ལྷ་སྲིན་སྡེ་བརྒྱད་ཀྱི་འབྱུང་ཁུངས་བཤད་པ།
རྩོམ་པ་པོ།:དོར་ཞི་གདོང་དྲུག་སྙེམས་བློ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-02-14 10:05:00
ཀློག་གྲངས།:
དང་པོ། ལྷ་སྲིན་སྡེ་བརྒྱད་དུ་གཏོགས་པའི་གཟུགས་མེད་ཀྱི་སེམས་ཅན་དག་གི་མིང་དང་རིགས་ཀྱི་དབྱེ་བ། དེ་དག་མཆོད་ཚུལ་ཀྱི་གོམས་སྲོལ་སོགས་གདོད་མའི་དུས་ནས་བྱུང་བའི་མི་ཡི་ལྟ་སྤྱོད་འཚོ་བའི་རིག་གནས་ཤིག་ཡིན་པར་སྣང་ལ། གོམས་སྲོལ་དེ་འཛམ་གླིང་ཤར་ཕྱོགས་རྒྱ་གར་དང་རྒྱ་ནག ནུབ་ཕྱོགས་རྒྱ་སེར་ཀུ་རུ་ཟི་དང་རོབ་མ་སོགས་སུ་གནའ་སྔ་མོ་ནས་བྱུང་བར་འདུག བོད་ལ་ཡང་ལྷ་གསོལ་འདྲེ་མཆོད་གྱི་ཡུལ་སྲོལ་དེ་བོན་གྱི་དུས་ནས་བྱུང་བར་འདུག རྒྱ་གར་དུ་ཆེས་གནའ་སྔ་མོ་ནས་དེ་བ་སྟེ་ལྷ་དང་། པི་ཤཱ་ཙི་སྟེ་འདྲེ། གནྡྷརྦ་སྟེ་དྲི་ཟ་སོགས་ཀྱི་མིང་དེ་ཡོད་པར་སྣང་ལ། ལོ་སྟོང་ཕྲག་ལྔའི་སྔོན་ནས་བྱུང་བའི་རིག་བྱེད་ཀྱི་གཞུང་དུ་མཆོད་སྦྱིན་ཞེས་ལྷ་མཆོད་པའི་ཆོ་ག་དང་སྦྱིན་སྲེག་བྱེད་ཚུལ་སོགས་ཡོད། མཆོད་རྫས་མེ་ལ་བསྲེགས་ནས་ལྷ་མཆོད་ཚུལ་གྱི་སྦྱིན་སྲེག་བྱེད་པ་དེ་བོད་ཀྱི་བསང་གསུར་གྱི་གདོད་མའི་འབྱུང་ཁུངས་ཡིན་པར་སྣང་། དེ་ཡང་འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླགས་ཤིག་ཅེས་གསུང་བ་ལྟར། རྒྱ་གར་འཕགས་པའི་ཡུལ་ནས་བྱུང་བའི་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་བཅོས་ནང་དུ་ཡང་རྒྱ་གར་གནའ་དུས་ཀྱི་ལྷ་ཆོས་མི་ཆོས་ཀྱི་གོམས་སྲོལ་བཤད་སྲོལ་མང་བོ་ཞིག་རིག་གནས་ཀྱི་རྒྱུན་གྱི་ཚུལ་དུ་འདྲེས་ཡོད་པ་སྨྲོས་མི་དགོས་སོ།
དེ་བཞིན་རྒྱ་ནག་ཏུ་དར་བའི་སངས་རྒྱས་ཆོས་ལུགས་ལ་དགེ་ཚུལ་སློང་གི་གོན་རྒྱུ་དང་ཟ་མ། སངས་རྒྱས་བྱང་སེམས་གནས་བརྟན་སོགས་ཀྱི་ཆ་བྱད་སྣང་བརྙན་ཚང་མ་རྒྱ་ནག་གི་ཡུལ་སྲོལ་དང་བསྟུན་ཡོད་ལ། དཔེར་ན་སྐུ་སྟོད་སྒྲིབ་གཡོགས་མེད་པའི་ན་ཆུང་མཛེས་མའི་ཉམས་ཀྱི་རྗེ་བཙུན་སྒྲོལ་མ་དེ་རྒྱ་ཡུལ་དུ་ཞལ་ཕྱག་མ་གཏོགས་ལུས་ཡོངས་རྫོགས་བསྒྲིབས་པའི་གནའ་དུས་ཀྱི་རྒྱ་མོའི་ཉམས་བྱས་ཡོད་པ་ལྟ་བུས་མཚོན། ཕྱིའི་ཆ་ལུགས་སྟེང་དུ་རྒྱ་ལུགས་བྱས་ཡོད་པར་མ་ཟད། ནང་སེམས་ཀྱི་ལྟ་བ་ལ་ཡང་རྒྱའི་རིག་གནས་ཀྱི་ཤན་ཞུགས་པ་མངོན་གསལ་དུ་སྣང་།
བོད་བརྒྱུད་ནང་བསྟན་ལ་ཡང་བོན་པོའི་རིག་གནས་ཀྱི་ཤན་ཞུགས་བསྲེ་སླད་མང་བ་དེ་བཞིན་ཡིན་ལ། དཔེར་ན། ལྷ་འདྲེ་རྟེན་མཆོད། ལབ་ཙེ་བརྩིགས་པ། བསང་མཆོད་དང་དཀར་གསུར་དམར་གསུར་གཏོང་བ། གཏོ་མདོས་གླུད་གསུམ་གཏོང་བ། བོན་གྱེར་ཞེས་འདོན་ཆོག་རྟ་དབྱངས་འཐེན་པ། རྔ་གཤང་རོལ་མོ་བརྡུང་བ། འབག་གྱོན་བྲོ་འཆམ་བྱེད་པ། རྩམ་ཕྱེ་གཏོར་མ་བཟོ་སྟངས་སོགས་ཚང་མ་བོད་རང་སའི་བོན་པོའི་ལུགས་སྲོལ་ལས་བྱུང་བ་ཤ་སྟག་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།