གཙོས་མཐོང་གྲོལ་སྲས་མཁར་དགུ་ཐོག་ཆེན་མོའི་མཚམས་སྦྱོར་མདོར་བསྡུས།
དེ་ཡང་བྱིན་རླབས་ཀྱི་གཏེར་ཆེན་པོ་མདོ་སྨད་སྲས་མཁར་དགུ་ཐོག་ཆེན་མོའི་ལོ་རྒྱུས་རགས་བསྡུས་ཙམ་འགོད་པ་ནི། གཙོས་དགའ་ལྡན་ཆོས་གླིང་གི་སྡེ་འདིར་སྲས་མཁར་དགུ་ཐོག་ཆེན་མོ་བཞེང་རྒྱུའི་རྟེན་འབྲེལ་དུ་སྔོན་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་བཞུགས་སྐབས་ཁོང་གི་ཐུགས་དམ་གྱི་རྟེན་རྗེ་མི་ལ་རས་པའི་སྐུ་གསུང་འབྱོན་མ་ཞིག་འབེ་ཤེས་རབ་མཆོག་ལྡན་ལ་གནང་བ་དེ་ཁོང་གི་རྟེན་འབྲེལ་ཁྱད་པར་ཅན་དུ་དགོངས་ནས། དགོན་འདིར་རྟེན་དེ་གཙོ་བཞུགས་ཀྱི་སྐུ་འབུམ་ཆེན་མོ་(ལྷ་ཁང་ཆུང་བ)ཞིག་བཞེང་རྒྱུའི་སྦྱོར་བ་བརྩས་ཏེ། རྨང་གཞིའི་ས་རྐོ་སྐབས་ས་འོག་ནས་ལྷོ་བྲག་མར་བའི་སྲས་རྗེ་མི་ལ་རས་པའི་ཐང་ག་དང་དུང་དཀར་གཡས་འཁྱིལ་བཅས་རྙེད་པ་དང་འཇའ་ཚོན་ཤར་བ་སོགས་ངོ་མཚར་བའི་ལྟས་བཟང་བྱུང༌། འདི་བཞེངས་པའི་དུས་ནི་རབ་བྱུང་བཅུ་གཅིག་པའི་ས་རྟ་ལོ་ཡིན་(༡༦༧༨)ཕྱིས་སུ་ཤོ་བ་རིན་པོ་ཆེ་སྤྲུལ་སྐུ་བྲག་སྒོམ་བློ་བཟང་ཤེས་རབ་ཁོང་གི་ཐུགས་དམ་གྱི་རྟེན་ལྷོ་བྲག་མར་བའི་སྐུ་རར་བྱོན་ཀྱང་སྐུ་འབུམ་དེའི་ནང་རྟེན་དུ་བཞུགས། རབ་བྱུང་བཅུ་གསུམ་པའི་མེ་བྱ་ལོར་(༡༧༧༧)རྗེ་མི་ལའི་རྣམ་སྤྲུལ་རྗེ་བློ་བཟང་དར་རྒྱས་བླ་མ་རྗེ་བཙུན་པ་དེ་ཉིད་ཀྱིས་སྔར་གྱི་སྐུ་འབུམ་དེ་ཉིད་རྒྱ་ཆེར་བསྐྱེད་ཅིང་སྲས་མཁར་དགུ་ཐོག་ཆེན་མོ་གསར་དུ་བསྐྲུན། དེ་སྐབས་ས་འོག་ནས་རྗེ་ཙོང་ཁ་པའི་རྣམ་ཐར་བྲིས་ཐང་སོགས་རྙེད་པ་དང༌། ལྷ་ཁང་འདིའི་རྟེན་གཙོ་བོ་མི་ལ་རས་པ་དབུ་སྐྲ་རང་བྱུང་དུ་སྐྱེས་ནས་ཐུར་དུ་ལུད་པ་ཅན་སོགས་རྟེན་མང་བོ་རང་བྱོན་དུ་གྲུབ། སྔ་ཕྱིར་གཞི་འཛིན་སོགས་ཀྱི་སྐབས་མང་བོར་འཇའ་ཤར་བ་སོགས་འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་བླ་ན་མེད་པ་རབ་བྱུང་བཅུ་དྲུག་པའི་མེ་ལུག་ལོའི་(༡༩༦༧)བར་ལྷམ་མེར་བཞུགས་སོ། དེ་ནས་ལྷ་ཁང་ཆེན་མོ་འདི་ཉིད་བསྐྱར་བཞེང་གི་ལོ་རྒྱུས་ནི་སྲས་མཁར་དགུ་ཐོག་ཆེན་མོ་དེ་ཉིད་རྐྱེན་དབང་གིས་ནུབ་རྗེས་ཀུན་གྱི་སེམས་མྱ་ངན་གྱིས་མནན་ཏེ་བསྐྱར་བཞེང་གི་རེ་བ་བཟུང༌། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་གཙོ་འགན་བཞེས་འོག་སྤྱི་ལོ་༡༩༨༦ལོར་རྒྱལ་ཁབ་ཀྱིས་ལྷ་ཁང་འདིའི་ས་ཕྱིར་གནང་ནས་ལྷ་ཁང་བཞེང་རྒྱུའི་ཆོག་མཆན་བཀོད་པར་བརྟེན། རབ་བྱུང་བཅུ་བདུན་པའི་ས་འབྲུག་ལོའི་ (༡༩༨༨)ཟླ་བ་བཞི་བའི་ཚེས་བཞིའི་ཉིན་ནས་འགོ་བརྩམས་པར། ལྷ་ཁང་གི་ས་བཙལ་ནས་མ་རྙེད་པའི་ཚེ་ས་འདིར་ཡོད་པ་སྟོན་ཆེད་ལྟ་བུར་སར་རང་བཀད་དུ་སོང་བས་ཐམས་ཅད་ངོ་མཚར་བ་དང༌། གཙོས་ས་ཆའི་དད་སྟོབས་ལྡན་པའི་སྐྱེ་བོ་ཀུན་གྱིས་མ་སྐུལ་དང་ལེན་གྱི་སྒོས་ཞལ་འདེབས་ཕུལ་བ་ལས་གཞན། ད་དུང་ལྷ་ས་དང༌། མཚོ་སྔོན། སི་ཁྲོན་སོགས་བོད་ཁུལ་ཀུན་དང་རྒྱ་གར་སོགས་ཀྱི་དད་ལྡན་སྐྱེ་བོ་གང་མང་གི་ཞལ་འདེབས་འབྱོར། གཞན་ཡང་བསྐྱར་བཞེང་སྐབས་སུ་ཡུལ་མི་ཐམས་ཅད་ལས་ཀར་བརྩོན་པ་ལ་དགའ་དད་སྤྲོ་གསུམ་བྱུང་ཞིང༌། ནམ་མཁའ་ནས་འབྲུག་སྒྲ་གྲགས་པ་དང་བར་སྣང་ལ་འཇའ་ཚོན་ཤར་བ་སོགས་དགེ་མཚན་མང་དུ་བྱུང་བ་དང༌། སྔོན་གྱི་སྲས་མཁར་ཆེན་མོའི་རང་བྱོན་གྱི་རྟེན་སོགས་བཞུགས་པས་རྟེན་འབྲེལ་གཞན་དང་མི་འདྲ་བ་ལྷུན་གྱིས་འགྲིག་པའི་བྱིན་རླབས་ཀྱི་འོད་འབར་པའི་ལྷ་ཁང་འདི་༡༩༩༤བོད་ཤིང་ཁྱི་ལོའི་ཟླ་དགུ་བའི་ནང་རྟེན་དང་བརྟེན་པ་མཐའ་དག་ཡོངས་སུ་རྫོགས་ཏེ་བདེ་བླག་ ཏུ་འགྲུབ་པའི་ལྷ་ཁང་ཆེན་མོ་འདིའི་མཐོ་ཚད་སྤྱི་ཁྲི་༣༨ལྷག་ཡོད་ཅིང་མཐའི་ལྕགས་རིའི་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༤༡༨༠ཡོད། མཐའ་སྐོར་དུ་གསེར་ཟངས་ལས་གྲུབ་པའི་མ་ནིའི་འཁོར་ལོ་༡༣༠། རྣམ་བཅུ་དབང་ལྡན། གན་ཇི་ར་དང༌། ཆོས་འཁོར། རི་དྭགས་ཕོ་མོ་སོགས་ཡོད། ཚིགས་གཏིང་མར་རྗེ་བཙུན་བྱམས་པ་མགོན་པོ། ཚེ་ལྷ་རྣམ་གསུམ། རྒྱ་བོད་ཀྱི་གྲུབ་ཆེན་དང་བོད་ཀྱི་རྒྱལ་རབས་སོགས་དང༌། ཚིགས་གཉིས་པར་རྗེ་ཡབ་སྲས་གཙོར་བྱས་འཁོར་དག་པ་རྣམ་བརྒྱད་དང༌། རྒྱལ་དབང་པཎ་ཆེན། ཀུན་མཁྱེན་འཇམ་དབྱངས་བཞད་པ། ཁྲི་ཆེན་རྒྱལ་མཚན་སེང་གེ ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། ཀིརྟི་བློ་བཟང་འཕྲིན་ལས། སྐྱེས་མཆོག་དམ་པ་བསེ་ངག་དབང་བཀྲ་ཤིས་སོགས་ཀྱི་སྐུ་ཕྲེང་རིམ་བྱོན་རི་བོ་དགེ་ལྡན་པའི་བླ་མ་དང༌། ཇོ་འབྲོམ་ཡབ་སྲས། ས་སྐྱ་གོང་མ་རྣམ་ལྔ་སོགས་བཀའ་གདམས་དང༌། ས་སྐྱའི་བླ་མ་རྣམས་ཀྱི་འདྲ་སྐུ། ཚིགས་གསུམ་པར། སློབ་དཔོན་པད་མ་འབྱུང་གནས་ཡབ་ཡུམ་སྲས་གསུམ་དང༌། གུ་རུ་མཚན་བརྒྱད་སོགས་རྙིང་མ་བརྒྱུད་པའི་བླ་མ་རྣམས་ཀྱི་འདྲ་སྐུ། ཚིགས་བཞི་བར། ཀུན་རིག་མངོན་བྱང༌། རྡོར་དབྱིངས། བྱ་རྒྱུད་རིགས་གསུམ་མགོན་པོ་སོགས། རྒྱུད་སྡེ་འོག་མ་གསུམ་གྱི་ལྷ་སྐུ། ཚིགས་དྲུག་པར་བདེ་གསང་འཇིགས་གསུམ། ཀྱཻ་རྡོར་སོགས་ཡི་དམ་ལྷ་ཚིགས་ཀྱི་སྐུ་བརྙན། ཚིགས་བདུན་པར་རྒྱལ་བ་རྡོ་རྗེ་འཆང་གཙོར་བཞུགས་ཀྱི་གསང་སྔགས་རྒྱུད་སྡེ་སོ་སོའི་བརྒྱུད་པའི་བླ་མ་རྣམས་ཀྱི་འདྲ་སྐུ། ཚིགས
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com