སྐུ་གསུམ་གྱི་ཡོན་ཏན་གྱི་ཁྱད་པར་བཤད་པ་ལ་གསུམ།
རྩོམ་པ་པོ།:སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-07-19 10:37:00
ཀློག་གྲངས།:
སྐུ་གསུམ་གྱི་ཡོན་ཏན་གྱི་ཁྱད་པར་བཤད་པ་ལ་གསུམ་ཏེ། ཆོས་སྐུའི་ཡོན་ཏན། ལོངས་སྐུའི་ཡོན་ཏན། སྤྲུལ་སྐུའི་ཡོན་ཏན་བསྟན་པའོ། །
དང་པོ་ནི། རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་ཏེ། དེ་ཡང་འགྲེལ་ཆེན་ལས། སྒྲ་འདི་དག་ནི་ཆོས་ཀྱི་སྐུ་སྟོན་པར་བྱེད་པ་སྟེ། རྣམ་གྲངས་སུ་སྟོན་པ་ཉིད་དགོངས་པ་ཡིན་ནོ། །ཞེས་པ་ལྟར། གཞུང་འདི་དག་གིས་ཆོས་སྐུའི་ཡོན་ཏན་རྣམ་གྲངས་དུ་མས་སྟོན་པ་ལས། དང་པོར། རྡུལ་མེད་པ་སྟེ། ཕྱི་རོལ་གྱི་ཡུལ་རྣམས་ལ་ཞེན་པའི་འདོད་ཆགས་ཀྱི་རྡུལ་སྤངས་པའི་ཕྱིར། རྡུལ་བྲལ་ཏེ། ནང་རྣམ་པར་རྟོག་པའི་རྡུལ་སྣ་ཚོགས་པ་སྤངས་པའི་ཕྱིར། དྲི་མ་མེད་པ་སྟེ། བག་ལ་ཉལ་དང་། ཀུན་ནས་ལྡང་བ་སྣ་ཚོགས་པའི་དྲི་མ་སྤངས་པའི་ཕྱིར། ཉེས་པ་སྤངས་པ་སྟེ། ཕྱི་དང་ནང་གི་རྣམ་པར་རྟོག་པའི་གནས་ངན་ལེན་གྱི་བག་ཆགས་ཐམས་ཅད་སྤངས་པའི་ཕྱིར། སྐྱོན་མེད་པ་སྟེ། བདག་དང་བདག་གིར་ཞེན་པའི་བག་ཆགས་ཀྱི་མཚམས་སྦྱོར་ཐམས་ཅད་སྤངས་པའི་ཕྱིར། ཤིན་ཏུ་སད་པ་སྟེ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར། སད་པའི་བདག་སྟེ། གདུལ་བྱ་སྣ་ཚོགས་པའི་སེམས་རྒྱུད་ཐུགས་སུ་ཆུད་ཅིང་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར། ཀུན་ཤེས་པ་སྟེ། དགེ་སློང་དག་ཆོས་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཞེས་གསུངས་པས་ལྔ་པོ་དེ་དག་མཐུན་པའི་ཕྱིར། ཀུན་རིག་དམ་པ་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སོགས་དང་། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པའི་སོ་སོར་སྣང་བའི་སྤྱོད་ཡུལ་རྣམས་མཁྱེན་ཅིང་། དེ་ཉིད་ཀྱིས་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་ཕྱིར། གལ་ཏེ་དེ་ལྟ་ན་རིག་བྱ་དང་རིག་པ་པོ་སོགས་ཡོད་པས། སྤྲོས་པ་དང་བྲལ་བའི་ཆོས་སྐུ་མ་ཡིན་པར་འགྱུར་རོ་ཞེ་ན། རྣམ་པར་ཤེས་པའི་ཆོས་ཉིད་དམ་ངང་ཚུལ་ལས་འདས་པ་སྟེ། བྱེད་པ་པོ་དང་། ལས་དང་། བྱ་བ་ལ་སོགས་པར་བརྟགས་པའི་རྣམ་པར་ཤེས་པ་ནི་དོན་དམ་པར་མེད་པའི་ཕྱིར། དེ་ལྟ་ན་བེམས་པོར་འགྱུར་རོ་ཞེ་ན། ཡེ་ཤེས་གཉིས་མེད་ཚུལ་འཆང་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཤེས་བྱ་དང་ཤེས་བྱེད་གཉིས་སུ་མེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར། འོ་ན་སེམས་ཅན་གྱི་དོན་ཇི་ལྟར་ནུས་ཞེ་ན། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་པ་སྟེ། འབད་རྩོལ་གྱི་རྣམ་རྟོག་མེད་པར། ཡིད་བཞིན་གྱི་ནོར་བུ་ལྟར་སེམས་ཅན་ཐམས་ཅད་འདོད་དོན་རྫོགས་པར་མཛད་པ་ལ་དབང་བསྒྱུར་བའི་ཕྱིར། དུས་གསུམ་སངས་རྒྱས་ལས་བྱེད་པ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ལ་ཁྱད་པར་མེད་པའི་ཕྱིར་དང་། གཉིས་མེད་ཡེ་ཤེས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ལ་ཁྱད་པར་མེད་པའི་ཕྱིར། སངས་རྒྱས་ཐོག་མ་ཐ་མ་མེད་པ་སྟེ། དོན་དམ་པར་སྐྱེ་འགག་དང་བྲལ་བའི་ཕྱིར་དང་། དེ་ཉིད་ཆོས་ཀྱི་སྐུ་སྟེ། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་པས་སོ། །དང་པོའི་སངས་རྒྱས་རྒྱུ་མེད་པ་སྟེ། ཆོས་ཀྱི་སྐུ་དེ་ཉིད་གང་ལས་ཀྱང་སྐྱེ་བ་མེད་པའི་ཕྱིར། ཡེ་ཤེས་མིག་གཅིག་དྲི་མ་མེད་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་གནས་ལུགས་ལྟ་བའི་མིག་གཅིག་པུ་འགྲན་ཟླ་དང་བྲལ་བ་དེ་ནི་གཉིས་སྣང་གི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པ་སྟེ། གཟུགས་སོགས་བེམས་པོའི་ཆོས་དང་བྲལ་བར་ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། དེ་ཉིད་དེ་བཞིན་གཤེགས་པ་མཐར་ཐུག་པ་ཡིན་པའི་ཕྱིར།
གཉིས་པ་ལོངས་སྐུའི་ཡོན་ཏན་ནི། ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེངྒེ་ཚུགས་པ་མེད། །ཀུན་ཏུ་ལྟ་བས་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །ཞེས་ཏེ། ལོངས་སྐུ་གསུང་རྣམ་པར་དག་པའི་དབང་དུ་བྱས་ནས། ཚིག་གི་དབང་ཕྱུག་སྟེ། ཟབ་ཅིང་རྒྱ་ཆེ་བའི་ཆོས་བསྟན་པ་ལ་མངའ་བརྙེས་པས། གསུང་ལ་དབང་བསྒྱུར་པའི་ཕྱིར། སྨྲ་བ་ཆེན་པོ་སྟེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་ཅིང་། དེ་གསུང་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར། སྨྲ་བའི་སྐྱེས་མཆོག་སྟེ། ཉན་རང་དང་མུ་སྟེགས་ལ་སོགས་པ་གཞུང་ལུགས་སྨྲ་བར་འདོད་པའི་སྐྱེས་བུ་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཕྱིར། སྨྲ་བའི་རྒྱལ་པོ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྨྲ་བ་པོའི་ཚོགས་རྣམས་ཟིལ་གྱིས་གནོན་པའི་གསུང་གིས་ཤིན་ཏུ་མཛེས་ཤིང་གསལ་བའི་ཕྱིར། སྨྲ་བའི་དམ་པ་སྟེ། ཕྱིན་ཅི་མ་ལོག་ཅིང་བསླུ་བ་མེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་དུ་ཚད་མ་དང་ལྡན་པའི་དོན་སྟོན་པའི་ཕྱིར། མཆོག་གི་གནས་ཏེ། རྒྱུ་མཚན་སྔ་མ་དེ་དག་གིས་ན་སྨྲ་བ་པོ་ཐམས་ཅད་ཀྱི་མཆོག་ཏུ་གྲུབ་པའི་ཕྱིར། སྨྲ་བའི་སེངྒེ་ཚུགས་པ་མེད་པ་སྟེ། མི་འཇིགས་པའི་གསུང་ལ་བདུད་དང་མུ་སྟེགས་ལ་སོགས་པ། གང་གིས་ཀྱང་བརྒལ་བར་མི་ནུས་པའི་ཕྱིར། དེ་ལྟར་གསུང་གི་འབྱོར་པ་ཐུན་མོང་མ་ཡིན་པ་བསྟན་ནས། སྐུ་ཡི་ཆེ་བ་ཐུན་མོང་མ་ཡིན་པ་བསྟན་པ་ནི། ཀུན་ཏུ་ལྟ་བ་སྟེ། སྒྲིབ་པ་མེད་པའི་ཡེ་ཤེས་ཀྱིས་དངོས་པོ་མ་ལུས་པ་རྣམ་པ་ཐམས་ཅད་དུ་གཟིགས་པའི་ཕྱིར། མཆོག་ཏུ་དགའ་བ་སྟེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་བདེ་བ་ཆེན་པོས་ཁྱད་པར་དུ་འཕགས་པའི་ཕྱིར། གཟི་བརྗིད་ཕྲེང་བ་སྟེ། འོད་ཟེར་གྱི་ཕྲེང་བས་བརྒྱན་པའི་སྐུ་མངའ་བའི་ཕྱིར། ལྟ་ན་སྡུག་པ་སྟེ། ཞི་བའི་ངོ་བོ་ཉིད་ཀྱི་སྐུ་དང་། ཡེ་ཤེས་ཀྱི་མཛེས་པ་དང་ལྡན་པའི་ཕྱིར། འོད་བཟང་པོ་ཅན་ཏེ། མི་ཤེས་པའི་མུན་ནག་སེལ་བར་བྱེད་པའི་ཡེ་ཤེས་དམ་པའི་འོད་མངའ་བའི་ཕྱིར། འོད་དེ་ཡང་འབར་བ་སྟེ། ཤེས་བྱ་ཐམས་ཅད་ཁྱབ་ཅིང་། གསལ་བར་མཛད་པའི་ཕྱིར། དཔལ་གྱི་བེའུ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་གནས་པའི་དཔལ་གྱི་བེའུའི་གཟུགས་ཅན། ཐུན་མོང་མ་ཡིན་པའི་མཚན་དཔེས་སྤྲས་པའི་ཕྱིར། ལག་ན་འོད་འབར་སྣང་བ་པོ་སྟེ། དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྣང་བའི་དབང་གིས། འཁོར་ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བརྗིད་དང་ལྡན་པའི་ཕྱིར།
གསུམ་པ་སྤྲུལ་སྐུའི་ཡོན་ཏན་བསྟན་པ་ལ་གསུམ། མཛད་པ་སྤྱིའི་རྣམ་པ། རིགས་དང་འབྲེལ་བའི་མཛད་པ། དེ་དག་གི་ཆེ་བ་བསྟན་པའོ། །
དང་པོ་ནི། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུག །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །ཞེས་པ་ལ། སྤྲུལ་སྐུ་ཕྲིན་ལས་ཀྱིས་ཆེ་བའི་དབང་དུ་བྱས་ནས། སྨན་པ་ཆེ་བ་སྟེ། དམ་པའི་ཆོས་ཀྱི་སྨན་སྩོལ་བས་ཉོན་མོངས་པའི་ནད་གསོ་བར་མཛད་པའི་ཕྱིར། མཆོག་སྟེ། གནས་ལུགས་ཕྱིན་ཅི་མ་ལོག་པའི་མན་ངག་གི་སྨན་གྱིས། མི་ཤེས་པའི་ནད་སེལ་བའི་ཕྱིར། གཙོ་བོ་སྟེ། ཚུལ་དེ་དག་གིས་འགྲོ་བ་ཐམས་ཅད་མངོན་པར་འདོན་པའི་ཕྱིར། ཟུག་རྔུ་འབྱིན་པ་བླ་ན་མེད་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པ་སྙིང་གི་ཟུག་རྔུ་མ་ལུས་པ་རྩ་བ་ནས་འབྱིན་པར་མཛད་པའི་ཕྱིར། སྨན་རྣམས་མ་ལུས་ལྗོན་པའི་ཤིང་སྟེ། འགྲོ་བ་མ་ལུས་པ་རྗེས་སུ་བཟུང་བའི་དོན་དུ། སྨན་རྣམས་མ་ལུས་པའི་ངོ་བོ་ཉིད། སངས་རྒྱས་ཀྱི་ཆོས་རྣམས་སྦྱར་ཞིང་བསྒྲུབས་པས། རྒུད་པ་ཐམས་ཅད་ཞི་བར་མཛད་པའི་ཕྱིར། ནད་དོ་ཅོག་གི་དགྲ་ཆེ་བ་སྟེ། ཉོན་མོངས་པའི་ནད་ཐམས་ཅད་ཀྱི་རིགས་རྒྱུད་དང་བཅས་པ་བརླག་པར་མཛད་པའི་ཕྱིར། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག་སྟེ། ཐམས་ཅད་ཀྱི་སྙིང་ལ་སྡུག་ཅིང་འདོད་པར་བྱ་བ་ཡིན་པའི་ཕྱིར་དང་། ཁམས་གསུམ་ཀུན་གྱི་མཆོག་ཏུ་གྱུར་པའི་ཕྱིར། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ཏེ། སྐར་མ་རྣམས་ཀྱི་ནང་ན་ཟླ་བའི་དཀྱིལ་འཁོར་བཞིན་དུ་ལྷ་ལ་སོགས་པ་ཐམས་ཅད་ཀྱི་ནང་ན། ཤིན་ཏུ་ཡིད་འཕྲོག་པའི་སྐུ་མངའ་བའི་ཕྱིར། ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་པ་སྟེ། ཕྱོགས་ཡོངས་སུ་ཆད་པ་མེད་པར་ནམ་མཁའི་ཁམས་ཀྱི་མཐས་ཀླས་པ་རྣམས་སུ། དམ་པའི་ཆོས་ཀྱི་བ་དན་བསྒྲེང་བར་མཛད་པའི་ཕྱིར། འགྲོ་ན་གདུགས་གཅིག་ཡངས་པ་སྟེ། འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཚ་བ་དང་། ཉོན་མོངས་པའི་གདུང་བ་ཐམས་ཅད་སེལ་བས་གདུགས་གཅིག་པུ་གཉིས་སུ་མེད་པ་ཡངས་ཤིང་རྒྱ་ཆེ་བ་ཡིན་པའི་ཕྱིར། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན་སྟེ་དེ་དག་གིས་ཀུན་ནས་བསྐོར་བའི་ཚུལ་གྱིས་འགྲོ་བ་ཐམས་ཅད་ལ་འགེབས་ཤིང་སྙིང་པོ་དམ་པ་ལེན་པའི་ཕྱིར།
གཉིས་པ་རིགས་དང་འབྲེལ་བའི་མཛད་པ་ནི། དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་ཏེ། དཔལ་ལྡན་པདྨ་གར་གྱི་བདག་སྟེ། འཁོར་བའི་འདམ་ན་གནས་ཀྱང་ཉེས་པའི་དྲི་མས་མ་གོས་པས་པདྨ་དང་འདྲ་ཞིང་། གདུལ་བྱ་དང་རྗེས་སུ་མཐུན་པའི་གར་ཐབས་སྣ་ཚོགས་ཀྱིས་སེམས་ཅན་མ་ལུས་པ་འདུལ་བར་མཛད་པའི་བདག་ཉིད་ཡིན་པའི་ཕྱིར། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་ཅིང་། འབྱོར་པ་དང་། འོད་ཀྱི་སྣང་བས་དགའ་བ་རྒྱས་པར་བྱེད་པའི་རིན་པོ་ཆེ། དཀོན་མཆོག་གསུམ་གྱི་ངོ་བོར་གྱུར་པའི་གདུགས་ཡིན་པའི་ཕྱིར་དང་། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་གྱུར་པའི་ཡང་ཕྱིར་རོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ་ཞེས་ཏེ། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་དབུས་སུ་རྣམ་སྣང་ཆེན་པོའི་ཚུལ་གྱིས་མཛེས་ཤིང་བརྗིད་པའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་དང་། སངས་རྒྱས་ཀུན་གྱི་སྐུ་འཆང་བ་སྟེ། དོན་ཡོད་གྲུབ་པའི་ངོ་བོ་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་རྫོགས་པར་མཛད་པའི་ཕྱིར། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེན་པོ་སྟེ། རྣལ་འབྱོར་ཆེན་པོ་སྐྱེ་གནས་ཆེ།། སངས་རྒྱས་ཀུན་ནས་མི་ཟད་པའོ། །ཞེས་པ་ལྟར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་མི་བསྐྱོད་པའི་ངོ་བོ་ཉིད་ཀྱིས་བཞུགས་པའི་ཕྱིར། སངས་རྒྱས་ཀུན་གྱི་བསྟན་པ་གཅིག་པ་སྟེ། རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་ཁྲོ་བོའི་གཟུགས་ཀྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ། མ་རུངས་པ་ཐམས་ཅད་འདུལ་བར་མཛད་པ་གཅིག་པ་ཉིད་ཡིན་པའི་ཕྱིར་དང་། ཐེག་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ་ཐེག་པ་ཆེན་པོའོ། །ཞེས་པ་ལྟར། ཐེག་ཆེན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་ཏེ། རྡོ་རྗེས་མཚན་པའི་རིན་པོ་ཆེས་དབང་བསྐུར་བས། ཁམས་གསུམ་གྱི་བདག་པོར་གྱུར་པའི་དཔལ་དང་ལྡན་པའི་ཕྱིར། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། རིན་པོ་ཆེའི་རིགས་ཀྱིས་འདུལ་བ་ལ་དེའི་དཀྱིལ་འཁོར་གྱི་བདག་པོ་དང་དབང་ཕྱུག རིན་ཆེན་འབྱུང་ལྡན་གྱི་ངོ་བོར་བཞུགས་པའི་ཕྱིར། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་སྟེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་པ་རྣམས་ནི་འཇིག་རྟེན་དབང་ཕྱུག་ཅེས་བྱ་ཞིང་། དེ་ཐམས་ཅད་ཀྱི་བདག་པོ་འོད་དཔག་མེད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། རྡོ་རྗེ་འཆང་བ་ཀུན་གྱི་རྗེ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་པ་རྣམས་ནི་རྡོ་རྗེ་འཆང་བ་ཞེས་བྱ་ཞིང་། དེ་ཐམས་ཅད་ཀྱི་བདག་པོ་ཧཱུྃ་མཛད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་དང་། ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་ཐུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཐུགས་ལ་གནས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཐུགས་ལ་ཁྱབ་ཅིང་བཞུགས་པའི་ཕྱིར། སངས་རྒྱས་ཀུན་གྱི་སྐུ་ཆེ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བདག་ཉིད་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ཐམས་ཅད་ལ་འཇུག་པའི་རྒྱུ་དང་། གསུང་གི་རང་བཞིན་ཡིན་པའི་ཕྱིར།
གསུམ་པ་དེ་དག་གི་ཆེ་བ་ནི། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། ཞེས་པ་ལ། རྡོ་རྗེ་ཉི་མ་སྣང་བ་ཆེ་བ་སྟེ། ཡེ་ཤེས་ཀྱི་སྣང་བས་སེམས་ཅན་ཐམས་ཅད་ཀྱི་ཕྱི་དང་ནང་གི་མུན་པ་དང་། མ་རིག་པ་ཐམས་ཅད་སེལ་བར་མཛད་པའི་ཕྱིར། རྡོ་རྗེ་ཟླ་བ་དྲི་མེད་འོད་དེ། མི་ཕྱེད་པའི་ཡེ་ཤེས་ཀྱིས་ཉོན་མོངས་པའི་གདུང་བ་སེལ་ཞིང་། ཡིད་སིམ་པར་མཛད་པའི་ཕྱིར། ཆགས་བྲལ་ལ་སོགས་ཆགས་པ་ཆེ་བ་སྟེ། ཆགས་པ་དང་བྲལ་བ་ལ་སོགས་པས་འདུལ་བའི་སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར་དུ། ཐབས་དེ་ཉིད་ལ་མངོན་པར་ཞེན་པར་མཛད་པའི་ཕྱིར་རམ། ཆགས་བྲལ་གྱིས་འདུལ་བ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། འདོད་ཆགས་ལ་ཞུགས་པ་རྣམས་ལ་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་ཚུལ་སྟོན་པའི་ཕྱིར། ཁ་དོག་སྣ་ཚོགས་འབར་བའི་འོད་དེ། ཕྱི་རོལ་ཏུ་འོད་ཁ་དོག་སྣ་ཚོགས་འབར་བས་གདུལ་བྱ་སྣ་ཚོགས་པ་རྣམས་ལ། ཆོས་སྣ་ཚོགས་པ་རྣམས་ཅིག་ཆར་རབ་ཏུ་སྟོན་པར་མཛད་པའི་ཕྱིར། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ཏེ། རྐང་པ་གཡས་པ་ནི་ཐབས། གཡོན་པ་ནི་ཤེས་རབ། དེ་གཉིས་དབྱེར་མི་ཕྱེད་པས་བདུད་ཐམས་ཅད་འཇིགས་པར་བྱེད་པའི་བདག་ཉིད་ཅན་གྱི་སྐྱིལ་མོ་ཀྲུང་ནི། སངས་རྒྱས་ཐམས་ཅད་ཀྱི་ངང་ཚུལ་ཡིན་ལ། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར། སངས་རྒྱས་འགྲོ་བའི་ཆོས་འཛིན་པ་སྟེ། སངས་རྒྱས་རྣམས་འདུས་ནས་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ཆོས་ཀྱི་འབེལ་བའི་གཏམ་མཛད་པ་རྣམས་འཆང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། དཔལ་ལྡན་སངས་རྒྱས་པདྨ་སྐྱེས་ཏེ། ཚོགས་གཉིས་ཀྱི་དཔལ་དང་ལྡན་ཞིང་། པདྨ་ལྟར་གོས་པ་མེད་པའི་ཆོས་རྣམས་ལས་འབྱུང་བའི་ཕྱིར། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས་གཉིས་ཀྱིས་བསྡུས་པ་མ་ཚང་བ་མེད་པའི་མཛོད་རྟག་ཏུ་འཆང་བའི་ཕྱིར། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་བ་སྟེ། འགྲོ་བ་སྣ་ཚོགས་པ་རྣམས་ལ་སྤྲུལ་པའི་སྒྱུ་འཕྲུལ་སྣ་ཚོགས་སྤྲོ་བ་ལ་བདག་པོར་གྱུར་ཅིང་། ཐམས་ཅད་སྤྲུལ་པའི་བྱེད་པ་པོ་ཡིན་པའི་ཕྱིར། ཆེ་བ་སངས་རྒྱས་རིག་སྔགས་རྒྱལ་ཏེ། སངས་རྒྱས་རྣམས་ཀྱི་རིག་སྔགས་ནི། ཤེར་ཕྱིན་ཡིན་ལ་དེའི་སྟོབས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི། སྤྲུལ་པ་མཛད་པའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར། སྔགས་དོན་ལས། ཆེ་བ་སངས་རྒྱས་རིག་སྔགས་འཆང་ཞེས་གཏོན་ནས། སངས་རྒྱས་ཀྱི་རིག་སྔགས་ནི་གཟུངས་བཞི་རྣམས་ཏེ། ཆོས་དང་། དོན་དང་། སྔགས་དང་། བཟོད་པའི་མཚན་ཉིད་རྣམས་སོ། །དེ་རྣམས་འཛིན་པས་ན། སངས་རྒྱས་རིག་སྔགས་འཆང་ངོ་། །དེ་ཉིད་ཆེ་བ་སྟེ། ཀུན་ཏུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །ཞེས་སོ། །
གསུམ་པ་རིག་སྔགས་སུ་སྟོན་ཚུལ་གྱི་ཁྱད་པར་ནི། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛི་ན་ཛིག །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་བཅོམ་ལྡན་འདས་ཉིད་རིག་སྔགས་ཀྱི་ངོ་བོར་སྟོན་པའི་ཚུལ་ལས། དང་པོར་རྡོ་རྗེ་རྣོན་པོ་ཞེས་བྱ་སྟེ། ཆོས་ཐམས་ཅད་བདག་མེད་པར་ཡང་དག་པར་རྟོགས་པའི་ཕྱིར། རལ་གྲི་ཆེན་པོ་སྟེ། བདག་ལྟའི་རྩ་བ་ཅན་གྱི་ཉོན་མོངས་པའི་ཤིང་ཆེན་པོ་གཅོད་པར་མཛད་པའི་ཕྱིར། ཡི་གེ་མཆོག་སྟེ། ཤེར་ཕྱིན་གྱི་ངོ་བོ་ཉིད་འགྱུར་མེད་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །རྣམ་པར་དག་པ་སྟེ། རྣམ་རྟོག་གི་དྲི་མ་མི་མངའ་བའི་ཕྱིར། མདོར་ན་ཤེས་རབ་དྲི་མ་མེད་པས་ཉོན་མོངས་དང་སྡུག་བསྔལ་མ་ལུས་པ་བཅད་ཅིང་། ཆོས་ཀྱི་སྐུ་བརྙེས་པ་ནི། བཛྲ་ཏིཀྵྞ་ཞེས་བྱ་བའི་སྔགས་ཀྱི་དོན་ནོ། །ཐེག་པ་ཆེན་པོ་སྟེ། ཐབས་ཤེས་བླ་ན་མེད་པའི་ངོ་བོ་ཡིན་པའི་ཕྱིར། སྡུག་བསྔལ་གཅོད་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་མ་ལུས་པ་སྤོང་བར་མཛད་པའི་ཕྱིར། མཚོན་ཆ་ཆེན་པོ་སྟེ། སེམས་ཅན་མ་ལུས་པའི་ཐེ་ཚོམ་ཐམས་ཅད་གཅོད་པའི་ཕྱིར། རྡོ་རྗེ་ཆོས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དོན་སྟོན་པའི་ཕྱིར། དེ་ལྟར་ན་ཐེག་པ་ཆེན་པོས་སྡུག་བསྔལ་གཅོད་པའི་ཚུལ་ཏེ། དུ་ཁཿཚེ་ད་ཞེས་པའི་སྔགས་དོན་ནོ། །རྡོ་རྗེ་ཟབ་མོ་སྟེ། གཟུང་འཛིན་ལ་སོགས་པའི་རྟོག་པ་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཛི་ན་ཛིག་སྟེ། དེ་ལྟ་བུའི་ཐེག་ཆེན་གྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱལ་བ་དག་ལས་ཀྱང་རྒྱལ་བའི་ཕྱིར། རྡོ་རྗེ་བློ་གྲོས་ཏེ། སོ་སོ་ཡང་དག་རིག་བཞིའི་སྒོམ་པ་ཡོངས་སུ་རྫོགས་པས། རྡོ་རྗེ་ལྟར་མི་ཕྱེད་ཅིང་མཉམ་པ་མེད་པའི་བློ་གྲོས་དང་ལྡན་པའི་ཕྱིར། དོན་བཞིན་རིག་པ་སྟེ། བློ་གྲོས་ཟབ་མོ་དང་ལྡན་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཐོགས་པ་མེད་པའི་ཤེས་རབ་ཀྱིས། སངས་རྒྱས་ཀྱི་ཆོས་རྣམས་ཐུགས་སུ་ཆུད་པར་འགྱུར་བ་ནི། པྲཛྙཱ་ཛྙ་ན་ཞེས་པའི་སྔགས་དོན་ནོ། །ཕ་རོལ་ཕྱིན་པ་ཀུན་རྫོགས་པ་སྟེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང་། དབྱངས་ཀྱི་ཡི་གེ་བཅུ་གཉིས་སྦྱར་ནས། སྔར་བཤད་ཟིན་པ་ལྟར། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་མངའ་བའི་ཕྱིར། ས་རྣམས་ཀུན་གྱི་རྒྱན་དང་ལྡན་པ་སྟེ། དེ་ཡང་ས་བཅུ་གཉིས་དང་། ཡི་གེ་བཅུ་གཉིས་སྦྱར་ནས་བཤད་ཟིན་པ་ལྟར། ས་རྣམས་ཉིད་རྒྱན་ཡིན་པས། དེ་དག་དང་ལྡན་པའི་ཕྱིར། རྣམ་པར་དག་པ་སྟེ། ཕྱིན་ཅི་ལོག་ཐམས་ཅད་དང་བྲལ་བའི་ངོ་བོ་ཡིན་པའི་ཕྱིར། བདག་མེད་ཆོས་ཏེ། ཕྱིན་ཅི་མ་ལོག་པའི་དོན་སྟོན་པའི་ཕྱིར། ཡང་དག་ཡེ་ཤེས་ཏེ། སངས་རྒྱས་ཉིད་ཀྱི་འབྲས་བུ་ལ་བསླུ་བ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར། ཟླ་འོད་བཟང་ཞེས་ཏེ། མ་རིག་པའི་མུན་པ་སེལ་བའི་འོད་ཟེར་ཟླ་བའི་དཀྱིལ་འཁོར་ལྟར། གསལ་ཞིང་མཛེས་པ་དང་ལྡན་པའི་ཕྱིར། དེ་ལྟར་བདག་མེད་པའི་ཆོས་ཐུགས་སུ་ཆུད་པས། ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྐུ་བརྙེས་པ་ནི། ཛྙཱ་ན་ཀ་ཡ་ཞེས་པའི་སྔགས་དོན་ནོ། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། གཞན་དོན་གྱིས་བརྩོན་འགྲུས་མཐར་ཕྱིན་པས། གདུལ་བྱ་རྣམས་འདྲེན་པར་བྱེད་པའི་རང་བཞིན་ཅན་གྱི་སྒྱུ་འཕྲུལ་ཆེན་པོ་དང་ལྡན་པའི་ཕྱིར། རྒྱུད་ཀུན་གྱི་ནི་བདག་པོ་མཆོག་སྟེ། སྔགས་དང་ཕྱག་རྒྱ་ལ་སོགས་པའི་སྤྲུལ་པ་སྣ་ཚོགས་པའི་གཟུགས་ཀྱིས་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ལ་དབང་སྒྱུར་བའི་གཙོ་བོ་ཡིན་པའི་ཕྱིར། དེ་ལྟར་རྒྱུད་ཐམས་ཅད་ཀྱི་བདག་པོ་མཆོག་ཏུ་གྱུར་པས་ན། གསུང་གི་འཁོར་ལོ་ཐམས་ཅད་སྐོར་བ་སྟེ། ཝ་གི་ཤྭ་ར་ཞེས་པའི་སྔགས་དོན་ནོ། །རྡོ་རྗེའི་གདན་ནི་མ་ལུས་པ་དང་ལྡན་པ་སྟེ། ཏིང་ངེ་འཛིན་མ་ལུས་པའི་རང་བཞིན་ཅན་གྱི་རྡོ་རྗེའི་སྐྱིལ་མོ་ཀྲུང་བདུད་ཐམས་ཅད་ལས་རྒྱལ་བར་བྱེད་པ་ཉིད་ལ་གནས་པའི་ཕྱིར། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་བ་སྟེ། ཡེ་ཤེས་ལྔའི་རང་བཞིན་ཡི་གེ་ལྔའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཡོངས་སུ་རྫོགས་པའི་མཚན་མ་དང་མཚོན་པར་གྱུར་པ་ནི། ཆོས་ཐམས་ཅད་ཡི་གེ་ལྔས་མཚོན་པ་སྟེ། ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བ་དང་། སངས་རྒྱས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཆགས་པས་ཆགས་པར་མཛད་པའོ། །པ་ནི་སྐྱེ་བ་མེད་པ་དང་། ཐུགས་རྗེ་ཆེན་པོའི་ཐབས་ཀྱི་བདག་ཉིད་དུ་གྱུར་པས་དོན་དམ་པའོ། །ཙ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་དང་། དེ་དག་གི་རྒྱུ་དང་བྲལ་བ་ཡིན་པའི་ཕྱིར། ན་ནི་ནམ་མཁའ་དང་འདྲ་བར་ཉེ་བར་དམིགས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་མཐར་ཐུག་པའོ། །ཞེས་སོ། །དེ་ལྟར་ཡི་གེ་ལྔའི་རང་བཞིན་ཡེ་ཤེས་ལྔའི་སྐུ་འཆང་བ་ནི། ཨ་ར་པ་ཙ་ན་ཞེས་པའི་སྔགས་དོན་ནོ། །ཀུན་ཏུ་བཟང་པོ་སྟེ། རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་བཟང་པོ་མཛད་པའི་ཕྱིར་དང་། རྣམ་པ་ཀུན་ཏུ་དགེ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར། བློ་གྲོས་བཟང་པོ་སྟེ། བདག་དང་གཞན་གྱི་ཕན་པ་ཐམས་ཅད་བསྐྱེད་ཅིང་། དྲི་མ་མེད་པས་མཛེས་པའི་བློ་གྲོས་མངའ་བའི་ཕྱིར། སའི་སྙིང་པོ་སྟེ། ས་བཞིན་དུ་མི་འགྱུར་བར་སེམས་ཅན་ཐམས་ཅད་ཀྱི་བདེ་ལེགས་ཀྱི་གནས་དང་རྒྱུར་གྱུར་པའི་ཕྱིར། འགྲོ་བ་འཛིན་པ་སྟེ། འགྲོ་བ་མ་ལུས་པ་འཛིན་ཅིང་འཚོ་བར་བྱེད་པའི་རྟེན་ཚོགས་གཉིས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་སྟེ། གརྦ་ཞེས་པའི་སྒྲ་ནི་སྐྱེད་པ་ལ་ཡང་ཡོད་དེ་མངའ་བ་བཞིན་ནོ། །ཞེས་པ་ལྟར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་གནས་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཡིན་པའི་ཕྱིར། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་བ་སྟེ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་སྤྲུལ་པའི་དཀྱིལ་འཁོར་འཛིན་པར་མཛད་པའི་ཕྱིར་དང་། རྣམ་པ་སྣ་ཚོགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་སྤྲུལ་པ་འཛིན་པའི་ཕྱིར་རོ། །
གསུམ་པ་དོན་བསྡུ་བ་ནི། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་པོའི་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པ་ལ། དངོས་པོ་ཀུན་གྱི་རང་བཞིན་མཆོག་སྟེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྐྱེ་མེད་སྟོང་པ་དང་། ཡང་དག་པའི་མཐའ་ཆོས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར། དངོས་པོ་ཀུན་གྱི་རང་བཞིན་འཛིན་ཏེ། ཆོས་ཀྱི་སྐུའི་རང་བཞིན་དེ་རྟག་ཏུ་མི་འབྲལ་བར་འཆང་བའི་ཕྱིར། སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཞེས་བྱ་སྟེ། དོན་དམ་པར་སྐྱེ་བ་མེད་པའི་ཆོས་གང་དང་ལྡན་པ་དེ་ཉིད། ཀུན་རྫོབ་ཏུ་འགྲོ་བ་མ་ལུས་པ་ལ་ཕན་འདོགས་པའི་དོན་སྣ་ཚོགས་བྱེད་པའི་ཕྱིར། ཆོས་ཀུན་ངོ་བོ་ཉིད་འཆང་བ་སྟེ། ཕུང་པོ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་དེ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཞེས་བྱ་བ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཛིན་པའི་ཕྱིར། སྔགས་དོན་ལས། འདིའི་ཤེས་བྱེད་དུ། དེ་ལྟར་ཡང་། ཡེ་ཤེས་ཞབས་ཀྱིས་གསུངས་པ། ཡང་དག་བྱང་ཆུབ་སེམས་བསྐྱེད་ནས། །བྱམས་པ་ཆེན་པོ་རབ་སྦྱོར་ཏེ། །ཆོས་རྣམས་ཐམས་ཅད་བདག་མེད་ཅེས། །དེ་ལྟར་ཤེས་ནས་རྣམ་པར་གྲོལ། །ཞེས་དྲངས་སོ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། ཆོས་ཀུན་ཁོང་དུ་ཆུད་པར་འཆང་བ་སྟེ། ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་ངོ་བོ་ཉིད་ཀྱི་ཤེས་རབ་ཀྱིས་དུས་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་རབ་ཏུ་རྟོགས་ཤིང་འཛིན་པའི་ཕྱིར། ཆོས་ཀུན་མངོན་པར་རྟོགས་པ་སྟེ། འདུས་བྱས་དང་། འདུས་མ་བྱས་དང་། ཟག་བཅས་དང་། ཟག་མེད་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དབྱེ་བས་ཕྱེ་བའི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་ཕྱིར། ཐུབ་པ་བློ་མཆོག་སྟེ། སྐུ་གསུང་ཐུགས་ཐུབ་པ་དང་ལྡན་ཞིང་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་བློ་མཆོག་ཏུ་གྱུར་པའི་ཕྱིར། འབྱུང་པོའི་མཐའ་སྟེ། འགྲོ་བ་རྣམས་ཀྱི་མཐར་ཐུག་པ་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། མི་གཡོ་བ་སྟེ། གནས་ངན་ལེན་དང་རྣམ་རྟོག་ཐམས་ཅད་སྤངས་པས། ཏིང་ངེ་འཛིན་བརྟན་ཞིང་མི་འགྱུར་བར་གནས་པའི་ཕྱིར། རབ་ཏུ་དང་བའི་བདག་སྟེ། མ་རིག་པ་དང་འདོད་ཆགས་ལ་སོགས་པའི་རྙོག་པ་ཐམས་ཅད་དང་བྲལ་བས། དྲི་མ་མེད་པའི་སྐུའི་རང་བཞིན་ཡིན་པའི་ཕྱིར། རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་བ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་བདག་ཉིད་ཟད་པ་དང་། མི་སྐྱེ་བའི་ཡེ་ཤེས་མཐར་ཐུག་པའི་བྱང་ཆུབ་འཛིན་པར་མཛད་པའི་ཕྱིར། དེ་བས་ན་སངས་རྒྱས་ཀུན་གྱི་མངོན་སུམ་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ངོ་བོ་ཉིད་རང་རིག་པའི་བདག་ཉིད་དུ་རྟོགས་པའི་ཕྱིར། ཡེ་ཤེས་མེ་ལྕེ་འོད་རབ་གསལ་བ་སྟེ། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཡེ་ཤེས་མེ་ལྕེ་དང་འདྲ་བའི་འོད་ཀྱིས་ཤེས་བྱ་ཐམས་ཅད་སྣང་བར་བྱེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར།
བཞི་པ་རིན་འབྱུང་གི་སྒོ་ནས་མཉམ་ཉིད་ཡེ་ཤེས་ལ་བསྟོད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །
དང་པོ་ནི། འདོད་པའི་དོན་སྒྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ཞེས་པ་ལ། འདོད་པའི་དོན་སྒྲུབ་དམ་པ་སྟེ། འདོད་དོན་གྱི་གཙོ་བོ་རྫོགས་པའི་སངས་རྒྱས་ཉིད་དང་། ཞར་བྱུང་མཐོ་རིས་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། རིག་འཛིན་ལ་སོགས་པ་ཐམས་ཅད་རྫོགས་པར་སྩོལ་བའི་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར། ངན་སོང་ཐམས་ཅད་རྣམ་སྦྱོང་བ་སྟེ། ངན་སོང་གསུམ་དུ་འཇུག་པའི་ལས་ཀྱི་གཉེན་པོར་གྱུར་པ། ཐར་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་སྟོན་པར་མཛད་པའི་ཕྱིར་དེ་ཉིད་ཀྱིས་ན། མགོན་པོ་སེམས་ཅན་ཀུན་གྱི་མཆོག་སྟེ། གཞན་དོན་བྱ་བ་ལ་མངོན་པར་བརྩོན་པས། མགོན་མེད་པའི་སེམས་ཅན་རྣམས་ཀྱི་མགོན་དམ་པར་གྱུར་པའི་ཕྱིར། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་པ་སྟེ། གདུལ་བྱ་རྣམས་ཀྱི་མོས་པ་དང་། དབང་པོ་སོགས་དང་འཚམ་པར་རྣམ་གྲོལ་གྱི་ལམ་བསྟན་པའི་སྒོ་ནས་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་གྲོལ་བར་མཛད་པའི་ཕྱིར། ཉོན་མོངས་གཡུལ་དུ་གཅིག་དཔའ་བ་སྟེ། བདག་ཏུ་ཞེན་པའི་རྩ་བ་ཅན་གྱི་ཆགས་སོགས་ཉོན་མོངས་པ་དང་། ལྷན་ཅིག་གཡུལ་སྤྲོད་པ་ན། ཟླ་མེད་པར་དཔའ་བ་ཡིན་པའི་ཕྱིར། མི་ཤེས་དགྲ་ཡི་དྲེགས་པ་འཇོམས་པ་སྟེ། བདེན་པ་སོགས་ལ་ཕྱིན་ཅི་ལོག་ཏུ་འཇུག་པ། མི་ཤེས་པའམ་གཏི་མུག་ནི། དགེ་བའི་ཕྱོགས་ཀྱི་བར་ཆད་བྱེད་པས་དགྲ་ཡིན་ལ། དེའི་དྲེགས་པ་ནི་བདག་ཉིད་གཅིག་པུས་སེམས་ཅན་མ་ལུས་པ་རྣམས་མི་ཤེས་པའི་ཞགས་པས་བཅིངས་ནས། ངན་སོང་གསུམ་དུ་ལྟུང་བར་བྱའོ། །ཞེས་བརྙས་པ་དང་བཅས་པ་སྟེ། དེ་ཉིད་ངེས་པར་བཅོམ་པའི་ཕྱིར། བློ་ལྡན་སྒེག་འཆང་དཔལ་དང་ལྡན་པ་སྟེ། དྲི་མ་མེད་པའི་ཤེས་རབ་ཀྱི་ངོ་བོར་གྱུར་ཀྱང་། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའི་གཟུགས་སྣ་ཚོགས་པས། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་དོན་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར། འདི་ལ་འགྲེལ་ཆེན་དུ། དཔལ་ལྡན་བློ་དང་སྒེག་པ་འཆང་། །ཞེས་དང་། སྔགས་དོན་ལས། དཔལ་ལྡན་ངྷི་སྟེ་སྒེག་འཆང་བ། །ཞེས་ཀྱང་བཤད་མོད། ཚིག་སྔ་མ་ཉིད་རིགས་པར་དགག་སྒྲུབ་དང་བཅས་ཏེ་འགྲེལ་ཆེན་ཉིད་ལས་གསུངས་སོ། །བརྟན་པོ་མི་སྡུག་གཟུགས་འཆང་བ་སྟེ། བདུད་ལ་སོགས་པའི་དགྲ་ཐམས་ཅད་འཇོམས་པ་ལ་དཔའ་ཞིང་། གང་གིས་ཀྱང་མི་འཇིགས་པར་བརྟན་པའི་གཟུགས་དང་། ཤིན་ཏུ་དྲག་ཅིང་མི་བཟད་པར་འཇིགས་སུ་རུང་བའི་ཁྲོ་བོའི་གཟུགས་འཛིན་པའི་ཕྱིར།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།