༄༅། །དཔའ་རིས་མཆོད་རྟེན་ཐང་བཀྲ་ཤིས་དར་རྒྱས་གླིང།
དཔའ་རིས་མཆོད་རྟེན་ཐང་བཀྲ་ཤིས་དར་རྒྱས་གླིང་ནི་དཔའ་རིས་ཀྱི་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་དགོན་པ་ཞིག་ཡིན་ལ།དེའི་ལོ་རྒྱུས་ཡུན་རིང་ཞིང་རྣམ་པ་རྒྱ་ཆེ་བ།གྲྭ་བ་མང་ལ་ཆོས་ཁྲིམས་དམ་པ།དེར་མཁས་པ་མང་བོ་བྱུང་མྱོང༌།དགོན་པ་དེ་ཨ་མདོ་བོད་ཁུལ་གྱི་སྐད་གྲགས་ཅན་གྱི་དགོན་པ་ཞིག་ཏུ་གྱུར་ཡོད།
དཔའ་རིས་མཆོད་རྟེན་ཐང་བཀྲ་ཤིས་དར་རྒྱས་གླིང་ནི་དཔའ་རིས་བོད་རང་སྐྱོང་རྫོང་གི་རྫོང་མཁར་ལྷོ་ནུབ་མཚམས་ཀྱི་མཆོད་རྟེན་ཐང་ཞང་མཆོད་རྟེན་ཐང་སྡེ་བའི་ཁོངས་གཏོགས་ཀྱི་འཇུ་ལག་ཆུའི་འགྲམ་དུ་གནས་ཤིང༌།རྫོང་མཁར་དང་བར་ཐག་སྤྱི་ལེ་༩༠ལྷག་ཡོད། དགོན་པའི་ནུབ་ཕྱོགས་མཚོ་སྔོན་ཧུ་གྲུ་རྫོང་གི་རྒྱ་ཏིག་ཞང་དང་འབྲེལ།
དཔའ་རིས་མཆོད་རྟེན་ཐང་བཀྲ་ཤིས་དར་རྒྱས་གླིང་“དཔའ་རིས་ཀྱི་ཅང་ནན(江南)ཆུང་བ”ཞེས་པའི་མཚན་སྙན་ལྡན། མཐའ་འཁོར་དུ་བོད་དང༌།རྒྱ།ཧོར།ཧེའུ་རིགས་སོགས་གྲངས་ཉུང་མི་རིགས་མང་བོ་འཚོ་གནས་བྱས་ཡོད།
ཐང་ཞན་ཙུང་གི་དུས་ལ་མཆོད་རྟེན་དགོན་གཞི་འདིར།གཡུང་དྲུང་དགོན་ཟེར་བའི་བོན་དགོན་ཞིག་ཆགས་པར་གྲགས། ལོ་ལྔjབརྒྱ་འདས་རྗེས།ཡོན་རྒྱལ་རབས་སྤྱི་ལོ་༡༣༦༠ལོར་ཐོན་ཚེ།བོད་བརྒྱུད་ནང་བསྟན་ཆོས་ལུགས་བཀའ་འགྱུར་པའི་ཀརྨ་བཀའ་འགྱུར་སྐུ་ཕྲེང་བཞི་བ་(1340—1383) ཀརྨ་རོལ་བའི་རྡོ་རྗེ་ལུང་ཇུས་ཕྱོགས་སུ་ཕེབས་སྐབས་འཇུ་ལག་ཆུ་ནང་གི་ཀླུ་སྲིན་གདུགས་ཅན་འཇུ་བཏུལ་ཏེ་དམ་ལ་བཏགས།དམ་རྟགས་སུ་བཀྲ་ཤིས་ཐང་དེར་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས།དེ་ནས་བཟུང་སྟེ་དུག་ཆུ་རྦ་ཀློང་འཁྱིལ་བ་བདུད་རྩི་དང༌།བཀྲ་ཤིས་ཐང་ལ་མཆོད་རྟེན་ཐང་དུ་ཐོགས།
གཞན་ཡང༌།ཀླུ་སྲིན་གདུགས་ཅན་འཇུ་ཟེར་བའི་སེམས་ཅན་གདུག་པ་ཅན་མི་ཟོག་ལ་གནོད་འཚེ་བྱེད་པ་དེས།འཇུ་ལག་གི་ཐག་ཉེ་ས་པྲ་ཡི་རིགས་ལས་འཁྲུངས་ བའི་རྣམ་འབྱོར་བ་ནུས་མཐུ་ཅན།པྲ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས་པ་དེས་རྟེན་འབྲེལ་ཞིག་མཛད་དེ་ཆུ་ཁར་ཐོན་པ་བཏུལ་ཞེས་བཤད་ཀྱི་ཡོད་པ་མདོ་སྨད་ཆོས་འབྱུང་དེ་འཁོད་འདུག མཆོད་རྟེན་ཐང་གི་གཡས་ཕྱོགས་ས་རྒན་སྟེང་ཞེས་པའི་ཐང་དཀྱིལ་ན་འཇུ་རྟགས་ལབ་རྩེ་ཟེར་བའི་ས་འབུར་ཞིག་ཡོད་པ་དེ།པྲ་སྒོམ་གྱིས་འཇུ་བཏུལ་ཏེ་རོ་མནན་པའི་རྟེན་དུ་ལབ་རྩེ་བརྩིགས་པ་ཡིན་ཞེས་ཟེར་བ་དང༌།དེ་ནས་ཆུ་འགྲམ་དུ་ཡར་སོང་བའི་ས་ལེ་བར་ལྔ་དྲུག་ཙམ་ན།མགར་མོ་དང་རྟ་རྫོང་ཟེར་བའི་ལུང་བ་གཉིས་ཡོད་པ་དེ།པྲ་སྒོམ་ཀྱིས་འཇུ་བཏུལ་སྐབས་མགར་མོ་ཞིག་དང་རྟ་ཞིག་ཆུ་འདབས་སུ་གཟན་དུ་བཏང་བས། འཇུ་ཆུའི་ཕྱིར་ཐོན་པ་བསྒྲལ་ཅིང༌།རྗེས་སུ་མགར་མོ་དང་རྟ་དེ་གཉིས་ཚེ་ཐར་དུ་བཏང་བ་ལུང་བ་སོ་སོར་སོང་བས།ལུང་བ་གཉིས་ཀྱི་མིང་ལ་མགར་མོ་དང་རྟ་རྫོང་ཐོགས་ཞེས་ཟེར་རོ།ཨ་ལགས་དོར་ཞིས་བྲིས་པའི་《དཔའ་རིས་མཆོད་རྟེན་ཐང་གི་ཆགས་རབས་མུ་ཏིག་ཕྲེང་བ》རུ་འདི་ལྟར་བཀོད་ཡོད་པ་སྟེ།鉊དུང་དཀར་པོ་གཡས་སུ་འཁྱིལ་བ་ལ།།རི་བོངས་ཆངས་གཡུ་ཡི་བུམ་པ་ལ།།རི་ཟུར་གསུམ་བྲག་གཞོང་གནོམ་དུ་མཐོ།།ངེད་མཁའ་འགྲོའི་རྒྱལ་མཚན་བསྒྲེང་བ་འདྲ།།དཔའ་བེའུས་རི་བསྐོར་བརྒྱན་པ་ལ།།ནགས་བཀྲ་ཤིས་ཡལ་འདབ་རྒྱས་པ་ཡོད།ས་པད་མ་འདབ་བརྒྱད་དབྱིབས་ཆགས་པ།།སྟོང་འཁོར་ལོ་རྩིབས་བརྒྱད་རྒྱན་དུ་ཕུབ།།ས་རྩེ་བརྒྱད་ལུང་བ་ཕྱོགས་སུ་གྱེས།།ཆུ་ཟག་མེད་བསྟན་པའི་ཆུ་རྒྱུན་འབབ།། 鉋དགོན་གནས་འདི་གནས་པའི་མཚན་ཉིད་ལ།འདི་ཀའི་རྒན་པོའི་ངག་རྒྱུན་དུ་དར་བའི་གཏམ་གྱི་ནང་དུ་ཡང༌།གནམ་ལ་བཀྲ་ཤིས་པ་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག ས་ལ་བཀྲ་ཤིས་པ་ས་པད་མ་འདབ་བརྒྱད་ཀྱི་སྟེང༌།ཕྱོགས་ལ་བཀྲ་ཤིས་པ་ཕྱོགས་མཚམས་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཚན་པ་ཞེས་འབྱུང་ངོ།གནའ་དུས་ཀྱི་སྙན་ངག་པ་ཞིག་གི་རྩོམ་དུ།ས་སྟེང་ས་བཟང་ཕར་ཆེར་ཆོས་སྡེ་བཟུང་ཞེས་པ་བདེན་ཤས་ཆེ་ཡང༌།སའི་མཐོ་དམན་དང་གནམ་གཤིས་བསིལ་དྲོད་སྙོམས་པ།རྩྭ་ཆུ་ཤིང་གསུམ་དང༌།འབྲུ་བཅུད་ལོ་ཏོག་སོགས་འཚོ་བའི་ཆ་རྐྱེན་འཛོམས་པ།རི་ར་བའི་ཆགས་དབྱིབས་ལེགས་ཤིང༌།རྩི་ཤིང་མང་པོས་བརྒྱན་པས་ཡུལ་ལྗོངས་མཛེས་ཤིང་ཉམས་དགའ་བ་བཅས་ཀྱི་གནས་ཀྱི་ཡོན་ཏན་ཆ་ཀུན་ནས་འཛོམས་པའ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com