ཚ་རྔ་དགོན་དགའ་ལྡན་དར་རྒྱས་གླིང་།

རྩོམ་པ་པོ།:cbnty ཡོང་ཁུངས།:《མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས》 ལས་ཕྱུ དུས་ཚོད།:2009-11-19 10:55:35 ཀློག་གྲངས།:

  ཚ་རྔ་དགོན་དགའ་ལྡན་དར་རྒྱས་གླིང་ནི། ཀོས་ནན་རྫོང་བྱ་མདོ་ཞང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་ལྔ་ལྷག་གིས་སར་ཚ་རྔ་ནགས་རྒན་ཞེས་བྱ་བའི་དབེན་གནས་དེར་ཆགས་ཡོད་ཅིང་། གྲུབ་མཐའ་ནི་དགེ་ལུགས་པ་ཡིན། དགོན་འདི་ཕྱག་འདེགས་མེ་མཛད་མཁན་ནི། ལཱ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲུང་བདུན་པ་དགེ་འདུན་བསྟན་འཛིན་ནོར་བུ་དཔའ་བཟང་པོ་ཡིན་ལ། ཁོང་ནི་ཆུ་བཟང་རཱ་ལོ་ཐང་དུ་ཡབ་གསེར་འོད་སྐྱབས་དང་ཡུམ་ལྷ་མོ་བྱམས་གཉིས་ལ་སྲས་སྤུན་ལྔ་ཡོད་པ་ལས་ཆེ་བ་ཆུ་བཟང་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མ་དང་། ར་ཁོ་ཧུ་ཐོག་ཐུ་ངག་དབང་ཆོས་འབྱོར་བསྟན་པའི་ཉི་མ་སོགས་ཀྱི་སྤུན་ཆུང་དུ་རབ་བྱུང་བཅོ་ལྔ་བའི་ཆུ་བྱ་སྟེ་སྤྱི་ལོ་༡༨༧༢ལོར་སྐུ་བལྟམས། ཙང་ང་དཔོན་སློབ་ཡང་སྤྲུལ་གསལ་འདོན་གྱི་ཆེད་དུ་དབུས་སུ་ཕེབས་ཏེ་ཐུགས་བརྟག་ཞུས་པར་༧གོང་ས་ཐམས་ཅད་མཁྱེན་པ་དང་། འོན་རྒྱལ་སྲས། གནམ་བསྐོས་འཇམ་དབྱངས་གོང་མའི་གསེར་བུམ་སྤྲུགས་པ་སོགས་ཐམས་ཅད་ཞལ་མཐུན་པར་རྗེ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་རྨ་མགུར་དུ་གདན་སར་བཀོད། ཁྲི་ཆེན་མཆོག་སྤྲུལ་སྨད་ཕྱོགས་ནས་བྱོན་འཕྲལ་ཕྲལ་སྦྱོར་གྱི་ཀློག་བསླབ་པ་ཚེགས་མེད་དུ་མཁྱེན། དགུང་གྲངས་བདུན་པར་ཐར་ཤུལ་རིན་པོ་ཆེའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་དགེ་འདུན་བསྟན་འཛིན་ནོར་བུར་གསོལ། བཅུ་གསུམ་པར་བདེ་ཆེན་དུ་ཚོགས་བཞུགས་མཛད་དེ་བསྡུས་གྲྭ་ནས་གཞུང་ལུགས་ཀུན་ལ་ཚད་ཐུབ་ཀྱི་མཁན་གྲུབ་དུ་མ་བསྟེན་ཏེ་དཔྱིས་ཕྱིན་པར་སྦྱངས། དགུང་ལོ་ཉི་ཤུ་བ་ཆུ་འབྲུག་སྟེ་སྤྱི་ལོ་༡༨༩༢ལོར་རྗེ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་པོའི་མཁན་བཟང་པོའི་མཁན་སློབ་སྦྲགས་མ་དང་ཙང་ང་དཔོན་སློབ་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། ཉེར་གསུམ་པར་དཔའ་རིས་རབ་གསལ་གྲྭ་སྐོར་དུ་ཕེབས་ནས་རྗེ་འདི་དང་འབེལ་གཏམ་མཛད་པས་རྗེ་འདིའི་མཁྱེན་དཔྱོད་ཀྱིས་ཐམས་ཅད་མཁྱེན་དཔྱོད་ཀྱིས་ཐུགས་ཕྲོགས་ཏེ་དོན་མཐུན་གྱི་བསྔགས་བརྗོད་གནང་། སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་དང་། རྗེ་ཞྭ་དམར་པ་སོགས་དམ་པ་དུ་མ་ལས་དབང་ལུང་མན་ངག་སོགས་མཐའ་ཡས་པ་ཞུས་ཏེ་གདམས་པའི་དཀོར་མཛོད་དུ་གྱུར། འདོད་ཆུང་ཆོག་ཤེས་དང་ཞི་དུལ་ཀུན་སྤྱོད་ཀྱི་ངང་ནས་རྒྱུན་དུ་ཐུགས་དམ་ཉམས་བཞེས་ཁོ་ནར་གཞོལ་ཏེ་བཀའ་གདམས་གོང་མའི་རྣམ་ཐར་བདག་གིར་མཛད། རྗེ་འདིའི་སྐུ་རིང་ལ་མང་འབའ་བྱ་གསུམ་གྱི་རོང་སྡེ་དུ་མ་གསར་དུ་ཆགས་ཤིང་། མངའ་རིས་ས་མཚམས་ཀྱང་ཨན་བམ་སོགས་ཀྱིས་གསལ་བོར་ཕྱེས་ཏེ་རང་ཁོངས་ཀྱི་སྐྱེ་དགུ་ཀུན་ལུགས་གཉིས་ཆར་གྱིས་ལེགས་པར་བསྐྱངས།

   དགོན་འདི་ཇི་ལྟར་བཏབ་ཚུལ་ནི། ཨ་ལགས་སྨྱུང་གནས་པ་ཞེས་སྐུ་ཚེ་གང་བོར་སྨྱུང་གནས་མཛད་ཅིང་དབེན་གནས་དུ་མར་ཐུགས་དམ་ཉམས་བཞེས་ཀྱིས་རིམ་གཉིས་ཀྱི་རྟོགས་པ་ཀློང་དུ་བརྡོལ་བ་དེ་ཉིད་ཀྱིས་གནས་འདིར་མཚམས་ཁང་ལྟ་བུ་ཞིག་གི་གཞི་བཏིངས། གྲྭ་པ་བཞི་ལྔ་ཙམ་འདུས་ཤིང་དགེ་སྦྱོང་ལ་གཅིག་ཏུ་འདྲིལ། མིང་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་བཏགས། སྐབས་ཤིག་རྗེ་གསེར་ཁང་པ་དང་ཨ་རོལ་ཚང་། ཞྭ་དམར་ཚང་། སྒོ་མང་ཚང་སོགས་དམ་པ་དུ་མ་དང་རི་ཁྲོད་པ་མང་པས་གནས་འདིར་སེམས་བསྐྱེད་མཆོད་པ་བཟུང་ཞིང་ལམ་ཁྲིད་སོགས་ཆོས་བཀའ་ཡང་ཅི་རིགས་གནང་། ལྕགས་གླང་ལོ་སྟེ་སྤྱི་ལོ་༡༩༠༡ལོར་ལཱ་མོ་ཚང་གིས་ཐོ་ལེ་དགོན་གསེར་འདེབས་མཛད་སྐབས། ཨ་ལགས་སྨྱུང་གནས་གཙོས་བྱ་མདོའི་རོང་འབྲོག་ཀུན་གྱིས་གནས་འདིར་གདན་ཞུ་མཛད་དེ་ས་ཁུལ་འདིར་ཡང་ཆོས་སྡེ་ཞིག་འདེབས་དགོས་ཚུལ་ནན་གྱིས་ཞུས་པས་བདེ་མཆོག་དཀར་མོའི་གནས་ཆེན་དུ་གྲགས་པའི་ཧོ་བེའི་ཉེ་འདབས། རྨ་ཆུ་སྔོན་མོའི་འགྲམ་ངོགས་སྔར་དམཔ་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ཚ་རྔ་ནགས་རྒན་ཞེས་པའི་གནས་ཀྱི་མཚམས་ཁང་དེ་ཉིད་དགོན་པར་བསྒྱུར་ན་ལེགས་ཚུལ་གསུངས། ཆུ་སྟག་སྟེ་སྤྱི་ལོ་༡༩༠༢ལོར་སྐྱབས་རྗེ་མཆོག་གནས་འདིར་ཆིབས་བསྒྱུར། ས་འདུལ་སོགས་ཕྱག་བཞེས་ཐམས་ཅད་ལེགས་པར་བསྒྲུབས། སྔར་གྱི་མིང་བརྗེས་ཏེ་དགའ་ལྡན་དར་རྒྱས་གླིང་ཞེས་བཏགས། ཁོང་གི་རྟེན་ཁྲོད་ནས་དཔལ་མགོན་ཞལ་བཞི་བའི་ཞལ་ཐང་བྱིན་ཅན་ཡེ་ཤེས་པ་དངོས་སུ་ཞུགས་པ་དེ་ཉིད་གནང་སྟེ་གཉེར་གཏད་མཛད། བདེ་ཆེན་ནས་སྦས་པའི་རྣལ་འབྱོར་པ་ཆེན་མོ་ཙང་ང་དཔོན་སློབ་གདན་ཞུས་ཀྱིས་དགོན་འདིའི་མཁན་པོར་བསྐོས། གང་ཅིའི་ཐད་བཀོད་ཁྱབ་གནང་སྟེ་ཨ་ལགས་སྨྱུང་གནས་པ་ཚང་གིས་གནས་སྐབས་ཀྱི་ཚོགས་ཁང་ལྟ་བུར་ཁང་ལེབ་གྱན་དགུ་བ་ཅན་ཞིག་དང་། ཙང་ང་བླ་བྲང་ཉིས་ཐོག་གྱན་མིག་ལྔ་བཅུ་ལྷག་ཡོད་པ་གཉིས་བཞེངས་ཏེ་གསེར་ཚོན་དང་རྟེན་བཞེངས་ཐམས་ཅད་ལེགས་པར་གྲུབ། དགེ་འདུན་པ་ཡང་བཅུ་ཕྲག་གཉིས་གསུམ་ཙམ་འདུས་ཤིང་། སྒྲིག་ཁྲིམས་དང་ཀུན་སྤྱོད་ཀྱི་བཅའ་ཡིག་མཛད་དེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་གིས་གནས། རྒྱུན་ཚོགས་དང་སྒྲུབ་མཆོད་ཀྱི་ཆོ་ག་ཐམས་ཅད་རྭ་རྒྱ་བཞིན་མཛད། དཔོན་སློབ་རིན་པོ་ཆེས་གསང་བདེ་འཇིགས་གསུམ་དང་ལམ་ཁྲིད་སོགས་དབང་བཀའ་ཅི་རིགས་གསུངས། མེ་འབྲུག་སྟེ་སྤྱི་ལོ་༡༩༡༦ལོར་སྐྱབས་མགོན་མཆོག་ཕེབས་ནས་འདུ་ཁང་གསར་བཞེངས་གི་ཞལ་བཀོད་མཛད། ལྕགས་སྤྲེལ་ཏེ་སྤྱི་ལོ་༡༩༢༠ལོར་འདུ་ཁང་ཐོག་སོ་གཉིས་ཅན་ཀ་རིང་བཞི་ལྡན་ཞིག་སྐྱ་བཟོ་གྲུབ་པས་སྐྱབས་མགོན་མཆོག་ཕེབས་ནས་དགའ་སྟོན་མཛད་ཅིང་རྟེན་བཞེངས་པ་སོགས་ཀྱི་ཐད་ཞལ་བཀོད་གནང་ཡང


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།