༄༅།།མདོ་སྨད་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཆུ་བཟང་དགོན།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-10-21 10:50:51
ཀློག་གྲངས།:



ཆུ་བཟང་དགོན་པར་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་བཀོད་པ་བརྒྱུད། སྤྱི་ལོ1981ལོའི་ཟླ6པའི་ཚེས6ཉིན་དད་ལྡན་སེར་སྐྱ་མང་ཚོགས་ལ་སྒོ་འབྱེད་བྱས་པ་དང་། 1988ལོའི་ཟླ9བར་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་བདམས། 1998ལོའི་ཟླ2བར་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་བདམས། 2006ལོའི་ཟླ5བའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་ལྟར་རྒྱལ་ཡོངས་ཀྱི་ཐེངས་དྲུག་པའི་གནད་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད་པ་ཡིན་ནོ།།
རྗེ་ཆུ་བཟང་ཧོ་ཐོག་ཐུ་སྐུ་ཕྲེང་བཅོ་ལྔ་བ་བློ་བཟང་བསྟན་འཛིན་ཕུན་ཚོགས་ནི་ད་ལྟའི་དགོན་བདག་བླ་བ་ཡིན། དགེ་འདུན་པ་མི་སྣ34བཞུགས། ད་ལྟ་དགོན་པ་འདིར་འདུ་ཁང་། ཇོ་ཁང་། ལྕང་སྐྱ་བླ་བྲང་། སྒྲོལ་མའི་ལྷ་ཁང་། བཀའ་འགྱུར་སོགས་གསུང་རབ་པོ་ཏི་མང་པོ། ཐང་ཀ སྐུ་བརྙན། མཆོད་བྱད། མཆོད་ཆས་སོགས་རིན་ཐང་གཞལ་དུ་བྲལ་བའི་རིག་དངོས་མང་པོ་གནས་སོ།། ལོ་རེའི་ཧོར་ཟླ་དང་པོའི་ཚེས་བཞི་ནས་བཅོ་ལྔའི་བར་རྒྱ་ལོ་སྨོན་ལམ་ཆེན་མོ་དང་། ཚེས་བཅུ་བཞིའི་ཉིན་གོས་སྐུ་བཤམས་པ་དང་འཆམ། རྒྱ་ལོའི་ཚེས15ཉིན་མེ་ཏོག་མཆོད་མཇལ་ཡོད། ཧོར་ཟླ་གཉིས་པའི་ཚེས་བཅུ་ནས་ཟླ་གསུ་པའི་ཚེས་ཉེར་གསུམ་བར་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད། ཟླ4བའི་ཚེས7ནས་ཚེས14བར་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་ཆེན་མོ། ཟླ4བའི་ཚེས11ནས་25བར་གསང་འདུས་སྒྲུབ་མཆོད། ཟླ8པའི་ཚེས1ནས་ཚེས14བར་བདེ་མཆོག་གི་སྒྲུབ་མཆོད་སོགས་ཀྱི་བྱེད་སྒོ་རྒྱུན་ཆད་མེད། 1981ལོ་ནས་བཟུང་། ཧོར་ཟླ་དང་པོའི་རྒྱ་ལོ་སྨོན་ལམ་དང་ཟླ་གསུམ་པར་དུས་འཁོར་ཆེན་མོ། ཟླ་བཞི་བར་རབ་གནས་ཆེན་མོ། ཟླ་དྲུག་པར་དྲུག་པའི་སྨོན་ལམ་སོགས་ཡོད་དོ།།
ཆུ་བཟང་རྭ་ལོ་ཐང་ནི་གནས་ཁྱད་པར་འཕགས་ཤིང་མི་སྣ་རླབས་ཆེ་སྐོར་ཞིག་གནས་འདི་རུ་སྐུ་བལྟམས་མྱོང་། དེ་དག་གི་ལྕང་སྐྱ་དང་ཆུ་བཟང་། ཞབས་དྲུང་དཀར་པོ། ཤར་ཚང་། ར་ཁོ། ལེན་ཧྭ། ལྷ་མོ་གསེར་ཁྲི། བརྒྱུད་པ་ཚང་། ཆེ་གཏན་མཁན་པོ། མེར་རྒན་མཁན་པོ། དུས་ལེན་ཝང་ཚང་། གསེར་ཁོག་གསེར་ཁྲི་ཚང་། སྣང་ཚང་། རྒྱེ་རྩེ་ཞབས་དྲུང་། བླ་བྲང་གླང་ཚང་། སྒོམ་བཞེས་ཚང་། ཉི་མ་འཛིན་ཚང་། འདམ་མ་ཚང་། ཁྲི་རྒན་ཚང་། བ་བཟའ་ཏ་མཁན་པོ། ཨ་ཆུང་ཚང་སོགས་སྐྱེས་ཆེན་དམ་པ་འདིར་འཁྲུངས་མྱོང་། དེ་དག་ལས་ལྕང་སྐྱ་དང་ཆུ་བཟང་། ཤར་ཚང་། ར་ཁོ་སོགས་ཐེངས་དུ་མར་གནས་འདིར་སྐུ་བལྟམས་མྱོང་། ཆུ་བཟང་དགོན་པ་བོད་ཁུལ་དང་ཞིན་ཅང་། ནང་སོག དེ་མིན་ཞང་ཀང་དང་ཡེ་ཤ་ཡ་ཤར་ལྷོ་སོགས་ཀྱི་དད་ལྡན་མང་ཚོགས་འདུ་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།