ངོས་དང་པོ > ཆོས་ལུགས། > ཆོས་སྡེ་ངོ་སྤྲོད། > ༄༅།། མདོ་སྨད་རྔ་ཡུལ་སྒོ་མང་དགོན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོ་མཐོང་བ་དོན་ལྡན་གྱི་མཚམས་སྦྱོར་མདོར་བསྡུ
༄༅།། མདོ་སྨད་རྔ་ཡུལ་སྒོ་མང་དགོན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོ་མཐོང་བ་དོན་ལྡན་གྱི་མཚམས་སྦྱོར་མདོར་བསྡུ
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-07-20 11:00:27
ཀློག་གྲངས།:
དེ་ཡང་སྐྱེ་དགུའི་ཕན་བདེའི་རྩ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཡུན་རིང་གནས་ཤིང༌། བསྟན་འགྲོའི་བདེ་སྐྱིད་ཡར་ཟླ་བཞིན་འཕེལ་བའི་སླད་དང༌། སྐྱེས་ཆེན་དམ་པ་ཡོངས་ཀྱི་ཞབས་པད་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ། འཛམ་གླིང་གི་ཞི་བདེ་དང༌། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐར་བའི་ས་བོན་གྲུང་བོ་ལེགས་པར་སྐྲུན་པའི་སླད་དུ། སྤྲུལ་བའི་སྐུ་ཧྭར་བ་འཇམ་དབྱངས་བློ་གྲོས་ཀྱིས་སྦྱིན་བདག་བྱས་ཤིང་གསར་བཞེངས་མཛད་པའི་བྱང་ཆུབ་མཆོད་རྟེན་ཆེན་མོ་མཐོང་བ་དོན་ལྡན་གྱི་རྒྱ་ཁྱོན་ལ་སྨི་གྲུབ་བཞི་མ་༡༠༠༠ཙམ་དང་ར་སྐོར་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༣༢༡༣ཡོད་ལ། འོག་ཤོག་ནས་ཐོག་སོ་གསུམ་པ་རྗེའི་ལྷ་ཁང་བར་དང༌། དེའི་སྟེང་ཁར་གསེར་ཟངས་ཁྱད་འཕགས་ལས་བཞེངས་ཤིང་རིན་ཆེན་དུ་མས་ཕྱུར་བུར་གཏམས་པའི་སྒོ་རྒྱན་བཅས་བུམ་པའི་ནང་དུ། རྟེན་གཙོ་འོད་དཔག་མེད་ཀྱི་ལྷ་ཁང༌། དེ་སྟེང་ཁར་ཡང་གསེར་ཟངས་ལས་གྲུབ་པའི་བྲེ་དང་ཆོས་འཁོར་རིམ་པ་བཅུ་གསུམ་དུ་བརྩེགས་པའི་རྩེ་མོར་ཟ་ར་ཙག་ཉི་ཟླའི་ཏོག་དང་བཅས་པ་སྟེ་རྩ་བ་ནས་རྩེ་མོའི་ཏོག་གི་བར་མཐོ་ཚད་ལ་སྨི་༣༤ལྷག་ཡོད། ར་སྐོར་མདུན་ངོས་ཀྱི་ཟུར་གཉིས་ལ་སྟོང་འཁོར་ཆེན་མོ་རེ་རེ་ཡོད་ཅིང་ནང་དུ་ཐར་མདོ་ཚར་ཁྲི་ཉིས་བརྒྱ་ལྷག་དང་གཟུངས་སྔགས་མང་བོ། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་སོགས་གསུང་རབ་ཆེས་མང་བོ་བཞུགས། ར་སྐོར་ནང་ལོགས་ཀྱི་དམ་ཅན་བརྩན་ཁང་དུ་སྔོན་གྱི་བརྩན་ཐང་བྱིན་ཅན་དང་དམ་ཅན་སྐུ་འབག ཆོས་སྐྱོང་འཁོར་ཚོགས་ཀྱི་ཞལ་ཐང་དང་གསུང་རབ་མང་བོ་བཞུགས། མཆོད་རྟེན་ཕྱི་རོལ་ཏུ་མཐོ་ཚད་ལ་སྨི་གཅིག་ལྷག་ཅན་གྱི་གསེར་ཟངས་ལས་གྲུབ་པའི་འཁོར་ལོ་བརྒྱ་དང་བཞི་བཅུ། བང་རིམ་སོ་སོའི་སྤེན་ཁར་རྣམ་བཅུ་དབང་ལྡན་ཆེ་ཆུང་མང་བོ། ཆོས་འཁོར། རི་དྭགས་ཕོ་མོ་བཅས་གསེར་ཟངས་ལས་གྲུབ་པ་འོད་འབར་བ་དུ་མ། འོག་ཤོད་དུ་ཕྱོགས་བཞིར་ལྷ་ཁང་ཆེན་པོ་བཞི་ཡོད་ཅིང་དེ་དག་གི་དཀྱིལ་གྱི་སྙིང་བོའམ་སྲོག་ཤིང་ཐོག་སོ་གཉིས་ཅན་གྱི་གཟུངས་གཞུག་ཏུ་ཤོག་དཔར་གྱི་རྗེ་རིན་པོ་ཆེའི་སྐུ་འདྲ་དུང་ཕྱུར་གཅིག་དང་དམིགས་བརྩེ་མ་དུང་ཕྱུར་གཅིག གཞན་ཡང༌། དགོན་སྡེ་རང་གི་དགེ་འདུན་པ་རྣམས་ཀྱིས་བཞེངས་པའི། རྗེ་ཚེ་འཛིན་མ། འཇིགས་བྱེད་ལྷ་བཅུ་གསུམ་མ། གསང་འདུས། རྟ་མགྲིན། འཇིགས་བྱེད་དཔའ་ཅིག འོད་དཔག་མེད། མི་འཁྲུགས་པ། རིག་གསུམ་མགོ་པོ། ཚེ་ལྷ་རྣམ་གསུམ། སྒྲོལ་ལྗང༌། སྒྲོན་དཀར། གདུགས་དཀར། ཀླུ་དབང་རྒྱལ་བོ། འོད་ཟེར་ཅན་མ། རྟ་མགྲིན་ཡང་གསང༌། ཞིང་བཀོད་ལྔ་ལྡན། མགོན་པོ་སོགས་ཀྱི་སྐུ་འདྲ་བཅས་ཁྱོན་སྐུ་དུང་ཕྱུར་གསུམ་ལྷག(༣༠༢༦༧༧༦༠༣)བཞུགས། འདི་ཐམས་ཅད་རྫ་ས་ལས་བཟོས་ཏེ་མེ་སོས་ཕུལ་བའི་རྫ་སྐུ་ཡིན། ཤར་གྱི་ཀུན་རིག་ལྷ་ཁང་དུ་རྟེན་གཙོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྐུ་ཐོག་སོ་གཉིས་ཅན་གྱི་ཤིང་སྐུ་ཆེན་པོ། དེའི་གཡས་གཡོན་གྱི་ཀུན་དགའ་ར་བར་ཤིང་བརྐོས་ཀྱིས་བཞེངས་པའི་ཀུན་རིག་རྩ་ལྷ་སོ་དྲུག་བཟོ་རྩལ་ཁྱད་དུ་འཕགས་པ། ཐུབ་དབང་གི་གསེར་སྐུ་མང་བོ། ལྷོ་ཕྱོགས་ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་དབུས་སུ་རྟེན་གཙོ་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཐོག་སོ་གཉིས་ཅན་གྱི་ཤིང་སྐུ་ཆེན་པོ། གཡས་སུ་བལ་ཡུལ་ནས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་གསེར་སྐུ་སྨི་གཅིག་ལྷག་ཅན་གཉིས་དང་ཐུབ་དབང་གི་གསེར་སྐུ་མང་བོ། གཡོན་དུ་ཡང་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་གསེར་སྐུ་སྨི་གཅིགལྷག་ཅན་གཉིས་བཅས་གསེར་སྐུ་ལི་མ་བལ་ཡུལ་ནས་གདན་དྲངས་པ་བཞི་དང༌། ཐུབ་དབང་གི་གསེར་སྐུ་མང་བོ་བཞུགས།
ནུབ་ཕྱོགས་འཇམ་དབྱངས་ལྷ་ཁང་གི་རྟེན་གཙོར་དབུས་སུ་རྗེ་བཙུན་འཇམ་པའི་དབྱངས་ཐོག་སོ་གཉིས་ཅན་ཤིང་བརྐོས་ཀྱིས་བཞེངས་པ་(རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་དགོན་པར་གཟིགས་ནས་བཞེངས་ཡོད་པ་འཆད་ཉན་རྒྱས་པའི་ཆེད་ཡིན་གསུངས)སྟེང་གི་ཁང་བཟང་དུ་འཇམ་མགོན་རྒྱལ་བ་གཉིས་བ་སྐུ་དངོས་ཀྱིས་རབ་གནས་མཛད་པའི་ཚོང་དཔོན་དགེ་ལེགས་མར་གྲགས་པ་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་རྟེན་སྐལ་དུ་གནང་བའི་བྱིན་རྟེན་ཁྱད་འཕགས་ཅན་དེ་ཉིད་བཞུགས། གཡས་གཡོན་གྱི་ཀུན་དགའ་ར་བར་གསུང་རབ་པོ་ཏི་སྟོང་ཕྲག་མང་བོ་བྲག་རིའི་ཚུལ་དུ་བརྩིགས། བྱང་ཕྱོགས་སྒྲོལ་མའི་ལྷ་ཁང་གི་རྟེན་གཙོར་རྗེ་བཙུན་སྒྲོལ་མ་ལྗང་མོ་ཐོག་སོ་གཉིས་ཅན་ཤིང་བརྐོས་ཀྱིས་བཞེསང་པ། གཡས་སུ་ཕུང་སེལ་མ་དང་གཡོན་དུ་ཁྲོ་གཉེར་ཅན་མ་གཉིས་ཤིང་བརྐོས་ཀྱིས་བཞེངས་པ་མི་ཚད་ཙམ་རེད། གཞན་ཡང་ཐུབ་དབང་གི་གསེར་སྐུ་མང་བོ་དང་རྒྱ་ཡུལ་ནས་གདན་དྲངས་བའི་སྒྲོལ་མ་སོགས་མཐའ་ཡས་པ་བཞུགས།
ལྷ་ཁང་བཞིའི་མཐའ་སྐོར་གྱི་ཀུན་དགའ་ར་བའི་ནང་དུ་བལ་ཡུལ་ནས་གདན་དྲངས་བའི་སྒྲོལ་མའི་གསེར་སྐུ་ཁྲུ་ཚད་མ་སྟོང་གཅིག་དང༌། དེའི་སྟེང་ངོས་སུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཚར་བརྒྱ་དང་བརྒྱད། ཚར་རེ་རེ་པོད་༡༠༣ཁྱོན་པོད་ཁྲི་༡༡༡༢༩ཐུམ་གདུང་དར་དང་བཅས་པ་བཞུགས། གཞན་ཡང་ནུབ་ཕྱོགས་ཀྱི་ཀུན་དགའ་ར་བའི་དཀྱིལ་དུ་མར་པ་ལོ་ཙཱ་པ། རྗེ་བཙུན་མི་ལ། དྭགས་པོ་ལྷ་རྗེ་གསུམ་གྱི་ལྡེམ་སྐུ་སྨི་གཅིག་ལྷག་རེ། བྱང་ཕྱོགས་སུ་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་བ་དང་པཎ་ཆེན་སྐུ་འཕྲེང་བཅུ་བ་གཉིས་ཀྱི་སྐུ་བརྙན་ཤིང་བརྐོས་ཀྱིས་བཞེངས་པ་སྨི་གཅིག་ལྷག་རེ། ཀུན་མཁྱེན་དྲུག་པ་ཆེན་མོ་རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།