྲུབ་ཞུ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་སུ་གསོལ་བར་བྱའོ། །དགེ་བ་འདི་ཡིས་མྱུར་དུ་བདག །རྒྱལ་བ་སྲས་བཅས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com