རོང་བོ་དགོན་ཆེན།
རྩོམ་པ་པོ།:ཚེ་བརྟན་དོན་གྲུབ
ཡོང་ཁུངས།:མཚོ་སྔོན་པོའི་དྲ་ཚིགས
དུས་ཚོད།:2008-06-27 10:52:17
ཀློག་གྲངས།:
རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནི་སྤྱི་ལོ་༡༣༠༡ལོར་རོང་བོ་བླ་མ་བསམ་གཏན་རིན་ཆེན་མཆོག་གིས་ཕྱག་འདེབས་མཛད་པས། ཉི་ཐང་བས། མདོ་སྨད་རོང་བོའི་ཆུ་གཏེར་དུ།། ཐོས་བསམ་ནོར་བུས་ཕྱུག་པའི་གླིང་།། སྤྲུལ་བྱེད་བསམ་གཏན་རིན་ཆེན་ཞེས།། ཡོངས་འཛིན་མཆོག་གི་ཟློས་གར་བསྒྱུར་ཅེས་གསུངས་སོ།། ས་འཛིན་ལྷ་ཁང་དུ་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་ཤིང་། དགེ་འདུན་གྱི་འདུས་སྡེ་གསར་དུ་བཙུགས་པ་ཡིན་ལ། ད་ལྟའི་བར་དུ་ལོ་ངོ་བདུན་བརྒྱད་ལྷག་གི་ལོ་རྒྱུས་ལྡན། མཁས་གྲུབ་ཆེན་པོ་བླ་མ་བསམ་གཏན་རིན་ཆེན་གྱི་སྐུ་མཆེད་གསུམ་པ་ཏྰ་ཀཽ་ཤྲི་༼ཆབ་སྲིད་ཀྱི་བླ་མ་ཆེན་པོ་ཞེས་ཐུའུ་བཀྰན་ཆོས་ཀྱི་ཉི་མས་བཞེད༽ བློ་གྲོས་སེང་གེ་ཞེས་པ་མཁྱེན་རྒྱ་ཡངས་ལ་ཚུལ་ཁྲིམས་རྣམ་པར་དག་པ་སོགས་ཀྱི་སྐུ་ཡོན་དང་འཕྲིན་ལས་ཀྱི་སྙན་པ་ཕྱོགས་སུ་རྒྱས་པ་ན་དགུང་ལོ་ཉེར་དགུའི་སྟེང་ཏྰ་མིང་གོང་མ་ཟོན་ཏེ་༼ཏྰ་མིང་རྒྱལ་རབས་བཞི་བ༽རྒྱལ་བོས་དབུ་བླར་ཡང་ཡང་གདན་འདྲེན་པར་ཕེབས། ལོ་བཞིའི་རིང་རྒྱལ་བོའི་སློབ་དཔོན་མཛད། རྣམ་འཇོམས་དཀར་བོའི་རྗེས་གནང་སྐབས་ནམ་མཁའ་ནས་སྤྲིན་མེད་པར་འབྲུག་གྲགས། མེ་ཏོག་གི་ཆར་བབས། དུང་དང་རོལ་མོ་སོགས་ཀྱི་སྒྲ་གྲགས། ཆོས་གོས་ཉི་ཟེར་ལ་འགེལ་བ་སོགས་ཀྱི་གྲུབ་རྟགས་ཀྱང་བསྟན། གོང་མ་ཟོན་ཏེ་རྒྱལ་བོ་དང་འབྲེལ་བ་ཟབ་མོ་ཆགས་པར་སེམས་སོ།། རང་གི་གཟིམ་ཁང་དང་གྲྭ་ཁང་རྣམས་ཀྱང་གསར་འབུངས་དང་རྒྱས་བསྐྲུན་མང་དུ་མཛད་པས་རེབ་གོང་སྟོད་སྨད་ནས་གྲྭ་རྒྱུན་ཀྱང་མང་དུ་འདུས་པ་སོགས་ཀྱི་སྒོ་ནས་བླ་དཔོན་ཟུང་འབྲེལ་གྱི་ཁྲི་འཕང་མཐོན་པོར་བཞུགས་ཏེ་ཆོས་སྡེ་ཆེན་པོ་འདི་ཡང་དུས་ཡུན་ཐུང་བའི་ནང་དར་ཞིང་རྒྱས་པར་མཛད་དོ།།
གསུང་རྒྱུན་ཤིག་ལ། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་བོ་བར་སྐབས་ཤིག་ལ་བྱ་ཁྱུང་དགོན་པ་ནས་རང་གི་འཁྲུངས་གཞིས་རེབ་གོང་གསེར་མོ་ལྗོངས་ལ་ཐེངས་གཅིག་ཕེབས་པའི་ཞོར་དུ། རྗེ་རྒྱལ་བ་བློ་བཟང་གྲགས་པ་སྐུ་རྗེས་སུ་ཁྲིད་ནས་ཡོང་འདུག་པར་དཔགས་ན། རོང་བོ་དཔལ་གྱི་དགོན་ཆེན་དུ་རྗེ་ཙོང་ཁ་བ་ཆེན་པོ་སྐུ་ན་གཞོན་ཡང་ཐེངས་གཅིག་ཕེབས་ནས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་གནང་ངོ་། ཆོས་སྡེ་འདི་ཉིད་དར་རྒྱས་ཤིན་ཏུ་ཆེ་བའི་སྐབས། གཙུག་ལག་ཆེ་ཆུང་ཁྱོན་བསྡོམས་པའི་སོ་བཞི། བླ་སྤྲུལ་གྱི་ནང་ཆེན་ཞེ་གསུམ། གྲྭ་ཤག་སུམ་བརྒྱ་ལྷག གྲྭ་བ་ཉིས་སྟོང་ལྷག་ཟིན་མྱོང་བའི་ལོ་རྒྱུས་ལྡན། སྤྱིར་ན་རོང་བོ་དགོན་ཆེན་ཞེས་པ་འདི་ཉིད་ཡུལ་མདོ་སྨད་ཀྱི་དགོན་པ་འདེབས་ཚོད་ཆེས་སྔ་ཞིང་ལོ་རྒྱུས་ཤིན་ཏུ་རིང་བ་ཞིག་ཡིན་པས། སྤྱི་ལོ་༡༩༩༦ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་གནད་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཁྱབ་བསྒྲགས་བྱས་ལ། མ་ཧྰ་ཙི་ན་དང་མན་ཇུའི་རྒྱལ་ཁམས་ཆེན་པོའི་སྔོན་གྱི་རྒྱལ་བོ་རྣམས་ཀྱིས་ཀྱང་སྔོན་ཆད་ནས་དགོན་པ་འདི་ལ་མཐོང་ཆེན་དང་བླ་མ་རྣམས་ལ་ལས་ཐོབ་གནང་བ་ཤིན་ཏུ་མང་བར་མ་ཟད། ནུབ་ཕྱོགས་རྣམ་པར་རྒྱལ་བའི་ཞིང་ཁམས་ཞེས་པའི་མཚན་བྱང་ཡང་གནང་ཡོད། དེ་ཡང་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་བ་ལས་ལོ་ངོ་བཞི་བརྒྱའི་སྔ་བ་དང་དགེ་ལུགས་པའི་དགོན་ཆེན་སྐུ་འབུམ་བྱམས་པ་གླིང་ལས་ལོ་ངོ་ཉིས་བརྒྱ་ལྷག་གི་སྔ་བ། ཁྱད་པར་དུ་བྱ་ཁྱུང་དགོན་པ་ལས་ཀྱང་ལོ་བཅུ་ཕྲག་འགའི་སྔ་བས། མདོ་སྨད་བསྟན་པའི་གནས་བཞིའི་རོང་བོ་དཔལ་གྱི་དགོན་ཆེན་ཞེས་གྲགས་པ་དོན་ལ་གནས་འདུག ད་ལྟ་གོང་ས་ཐམས་ཅད་མཁྱེན་པ་སྐྱབས་མགོན་བརྒྱད་པ་ཆེན་པོ་བསྟན་འཛིན་འཇིགས་མེད་སྐལ་ལྡན་མཆོག་གི་གསང་གསུམ་འཕྲིན་ལས་ཀྱི་སྒོ་ནམ་མཁའ་ལ་མཉམ་པར་བརྐྱངས་ཤིང་ཆུ་གཏེར་གྱི་རླབས་བཞིན་དུས་ལས་མི་གཡོ་བར་འཇུག་པའི་བཀའ་དྲིན་གྱིས། ཐོས་བསམ་གླིང་གཙོ་བྱས་པའི་གདན་ས་གསུམ་གྱི་བྱ་བ་ཐམས་ཅད་ཡར་རྒྱས་སུ་འགྲོ་བཞིན་མཆིས་སོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།