ཇོ་སྐོར་དགོན་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་རགས་ཟིན།

རྩོམ་པ་པོ།:དགེ་འདུན་ཚུལ་ཁྲིམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-06-11 09:05:37 ཀློག་གྲངས།:

   ལྷར་བཅས་སྐྱེ་དགུའི་དབུས་ན་རི་དབང་བཞིན༎

     མདོ་སྔགས་ཆོས་ཚུལ་གསུང་དབྱངས་འབྲུག་སྒྲ་ཡིས༎

 སྨྲ་ངན་རི་དྭགས་སྟོང་གི་ཀླད་པ་འགེམས༎

བཅོམ་ལྡན་ཤཱ་ཀྱཱ་སེང་གེ་རྒྱལ་གྱུར་ཅིག

 

  ལྟ་སྤྱོད་གཙང་མ་སྤེལ་བའི་ཐུགས་བསྐྱེད་ལྡན༎

ཀླུ་སྒྲུབ་ཡབ་སྲས་ལྟ་བའི་གནད་ལ་རྣོ༎

       མདོ་སྔགས་ཟུང་འབྲེལ་གསེར་མདོག་ཅོད་པན་འཆང་༎

    འཇམ་མགོན་རྒྱལ་བ་གཉིས་པ་རྒྱལ་གྱུར་ཅིག།

 

ཕུན་ཚོགས་ཡོན་ཏན་ཀུན་གྱི་བྱེད་པོ་ཡིས༎

མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་བ༎

     སྙིགས་དུས་ཐུབ་བསྟན་རྒྱལ་མཚན་འཛིན་མཛད་པའི༎

   དཔལ་ལྡན་བླ་མ་མཆོག་གིས་དགེ་ལེགས་མཛོད༎

 

 དགོན་འདིའི་ལོ་རྒྱུས་ས་བོན་མདོར་བསྡུས་ཏེ༎

རང་དང་སྐལ་མཉམ་དག་ལ་སྨན་ཕྱིར་དུ༎

སྒྲོ་སྐུར་ཆུ་རྒྱུན་སྙིགས་མས་མ་གོས་པར༎

  དད་པའི་གཙང་ཆབ་དགེ་བའི་རྒྱུ་རུ་འདྲེན༎

    ཅེས་བདེ་ལེགས་མེ་ཏོག་ཕྲེང་བས་མདུན་བསུས་ཏེ་གང་གླེང་བར་བྱ་བ་ནི་ཇོ་སྐོར་དགོན་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་ཀྱི་ས་བོན་རགས་ཙམ་བཀོད་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ལ། དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་ནི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་དབོ་ཡུལ་གསེར་གཞུང་རིང་མོའི་ཉིན་གྱི་མཛོ་མོ་ལུང་ཞེས་པའི་གནས་མཆོག་དེར་ཆགས་ཡོད་ཅིང་། ཐོག་མར་ཇོ་སྐོར་སྤྱི་བའི་དབུ་མཛད་མཁར་བྱམས་སོགས་ཨ་ཁུ་འགས་གསོལ་བ་ནན་ཆེར་བཏབ་པ་ལ་བརྟེན་ནས། མོག་ཀྱཱ་མཁན་ཆེན་འཇམ་དབྱངས་བློ་བཟང་བསྟན་པ་རྒྱ་མཚོས་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་སྟེ་སྤྱི་ལོ༡༧༦༢ལོར་ཇོ་སྐོར་སྤྱི་བ་དེར་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་ཞེས་མཚན་གསོལ་བ་དང་གཞི་གསུམ་ཉམས་ལེན་གྱི་ཞལ་བཀོད་དང་བཀའ་ཆོས་མང་དུ་གནང་། དེ་ནས་བཟུང་ཇོ་སྐོར་དགོན་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་དེ་གུར་སྒར་ཚུལ་གྱིས་བྲག་དཀར་རྫ་འདབས་སོགས་དབེན་གནས་གང་མང་དུ་གནས་གཞི་ངེས་མེད་དུ་བཞུགས། དེ་དུས་གྲྭ་གྲངས་ཉི་ཤུ་ལྷག་ཡོད་ཅིང་། མ་ཎི་དུང་ཕྱུར་བཅུ་དྲུག་ལྷག་བཏོན། ཐུགས་རྗེ་ཆེན་པོའི་ཐང་ག་བྱིན་ཅན་ཞིག་ཀྱང་བཞེངས་ཡོད།

    དེ་ནས་འབའ་ཡུལ་གྱི་གད་པ་སུམ་མདོ་དང་མཐའ་དམར་ཞོལ་མ། ཆུ་བཀྲ་ཤིས།  ད་ལྟའི་འབུམ་ཁང་དགོན་ཤུལ།  དབོ་དྲིས་བཅས་ནས་གུར་སྒར་གྱི་ཚུལ་དུ་བསྡད། སྨྱུང་གནས་སྲུང་མཁན་དང་འཇིགས་བྱེད་བསྙེན་ཆེན་ལ་བཞུགས་མཁན་མང་དུ་བྱུང་། འདུ་ཁང་ཚོགས་སྦིས་གླིང་བརྒྱད་མ་གསེར་ཏོག་ཅན་ཞེས་གྲགས་ཆེ། སྐུའི་རྟེན་ལ་གདུགས་དཀར་དང་མགོན་པོ་ཕྱག་དྲུག་པ།  དགའ་ལྡན་ལྷ་བརྒྱ་མའི་ཐང་ག་སོགས་མང་པོ་བཞེངས། དབུས་ཡུལ་ནས་དཔལ་ལྡན་ལྷ་མོའི་སྐུ་བྱིན་ཅན་དང་ཐུབ་པ་རྡོར་ལྡན་མ།  རྗེ་སྐུ་དང་པཎྚི་ཏ་སྨྲི་ཏིའི་ཕྱག་ཚ།  ཐང་སྟོང་རྒྱལ་བོའི་འདྲ་སྐུ་སོགས་རྟེན་སྣ་གང་མང་སྔ་གཞུག་ཏུ་གདན་དྲངས་ཏེ་རང་དགོན་པའི་རྟེན་གྲས་སུ་ཕུལ། དེ་མིན་ཨ་ཁུ་ཚོས་མ་ཎི་ཆུ་འཁོར་དང་འབུམ་ཁང་མང་པོ་གང་སར་བཞེངས།  རབ་བྱུང་བཅུ་བཞི་བའི་ལྕགས་སྤྲེལ་ཏེ་སྤྱི་ལོ༡༨༦༠ལོར་མོག་ཀྱཱ་སྐུ་ཕྲེང་བཞི་བ་རྗེ་འཇམ་དབྱངས་བསྟན་པའི་དབང་ཕྱུག་མཆོག་དབོ་དྲིས་ལ་ཕེབས་ནས་སྔར་གྱི་གུར་སྒར་ཁང་དགོན་ལ་བསྒྱུར་རྒྱུ་དང་། དགོན་ས་བཟང་པོ་ཞིག་བཙལ་དགོས་པའི་ཐུགས་བཀོད་གནང་ཞིང་དགོན་པའི་ནང་ཁྲིམས་ལ་དག་ཐེར་ཀྱང་མཛད།  དེའི་རྗེས་ངང་རོང་དགོན་པར་བཞུགས་སྐབས་ཁོང་དགུང་ལོ་སོ་བདུན་སྟེང་ཐུན་ཞིག་གི་སྐབས་ལ། མཐུན་པ་རྣམ་བཞི་ཞིག་ཕྱག་བྲིས་གནང་ནས་ཤིང་སྡོང་འབྲི་སྐབས། འདི་ལ་ལོ་མ་སོ་བདུན་བྲིས་ན་ཆོག་གམ་ཞེས་སྐུ་བཅར་བ་རྣམས་ལ་དྲིས་པས། དེ་རྣམས་ཀྱིས་ཆོག་ཅེས་ཞུས་པས། དགུང་ལོ་སོ་བདུན་སྟེང་ཐུགས་དགོངས་གཏད་པའི་ཚུལ་མ་གོ་བར། རྗེས་སུ་ཇོ་སྐོར་དགོན་དུ་བཞུགས་སྐབས་བསྙུན་ཚུལ་ཅི་ཡང་མེད་ལ། ཐུགས་ཀྱི་དགོངས་པ་ཡོངས་སུ་གཏད་དེ་ཞི་བར་གཤེགས་པའི་སྐུ་གདུང་ཡང་ད་ལྟ་དབོ་དྲིས་སྒར་ཤུལ་དུ་བཞུགས། རབ་བྱུང་བཅོ་ལྔ་བའི་ས་ཕོ་སྟག་ལ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།