ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-06-25 09:11:58
ཀློག་གྲངས།:
མཚོ་སྔོ་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ལྟེ་བ། མར་ཁུ་ཐང་གྲོང་བརྡལ་ནས་ལམ་ལ་ཆས་ཏེ་ལྷོ་ནུབ་ཀྱི་ཕྱོགས་སུ་འཐེན་པའི་ལེ་དབར་བཅུ་དྲུག་ལྷག་གི་གཞུང་ལམ་དུ་ཞུགས་ཚེ། མཛེས་སྡུག་མངོན་པར་བཀྲ་བའི་རི་ཀླུང་གི་སྣང་བརྙན་ཁྱེད་ཀྱི་མིག་གི་རྒྱན་དུ་ཆགས་ཤིང༌། སྙན་ཞིང་འཇེབས་པའི་ཅོ་གའི་དྲུག་འགྱུར་དང་ཆུ་ཕྲན་གྱི་དབྱངས་རྟ་རིང་མོ་ཁྱེད་ཀྱི་རྣ་བའི་ཟས་སུ་འགྱུར་བའི་མོད་ལ། འོད་ཟེར་སྟོང་གིས་བརྒྱན་པའི་གསེར་མདོག་གི་འཇིག་རྟེན་ཞིག་ཁྱེད་ཀྱི་སྣང་ངོར་འཆར་འོངས། དེ་ནི་གནའ་བོའི་ཆོས་སྡེ་ཆེན་པོ། ཞྭ་སེར་བསྟན་པའི་གདན་ས་གྲགས་ཆེན་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་རེད།
ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་ནི་གོང་མ་ཁཱང་ཞིའི་ཁྲི་ལོ་ཉི་ཤུ་བ་སྟེ་སྤྱི་ལོ1682 ལོར་བཏབ་ཅིང༌། ད་རག་བར་ཧ་ལམ་ལོ་ངོ300 ལྷག་གི་ལོ་རྒྱུས་ལྡན། དེ་ཡང་ལཱ་མོ་བདེ་ཆེན་ཞེས་པ་ནི་ལཱ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་མཆོག་གི་དགེ་སྒྲུབ་ཀྱི་བསྟུ་གནས་ཡིན་པས་དེ་ལྟར་ཐོགས་སྐད། ལཱ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་མཆོག་ནི་དབུས་གཙང་ཁུལ་གྱི་ལཱ་མོ་རིན་ཆེན་སྒང་བྱ་བར་སྐུ་འཁྲུངས་ཤིང༌། ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་གི་ཐོག་མའི་ཆགས་ཡུལ་ནི་ད་ལྟའི་གཅན་ཚ་རྫོང་གི་ཁོངས་མགུར་བྱ་བའི་ས་ཆ་འདི་ཡིན་མོད། འོན་ཀྱང་ཕྱིས་སུ་ལཱ་མོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནས་བཟུང་ད་ལྟའི་བདེ་ཆེན་ས་ཆ་འདིར་སྤར་བར་མ་ཟད། ལཱ་མོ་སྐུ་ཕྲེང་རིམ་པས་བླ་ན་མེད་པའི་ཉམས་གསོ་མཛད་པས། དེ་རིང་གི་དད་འདུན་དབང་མེད་དུ་འཕྲོག་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཆགས་པ་རེད།
དགོན་པའི་མཐའ་སྐོར་ཡོངས་སུ་མཐོ་ཞིང་བརྗིད་པའི་ལྷུན་པོ་དང་ཡངས་ཤིང་ཆེ་བའི་རྩཱ་ཐང༌། ལྷུང་ལྷུང་གི་ཆུ་ཕྲན་སྣ་ཚོགས་ཀྱིས་མངོན་པར་བརྒྱན་འདུག་སྟེ། ནུབ་བྱང་གི་ཕྱོགས་ན་རྔམ་བརྗིད་ཀྱི་དབུ་རྩེ་དགུང་དུ་ཟུག་པའི་གཉེན་པོ་ཨ་མྱེས་སྲིན་པོ་ཀྲོང་ངེར་འགྱིངས་ཞིང༌། ལྷོ་ནུབ་ཀྱི་མཚམས་ན་རི་ཚོགས་ཀྱི་དཔུང་གིས་མཐའ་ནས་བསྐོར་བའི་གཉེན་པོ་ཨ་མྱེས་སེ་ཆེན་མཁའ་རུ་འཕགས། ས་འཛིན་གྱི་བདག་པོ་འདི་གཉིས་ཀྱིས་གནས་འདི་གའི་མཛེས་སྡུག་གི་རི་ཆུ་དང་རི་སྐྱེས་ཀྱི་ཚོགས་ལ་ལྷག་བསམ་རྣམ་དག་གིས་སོ་ལྟ་བྱེད་པ་དང་ཀུན་ནས་མཚུངས། ད་དུང་ཤར་ལྷོའི་ཕྱོགས་ན་གཡུ་ལོ་ཐགས་སུ་བཀྲ་བའི་ཚང་ཚིང་ནགས་ཀྱིས་ཡོངས་སུ་གཡོགས་འདུག་ལ། བྱང་ཤར་གྱི་ཕྱོགས་ན་རླབས་ཀྱི་ཟེགས་མ་མཁའ་རུ་འཕྱོ་ཞིང་མདུན་སྐྱོད་ཀྱི་ང་རོ་དྲག་ཏུ་སྒྲོག་པའི་རྨ་ཀླུང་རིང་མོ་དལ་གྱིས་འབབ། གཞན་ད་དུང་ཆོས་སྡེ་ཆེན་པོ་འདིའི་འགྲམ་གཉིས་ན་ལྷུང་ལྷུང་དུ་འབབ་པའི་རྔ་བ་ཆུ་བོ་དང་ཡང་ཆུང་ཆུ་བོ་གཉིས་ནི་གར་དུ་རྩེན་པའི་ལྷ་མོ་གཉིས་དང་འདྲ་བར་མི་ཡུལ་འདིར་གནས་འདིའི་དགེ་བཅུ་མ་ལུས་དྲིལ་བསྒྲགས་བྱེད་པ་དང་ཀུན་ནས་མཚུངས། གདན་ས་ཆེན་པོ་འདིའི་ཕྱོགས་སོ་སོར་ད་དུང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་དབེན་གནས་རྔ་བ་དགོན་དང༌། གྱེར་སྟེང་དགོན། ཆོས་སྡེ་ཆེན་པོ་རྨ་མགུར་རྣམ་རྒྱལ་གླིང༌། ཀོའུ་བ་དགོན་པ། གསང་སྒྲོག་དགོན་པ། ངང་རོང་དགོན་པ། ཨ་ཆུང་གནམ་རྫོང་དང་ལོ་རྡོ་རྗེ་བྲག་ལ་སོགས་པའི་ཕྱི་ནང་གཙུག་ལག་རིག་པའི་བསྟི་གནས་དག་དང་འབྲེལ་བར་མ་ཟད། དགོན་ཆེན་འདིའི་ཉིང་ལག་ལྟར་ཆགས་པའི་གྲོང་སྡེ་མ་ཎི་རྡོ་ལུང་དང་ཉི་རིང༌།གོང་མོ་ཐང༌། སྤྱང་ཚང་ཁ་བཞི་ནི་གནས་མཆོག་འདིའི་རི་ཆུ་ནགས་གསུམ་ལ་སོ་སྲུང་བྱེད་པའི་ཚོ་ཆེན་བཞི་རུ་གྲུབ་པ་དང་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་ནི་གྲོང་སྡེ་ཚོ་ཆེན་བཞི་ཡི་དཀྱིལ་དབུས་ན་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་དང་འདྲ་བར་དད་ལྡན་འགྲོ་བའི་རྒྱན་དུ་ཆེ། གཞན་ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་ན། ལཱ་མོ་བདེ་ཆེན་གྱི་སྐུ་རྟེན་ཐམས་ཅད་ལ་རང་སྐྱ་འཕེར་བའི་ཁྱད་རྟགས་དང༌། ལྐོག་གྱུར་གྱིས་ཁེངས་པའི་ཚོས་མདངས། ཡིད་དུ་འོངས་བའི་ངག་རྒྱུན་རེ་ཡོད་ཟེར། ཁྱད་པར་དུ་ལཱ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་དབུས་གཙང་ནས་སྔ་རྗེས་སུ་སྤྱན་རས་གཟིགས་ཀྱི་སྐུ་རྟེན་དང༌། ཕོ་བྲང་པོ་ཏ་ལའི་ཁྱད་ནོར་ཏུ་འབོད་པའི་སྒྲོལ་མའི་སྐུ། ཙན་ཏན་དམར་པོའི་རྒྱུ་ལས་བཞེངས་པའི་སྤྱན་རས་གཟིགས་ཀྱི་སྐུ། གསེར་གྱི་མཆོད་སྡོང་དང་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་ལ་སོགས་པའི་རིན་ཐང་བྲལ་བའི་སྐུ་རྟེན་སུམ་བརྒྱ་ལྷག་སྤྱན་དྲངས་བས་ལོ་རྒྱུས་སྟེང་བླ་བྲང་ཆོས་ཀྱི་མཛོད་དང༌། ལཱ་མོ་བདེ་ཆེན་རྟེན་གྱི་མཛོད་ཞེས་སྙན་པའི་གྲགས་པ་སྲིད་གསུམ་ཀུན་ཏུ་རྒྱས། ། ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།